ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རང་ལྗོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཐོག་མའི་སྒོ་བྱང་བཀལ་བ།

སྤེལ་དུས 2018-11-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               ཉེ་ཆར། རང་ལྗོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཐོག་མ་དེ་ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་ཅུས་སུ་དངོས་སུ་སྒོ་བྱང་བཀལ་བ་རེད།
               ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ནི་རང་ལྗོངས་སུ་སྤྱོད་འགོ་ཚུགས་པའི་གྲོང་ཁྱེར་རིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཐོག་མ་དེ་ཡིན་པ་རེད། ལོ་གཅིག་ལྷག་ཙམ་རིང་། ལག་རྩལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད་ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་བཅའ་ཁྲིམས་བློ་འདྲི་དང་། བཅའ་ཁྲིམས་རོགས་སྐྱོར། ཁྲིམས་རྩོད་པའི་ཞབས་ཞུ། གཞུང་དཔང་ཞབས་ཞུ། མི་དམངས་འདུམ་འགྲིག ཁྲིམས་དོན་ཡིག་ཆ་ཚབ་སྒྲུབ་སོགས་ནུས་པ་མང་པོ་གཅིག་སྡུད་ཀྱི་ནག་ཆུ་གྲོང་ཁྱེར་གྱི“གཅིག་འཐུས་རྣམ་པའི”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བཙུགས་པ་རེད།
               སྒོ་བྱང་འགེལ་བའི་མཛད་སྒོར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཤའོ་ཁྲོན་ཅང་གིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་བཙུགས་པ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ལ་སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་གཏོད་ནས་ཁོང་ཚོར་གནད་སྨིན་ནུས་ལྡན་ངང་ཞབས་ཞུ་དང་དོ་དམ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ནག་ཆུ་གྲོང་ཁྱེར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ལས་གཉེར་བྱས་རྗེས་ནག་ཆུ་གྲོང་ཁྱེར་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད་ལ། ལྗོངས་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་དཔེ་སྟོན་གྱི་ནུས་པ་ཐོན་ངེས་དང་། ཁྲིམས་བཞིན་བཅོས་སྐྱོང་གི་ནུས་པ་དང་ཁྲིམས་འཛིན་སྲིད་འཛིན་གྱི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ལྷག་པར་དུ་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།