ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

སྔོན་བྱོན་མེས་པོའི་གསར་གཏོད་ཟིན་ཐོར་འགོད། འབྱུང་འགྱུར་འབད་འཐབ་པ་ཡི་བློ་སྒོ་འབྱེད་སྤེལ་བ།

སྤེལ་དུས 2022-09-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས《བསྐྱར་དར་ཡིག་མཛོད》ཅེས་པར་འགོ་བརྗོད་དུ《བསྐྱར་དར་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས》ཞེས་པའི་གླེང་གཞི་བྲིས་གནང་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གྱིས་ལོ་རྒྱུས་ཀྱི་གཟིགས་རྒྱང་རིང་པོ་དང་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོའི་སྒོ་ནས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི《བསྐྱར་དར་ཡིག་མཛོད》ཅེས་པའི་ལོ་རྒྱུས་ཀྱི་ཡིག་ཚགས་དཔེ་ཚོགས་གལ་ཆེན་དེ་རྩོམ་སྒྲིག་བྱེད་པའི་ཐད་རྒྱས་གླེང་གཏིང་གཟབ་གནང་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་པའི་འོད་སྟོང་འཕྲོ་བའི་འཕེལ་རིམ་ལ་བརྩེ་བ་ཟབ་མོས་ཕྱིར་དྲན་གནང་བ། ང་ཚོས་ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ཉེ་རབས་ལོ་རྒྱུས། ཀྲུང་གོའི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་རྒྱུའི་ཐད་བླང་བྱ་གསར་པ་བཏོན་གནང་ཡོད་པས། ང་ཚོའི་ལོ་རྒྱུས་ཀྱི་བློ་སྤོབས་དང་རིག་གནས་ཀྱི་བློ་སྤོབས་བརྟན་དུ་འགྲོ་རྒྱུར་སྣེ་ཁྲིད་མཛད་ངེས་ཡིན་ལ། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་རླབས་ཆེན་བྱ་གཞག་ནང་འཇུག་ངེས་ཡིན་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།