ཞིང་པ་ལས་མི་84ལ་གླ་ཆ་སྒོར་ཁྲི་109རག་པ།
སྤེལ་དུས 2019-01-04
ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར།
རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
ཉེ་ཆར། འཕྱོངས་རྒྱས་རྫོང་མི་སྤྱི་ཅུས་ཀྱི་འདུམ་འགྲིག་དང་ལྟ་སྐུལ་འོག རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་བསོད་ཁང་དེང་རབས་ཕྱོགས་བསྡུས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་པ་སངས་ཀྱིས་སྤུན་གསུམ་གྲོང་ཚོའི་ཞིང་པ་ལས་མི་84ལ་མཉམ་ལས་ཁང་རྒྱས་སྐྲུན་དང་། ཞིང་འབྲོག་ལས་མིའི་སྐྱེལ་འདྲེན་རུ་ཁག རྒྱལ་སྨན་གྱི་ཆུ་ཡུར་རྣམ་གྲངས་ཀྱི་རྡོ་སྐྱེལ་འདྲེན་སོགས་ལ་ཞུགས་པའི་གླ་ཆ་སྒོར་ཁྲི་109སྤྲད་ཅིང་། འདི་ནི་སྤུན་གསུམ་གྲོང་ཚོའི་གྲོང་མིས་གླ་ཆ་རྩིས་རྒྱག་བཞིན་པ།