དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་བཀོད་སྒྲིག་རོགས་ཁྲིད་བྱ་ཡུལ་ལ་ཞིབ་བཤེར་དང་། དྲིལ་སྒྲོག་ལ་ཤུགས་སྣོན། རིམས་འགོག་ལ་ཁེག་ཐག་བཅས་བྱས་པ།

སྤེལ་དུས 2020-04-09 ཡོང་ཁུངས། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་དང་འབྲེལ་བའི་བྱ་བའི་མཛུབ་སྟོན་ལག་ལེན་མཐར་ཕྱིན་བྱེད་ཆེད། ཁྲིམས་འཛིན་པུའུ་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གི་བཀོད་སྒྲིག་ལྟར་ཏུ། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་ནས་ཞིབ་འཇུག་དང་ལག་ལེན་ལ་ཤུགས་བསྣན་ནས། རིམས་འགོག་དུས་སྐབས་ཀྱི་བཀོད་སྒྲིག་རོགས་ཁྲིད་བྱ་བར་ཤུགས་བསྣན།
          གཅིག་ནས་ཞིབ་བཤེར་བྱ་བར་ཤུགས་བསྣན་ཏེ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ། ཡང་བསྐྱར་ཁྱོན་ཡོངས་ནས་བཙོན་གྲོལ་བསྲིང་ཐར་མི་སྣའི་སྡོད་གནས་དང་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། རེ་རེ་བཞིན་ཐོ་འགོད་གསལ་བོ་བྱས་ནས། བསམ་བློའི་འཁོར་ཕྱོགས་གསལ་བ་དང་། གཞི་རྩའི་གནས་ཚུལ་གསལ་བ། དངོས་ཡོད་བྱ་སྤྱོད་གསལ་བ། ལྟ་རྟོག་འགན་འཁྲི་གསལ་བ། འགྲོ་འདུག་ཁ་ཕྱོགས་གསལ་བ་བཅས་བྱས་པར་མ་ཟད། མི་རེར་ཡིག་ཚགས་རེ་བཟོས་ཤིང་། ཞོར་ཏུ་དེ་ཚོར་རིམས་ནད་ཀྱི་གནས་ཚུལ་དང་རིམས་འགོག་བླང་བྱ་སོགས་དྲིལ་སྒྲོག་བྱས་པར་མ་ཟད། ཁོ་ཚོར་རིམས་འགོག་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་དུ་བཅུག དེ་མཚུངས་སུ་བཀོད་སྒྲིག་རོགས་ཁྲིད་དྱ་ཡུལ་གྱི་ནང་དུ་རིམས་ནད་འགོས་པའམ་རིམས་ནད་ཆ་འདྲ་བ་འགོས་པའི་མི་ཡོད་མེད་དང་། ཧུའུ་པེ་སོགས་རིམས་ནད་ཀྱི་འབྱུང་ཁུངས་ནས་ཐོན་པའི་མི་སྣ་ཡོད་མེད། རིམས་ནད་ཅན་ལ་འབྲེལ་འདྲིས་བྱས་པའི་མི་སྣ་ཡོད་མེད་སོགས་ལ་རྒྱུས་ལོན་བྱས།
          ཞིབ་བཤེར་བྱས་པ་བརྒྱུད་རང་རྫོང་གི་བཀོད་སྒྲིག་རོགས་ཁྲིད་མི་སྣ65ནང་དུ8ཟི་ལིང་དུ་ཡོད་པ་དང་། 2སྐུ་འབུམ་དུ་ཡོད་ལ། 1རྨ་ལྷོ་རུ་ཡོད་པ་དང་། 1མཚོ་ཤར་ཏུ་ཡོད་པ། 1མཚོ་བྱང་དང་། 2གསེར་ཆེན་རྫོང་དུ་ཡོད་ལ། 1རེབ་གོང་དང་། 1རྩེ་ཁོག་ཏུ་ཡོད། 47རང་རྫོང་དུ་གཏན་སྡོད་བྱས་ཡོད། མིག་སྔའི་བར་ཏུ་ཞིང་ཆེན་ཕྱི་རུ་སོང་བ་དང་། ཕྱི་ནས་ཡོང་བའི་མི་སྣ་གཅིག་ཀྱང་མེད།
          གཉིས་ནས་སྣེ་སྟོན་ལ་ཤུགས་བསྣན་ནས་དྲིལ་སྒྲོག་རྒྱ་ཆེར་བྱས་པ། ཐེམ་ཐོར་བཀོད་པའི་རོགས་ཁྲིད་མི་སྣར་དཀྲོག་གཏམ་མི་སྒྲོག་པ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་བཟོ་བ་བཅས་ཀྱི་རེ་བ་ནན་མོ་བཏོན་ལ། རང་སྲུང་བྱེད་པའི་འདུ་ཤེས་མཐོ་རུ་བཏང་ནས། ལག་པ་བཀྲུ་བ་དང་། དུག་སེལ་བྱེད་པ། ཁ་ཐུམ་རྒྱག་པ་སོགས་ཀྱི་གོམས་གཤིས་ཆགས་པར་བྱེད་པ་དང་། སྤྱི་ཚོགས་ཀྱི་དོན་བཟང་ལ་ཞུགས་ནས་བྱས་རྗེས་འཇོག་དགོས་པར་གདམས།
          གསུམ་ནས་རོགས་ཁྲིད་བྱེད་ཐབས་ནུས་ལྡན་གྱིས་རོགས་སྒྲུབ་བྱ་བ་ལེགས་པོར་སྒྲུབ་པ། རིམས་འགོག་གི་སྐབས་སུ་རོགས་ཁྲིད་བྱ་ཡུལ་དག་ལ་གཅིག་བསྡུས་རང་བཞིན་གྱི་བྱེད་སྒོ་མི་སྤེལ་བར་ཁ་པར་གྱི་འཕྲིན་ལམ་དང་། སྡེ་བའི་ལས་བྱེད་པ། ཁྱིམ་མི་སོགས་རྩ་འཛུགས་བྱས་ནས་རོགས་ཁྲིད་བྱེད་པ་དང་། མི་རེ་རེའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ།སྐད་འཕྲིན་ཚོགས་པ་སོགས་བརྒྱུད་ནས་ཁོ་ཚོར་ཁྲིམས་ལུགས་དང་ཀུན་སྤྱོད་ཀྱི་སློབ་གསོ་ལེགས་པོར་བཏང་།
          རིམས་ཀྱི་གནས་ཚུལ་བཀའ་དང་འགོག་སྲུང་བྱེད་པ་འགན་ཡིན་པའི་འདུ་ཤེས་བཟུང་ནས། གནད་འགག་གི་སྐབས་སུ་འགན་འཁྲི་ལེགས་པོར་ཁུར་ནས་ཁྲིམས་འཛིན་བྱ་བའི་འགན་འཁྲི་རྩལ་དུ་བཏོན་སྟེ། རིམས་འགོག་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་ཆེད་དུ་སྟོབས་ཤུགས་ཕུལ།