གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚགས་པར་སྟེང་རྩོམ་ཡིག་སྤེལ།

སྤེལ་དུས 2018-07-20 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི«མཉམ་འབྲེལ་རྒྱལ་ཕྲན་ཚགས་པར»དང་། «རྒྱལ་དམངས་ཚགས་པར»སྟེང་ཁ་ཡིག་ལ«མཉམ་གཤིབ་མདུན་སྐྱོད་བྱས་ཏེ་མ་འོངས་པ་མཉམ་དུ་བསྐྲུན་དགོས»ཞེས་པའི་རྩོམ་ཡིག་སྤེལ།
            ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་ཡུན་རིང་གི་མཛའ་མཐུན་འབྲེལ་བ་ཡོད། ལོ་ངོ་ཉིས་སྟོང་ལྷག་གི་སྔ་རོལ་ཏུ། ང་ཚོའི་མེས་པོ་རྣམས་ཀྱིས་གནའ་བོའི་དར་གོས་ཚོང་ལམ་བརྒྱུད་དེ་ཕན་ཚུན་ལ་ཚོང་ཟོག་བརྗེ་འཚོང་དང་རྒྱུས་ལོན་འབྲེལ་འདྲིས་བྱས་ཡོད། གཅིག་སྟོང་དགུ་བརྒྱ་གྱ་བཞི་ལོར་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས། འགྲོ་འོང་མཉམ་ལས་ཀྱི་ལོ་རྒྱུས་གསར་པ་བསྐྲུན་པ་རེད། འདས་པའི་ལོ་ངོ་སོ་བཞིའི་རིང་ནི། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་སྒོས་འཕེལ་བ་དང་། དམངས་ཁྲོད་འགྲོ་འོང་ཆེས་ཆེར་རྒྱས་པའི་དུས་སྐབས་ཡིན་ལ། རྒྱལ་ཁབ་གཉི་ག་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོའི་ལོགས་གཉིས་སུ་འཕེལ་རྒྱས་ཀྱི་ངོ་མཚར་མཛད་རྗེས་བསྐྲུན་པའི་དུས་སྐབས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་པའི་དུས་སྐབས་ཡིན། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཕལ་ཆེར་འདྲ་བ་དང་། སྲིད་ཇུས་ཀྱི་དམིགས་འབེན་ཕན་ཚུན་འབྲེལ་ཡོད་ལ། མཉམ་ལས་ཀྱི་སྦྲེལ་ཐག་ཇེ་དམ་ནས་ཇེ་དམ་ཡིན་པས། འཕེལ་རྒྱས་དང་འཛུགས་སྐྲུན་ཁྲོད་དུ་ཁྱད་སྟོབས་གསབ་རེས་བྱེད་པའི་རྣམ་དག་གི་གྲོགས་པོར་གྱུར་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་གྲོགས་པོ་གལ་ཆེན་དུ་གྱུར་ཡོད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར། ཨ་པུའུ་ཀྲ་པེ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་དང་ངེད་གཉིས་བར་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་ཁྲིད་སྟོན་བྱེད་པའི་ཐད་ནས་ཚབ་མཚོན་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་རྒྱ་ཇེ་ཆེར་སོང་ཡོད་པ་དང་། ཐོན་ནུས་མཉམ་ལས་ཐད་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོས་ཡོད་ལ། མཐོ་གསར་ཁྱབ་ཁོངས་ཀྱི་མཉམ་ལས་རིམ་བཞིན་གོང་དུ་འཕེལ་བཞིན་ཡོད་པ་དང་། དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པར་མ་ཟད། མི་ཆོས་བརྗེ་རེས་ཆེས་ཆེར་འཕེལ་བཞིན་ཡོད།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ང་རང་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས་འཚམས་འདྲི་བྱེད་ཡུལ་གྱི་ཨ་རབ་རྒྱལ་ཁབ་ཐོག་མ་ཡིན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མཉམ་དུ་མཉམ་ལས་ཀྱི་དཔེ་རིས་འགོད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་བཏོན་ནས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་གོང་འཕེལ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱིས་རྒྱུད་གཅིག་ལམ་གཅིག་ལས་སྐལ་གཅིག་འདྲེས་ཐུན་མོང་ཚོགས་པ་མཉམ་བསྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་པར་རེ་སྒུག་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་རྣམ་དག་བློས་ཐུབ་ཀྱི་འཐབ་ཇུས་གྲོགས་པོ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་ཡར་སྐུལ་བྱེད་པར་དྲང་ཕྱོགས་ཀྱི་སྟོབས་འདོན་རྒྱུ་དང་། མཉམ་རྒྱལ་མཉམ་སྤྱོད་ཀྱི་མཉམ་ལས་གྲོགས་པོ་བྱས་ནས། ཕྱོགས་མང་ཉོ་འཚོང་རྐྱེན་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་དཀྱེལ་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་དུ་གཏོང་རྒྱུ། ཕན་ཚུན་སློབ་སྦྱོང་གི་འགྲོ་འོང་གྲོགས་པོ་བྱས་ནས། ཆོས་ལུགས་མི་འདྲ་བ་དང་ཤེས་རིག་མི་འདྲ་བའི་གྲོས་མོལ་སློབ་སྦྱོང་གི་ཟམ་པ་ལྟ་བུ་བྱེད་རྒྱུ། ལག་ལེན་སྔོན་སྐྱོད་ཀྱི་གསར་སྐྲུན་གྲོགས་པོ་བྱས་ནས། མཐོ་གསར་ལག་རྩལ་གྱི་ཁྱབ་ཁོངས་སྔར་ལས་མང་པོ་ནས་མཉམ་ལས་ཀྱི་ཐོད་བརྒལ་འཚོལ་རྒྱུ་བཅས་ནི་ངའི་རེ་བ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་རྒྱབ་སྐྱོར་དང་ཟབ་ཞུགས་བྱས་ན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མཉམ་རྒྱལ་གྱི་ལོ་རྒྱུས་གསར་པ་བསྐྲུན་ནས། ང་ཚོ་ཐུན་མོང་གི་འཇིག་རྟེན་དང་ཐུན་མོང་གི་མ་འོངས་པའི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པ་ཤ་སྟག་ཡིན།