དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་མཛོད་དགའ་འཁྱིལ།

ཝུའུ་ཧན། ཤུ་རེ་བྱོས།

——མཚོ་ནུབ་·ཝུའུ་ཧན། ང་ཚོ་མཉམ་དུ་ཡོད་།

སྤེལ་དུས 2020-02-09 ཡོང་ཁུངས། མཚོ་ནུབ་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ།

ཇུས་འགོད། དོན་གྲུབ་ཚེ་རིང་། 
རྩོམ་འབྲི། དོན་གྲུབ་ཚེ་རིང་། ཧི་ཁུ་ཉིན།
བརྙན་ལེན།ལྕགས་འབུམ་རྒྱལ།
སྒྲིག་སྦྱོར། ལྕགས་འབུམ་རྒྱལ། 
འགྲེལ་བཤད། བསྟན་འཛིན་ཚེ་གཡང་།

ངའི་མིང་ལ་མཚོ་ནུབ་ཟེར། 
ཁུ་ནུ་རི་བོའི་འདབས་རོལ་ན་ཡོད། 
འདི་ན་རི་མཐོ་ས་གཙང་། 
ནམ་མཁའ་གཡའ་དག་ཞིང་ནོར་ལུག་གི་ཁྱུ་ཚོགས་ཐང་མར་བརྡལ།
གནས་འདི་ནི་འབྲུ་ཆུའི་འགོ་ཁུངས་ཡིན་ལ། འབྲུ་ཆུའི་བར་རྒྱུད་ན་གནས་ཡོད་དེ་ནི་འབྲུ་ཆུའི་གྲོང་ཁྱེར་ཝུའུ་ཧན་ཡིན།
2020ལོའི་ལོ་སར་ལ་ངས་གུང་གསེང་གི་སྐབས་དང་བསྟུན་ནས་ཝུའུ་ཧན་དུ་འགྲོ་བསམ་ཡོད།
ཧོང་ཧི་མཁར་ཐོག་(黄鹤楼)ཏུ་བུད་ནས་འབྲི་ཆུའི་ཟམ་པ་དང་པོར་ལྟ་འདོད། 
གནའ་བོའི་ཧུའུ་པུའུ་སྲང་ལམ་(户部巷)ཉུལ་ནས་ཞིམ་མངར་ཕྱེ་ཐུག་རོལ་འདོད།
འོན་ཀྱང་། ཝུའུ་ཧན་ལ་ནད་གཞི་ཞིག་ཕོག་སྟེ། ཁྱིམ་མིར་ཤུགས་རྐྱེན་ཐེབས་པར་གཟབ་ནས་རང་ཉིད་ལོགས་སུ་བཀར་པས།
ང་ཚོ་གནས་སྐབས་སུ་མཇལ་མ་ཐུབ། 
ཝུའུ་ཧན་ལགས། དངངས་སྐྲག་སྐྱེས་མི་དགོས།
ང་ཚོས་ནམ་ཡང་བརྙན་འཕྲིན་དང་ཁ་པར་བརྒྱུད་ནས་ཁྱེད་མཐོང་གིན་ཡོད། 
ང་ཚོས་སྤོ་བོ་ཀྲུང་ལགས་མཐོང་བྱུང་། 
དྲག་ཆས་སྤྲས་པའི་ཨ་ཁུ་དང་ཨ་ནེ་མང་པོ་ཞིག་གིས་ཁྱེད་ཚོར་ནད་བཅོས་བྱེད་པ་མཐོང་བྱུང་།
ཝུའུ་ཧན་ལགས་མ་ངུ་། 
ནད་ཡམས་དེ་དག་ཁོ་ཚོས་མཐར་སྐྲོད་གཏོང་ངེས།
སྐབས་དེའི་དུས། ངས་དུས་ཆེན་གྱི་གྱོན་ཆས་གསར་པ་གྱོན་ནས་བཀྲ་ཤིས་པའི་ཞབས་བྲོ་ཞིག་འཁྲབ་ནས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།
ངས་ལུག་ཤ་དང་འོ་ཇ་གྲ་སྒྲིག་བྱས་ནས་སྒུག་ཡོད། 
ཨ་ཁུ་དང་ཨ་ནེར་བཀའ་དྲིན་ཆེ་ཞུ། 
ཁྱེད་ཚོ་སྔ་མོ་ནས་ཡུལ་ལ་ལོག་པར་སྨོན། 
ངས་ཉར་ཚགས་བྱས་པའི་མི་རིགས་56གི་ནང་མི་ལྷན་འཛོམས་ཀྱི་འདྲ་པར་བླངས་ནས་གཏན་དུ་ང་ཚོར་མགོན་སྐྱབས་གནང་ནས་བདེ་ཐང་ཡོང་བར་སྨོན་ལམ་འདེབས་ཀྱིན་ཡོད།
ཝུའུ་ཧན། ང་ཚོ་དང་མཉམ་དུ་ཡོད།
ཝུའུ་ཧན། ཤུ་རེ་བྱོས།