ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

སྤེལ་དུས 2022-11-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།
  ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་ལྟ་ཞིབ་དང་མིའི་བློ་ཁ་གཏད་ཕྱོགས་ལ་ལྟ་ཞིབ་བྱེད་པའི་བྱ་ཐབས་ཤིག་རེད།
  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། སྤྱོད་ཚུལ་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་ཡང་ཐོན་པའི་གནད་དོན་ལ་དམ་འཛིན་དང་བཅོས་སྐྱོང་གཏིང་ཟབ་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། རྒྱུགས་འབུལ་གྱི་ལམ་བུ་གསར་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ། “གཏོར་བ”དང“འཛུགས་པ”མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་ངན་པ་མཐའ་དག་དང་འཐབ་རྩོད་བཅས་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་དང་དམ་འཛིན་མཐར་ཕྱིན་གྱི་ཆོད་སེམས་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་ལུགས་ཁ་གསལ་བཏོན་པ་རེད།
  སྤྱོད་ཚུལ་ནི་གཟུགས་བརྙན་དང་སྤྱོད་ཚུལ་ནི་སྟོབས་ཤུགས་རེད། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་རྒྱུ་དེ“འགོ་འཛུགས”ཀྱི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཏུ་བརྩིས་ཏེ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་བས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་མུ་མཐུད་ལེགས་སུ་ཕྱིན་ཡོད། ལག་ལེན་དངོས་ལས་ར་འཕྲོད་བྱུང་བར། དངོས་སྒྲུབ་བདེན་འཚོལ་གྱི་སྙིང་སྟོབས་ལ་བརྟེན་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པ་དང་། རྒྱུན་རྣམ་དང་ཕུགས་ཕན་ལ་དམ་འཛིན་ཐུབ་པར་བྱས་ཚེ་རྒྱལ་ཁ་ཆུང་ངུ་བསགས་ནས་ཆེན་པོར་འགྱུར་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཐུབ་པའི་འགན་ལེན་བྱེད་དགོས།
  སྒྲིག་ཁྲིམས་དམ་ནན་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་དམིགས་བསལ་གྱི་ལེགས་ཆ་ཡིན་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བ་བཅོས་པའི་ཐབས་ཇུས་ཤིག་རེད།
  སྒྲིག་ཁྲིམས་འཛུགས་སྐྱོང་གི་ལྟེ་བ་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། དར་ཆ་གསལ་སྟོན་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བའི་སྟོན་ཕྱོགས་འཛུགས་རྒྱུ་དེ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང “སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོར་སྲུངས་ཏེ་ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་རིགས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་བཀའ་བཞིན་མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་སོགས་ཆབ་སྲིད་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ། ཁ་ཞེ་གཉིས་མེད་དང་རྣམ་འགྱུར་བརྟན་པོ་བཅས་ཐུབ་པར་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས།
  སྤྱོད་ཚུལ་འཛུགས་སྐྱོང་ནི་དུས་ཡུན་རིང་པོའི་ལས་ཀ་དང་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། ངེས་པར་དུ་གནད་དོན་གྱི་ཕྱོགས་སྟོན་ལ་བརྟེན་ནས་སྤྱོད་ཚུལ་གྱི་དཀའ་གནད་སེལ་དགོས། འགན་འཁྲི་འཁུར་ནུས་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཡིན་མིན་ཆེན་པོའི་ལངས་ཕྱོགས་གསལ་རྟོགས་དང་། ཏང་དང་དཀའ་སྡུག་མཉམ་ཁུར། ཏང་ཆེད་འགན་འཁྲི་འཁུར་བ། ཏང་ཆེད་རང་འགན་གཙང་སྒྲུབ། ལས་དོན་སྒྲུབ་ཕོད་པ་དང་ལས་དོན་སྒྲུབ་ཐུབ་པ་བཅས་བྱེད་དགོས། ལག་ལེན་དངོས་སུ་བསྟར་བ་དང་། འགལ་ཟླ་དང་དཀའ་ངལ་ཐག་གཅོད་བྱེད་པ། སྒྲུབ་དགོས་པའི་བྱ་བ་དག་གནོན་ཤུགས་ག་ཚོད་ཡོད་ཀྱང་སྒྲུབ་དགོས་པ་དང་། འགན་འཁྲི་འཁུར་དགོས་པ་དག་ཉེན་ཁར་མི་འཛེམས་པར་ཐག་གཅོད་བྱེད་དགོས་པ། འགན་འཁྲི་འཁུར་ཕོད་པའི་ཕྱོགས་སྟོན་འཛུགས་དགོས། སྤྱོད་ཚུལ་མི་གཙང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ་དང་། “འདྲུད་པའི་ཤུལ་དང་དམ་འཛིན་མཐར་ཕྱིན་བྱེད་པའི”འདུ་ཤེས་བཙུགས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་དོན་འཁྱོལ་ལ་དམ་འཛིན་དང་། སྙིང་རུས་གཏན་འཁྱོངས་དང་བྱེད་མཁས་ལ་རྗེས་ཐོན་པར་བྱེད་དགོས། གོ་སྐབས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཏིང་ཟབ་དང་། སྤུས་ལེགས། མགྱོགས་པོ་བཅས་ཀྱི་ཐད་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ“འཕྲལ་མར་སྒྲུབ་པ་དང་སྒྲུབ་ཕྱིན་ཡག་པོ་སྒྲུབ་པའི”ལས་ཀའི་གོམས་གཤིས་ཆགས་པར་བྱས་ནས། གནད་དོན་ཞག་འགྱངས་མི་རུང་བ་དང་། གྱོད་གཞི་འཕྲལ་མར་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་ཞིག་ཆགས་པར་བྱས་ནས་བྱ་སྤྱོད་ལ་སྣང་ཆེན་དང་དམ་པ་དོན་གཉེར་གྱི་ཕྱོགས་སྟོན་ཞིག་ཆགས་པར་བྱེད་དགོས། འཐབ་རྩོད་ཀྱི་འདུ་ཤེས་ཞན་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཤིང་། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་དགོས། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་གི་གནམ་ས་གསར་པ་གཏོད་དགོས། མཐད་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་པའི་བསམ་པའི་འཁྱེར་སོ་དང་འགན་འཁྲི་འཁུར་སེམས་རྒྱུན་འཁྱོངས་བཅས་བྱས་ཏེ། རྙོག་འཛིང་ཆེ་བའི་དུས་བབ་དང་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པའི་འཐབ་རྩོད་ཀྱི་གྲ་སྒྲིག་ཐོག་མཐའ་བར་གསུམ་དུ་ཡག་པོ་བྱེད་དགོས། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུས་ནས། འགོ་ཁྲིད་ལས་བྱེད་པ་དང་ཏང་ཡོན་གྱི་འགན་འཁྲི་ཡག་པོ་ཁུར་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། ཏང་གི་དར་ཆའི་འོག་མཐུན་སྒྲིལ་དམ་ཟབ་བྱས་ནས་མཐུན་སྒྲིལ་ལས་སྒྲུབ་ཀྱི་ཕྱོགས་སྟོན་གཏོད་དགོས། བསམ་བློ་སྒྱིད་ལུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་ཤིང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་། སྐུལ་མ་གཏོང་བ་དང་གཅུན་སྡོམ་བྱེད་པ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པ་ཉུང་ཤས་ལ་ལས་ཀར་དམ་འཛིན་བྱེད་པའི་བློ་སྟོབས་མེད་པའི་སྣང་ཚུལ་ལ་དམིགས་ཏེ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལས་བྱེད་པ་ཉུང་ཤས་ལ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་མི་འདང་བའི་སྣང་ཚུལ་ལ་དམིགས་ཏེ། ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་ལས་ཀའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་བྱེད་པ་ཉུང་ཤས་ལ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་མེད་པའི་སྣང་ཚུལ་ལ་དམིགས་ཏེ། བློ་གཅིག་སེམས་གཅིག་གིས་ལས་དོན་སྒྲུབ་པའི་ཕྱོགས་སྟོན་སྔར་བས་འཛུགས་པ་དང་། ལས་བྱེད་པ་ཉུང་ཤས་ལ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་གནོན་ཤུགས་མེད་པའི་སྣང་ཚུལ་ལ་དམིགས་ཏེ། བྱ་དགའ་ཆད་གཅོད་ལམ་ལུགས་སྔར་བས་འཐུས་ཚང་འཛུགས་པ། རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་ཡོད་པ་དང་། འགྲན་རྩོད་ཡར་བརྩོན་གྱི་ཕྱོགས་སྟོན་འཛུགས་པར་སྐུལ་མ་གཏོང་དགོས།
  བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “མིག་དཔེ་དྲུག”བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཇུས་འགོད་ཏན་ཏིག་དང་། ལས་སྒྲུབ་ཏན་ཏིག དོན་འཁྱོལ་ཏན་ཏིག་བཅས་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་འཆར་གཞི་དང་བཏོན་པའི་ཐབས་ཇུས་དག་བོད་དུ་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པར་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།