དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

འདུམ་སྒྲིག་བྱས་ནས་དམངས་སྡུག་སེལ། བཅོས་སྐྱོང་བརྩོན་ཞིང་འཆམ་མཐུན་སྐུལ།

སྤེལ་དུས 2020-04-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་རྒྱག་ཆེད་དང་། བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད། ཟླ3པའི་ཚེས16ནས་ཚེས20བར། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཁོངས་གཏོགས་ས་ཁུལ་དག་ཏུ་འགལ་རྩོད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པའི་བྱ་བར་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་བརྟན་བརླིང་བདེ་འཇགས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་ཏེ། བསམ་བློ་བཅིངས་འགྲོལ་དང་རིག་ལམ་གསར་འབྱེད་བྱས་ནས། རྣམ་པ་གསར་བའི་འོག་གི་འདུམ་སྒྲིག་གི་བྱེད་ཐབས་འཚོལ་སྙེག་དང་འགལ་བ་འདུམ་པར་བརྩོན་པ་ཧུར་ལེན་བྱས། 
          གཟའ་འཁོར་གཅིག་གི་ནང་དུ། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་གཏན་འཇགས་ནི་འགན་འཁུར་དང་པོ་ཡིན་པའི་འདུ་ཤེས་བརྟན་བསྲུང་བྱས་ནས། འགལ་བའི་དབྱེ་ཞིབ་དང་སྔོན་འགོག་ལ་མཐོང་ཆེན། འགལ་བ་ཆུང་ས་ནས་འདུམ་པ་དང་། བདེ་སྲུང་བྱ་བ་གཙོ་གནད་དང་། གཙོ་གནད་བྱ་བ་ཐབས་མཁས། ཐབས་མཁས་ལས་ཀ་རྒྱུན་སྲོལ་དུ་གཏོང་བའི་བསམ་ཚུལ་ལྟར་ཏུ་རྫོང་ཡོངས་ནས་ཞིབ་བཤེར་ཆེན་པོ་དང་འདུམ་སྒྲིག་ཆེན་པོ་བྱས་ཏེ། གཉེན་དོན་འགལ་བ་དང་དམངས་ཁྲོད་བསྐྱི་དངུལ་གྱི་འགལ་བ། ཁྱིམ་མཚེས་གཡས་གཡོན་གྱི་འགལ་བ་སོགས་གྱོད་དོན6འདུམ་སྒྲིག་བྱས་ནས་ཡོངས་སུ་རྒྱལ་ཁ་ཐོབ།
          འདུམ་སྒྲིག་དང་སློབ་གསོ་གཅིག་ཏུ་བསྲེ་ཞིང་། འདུམ་སྒྲིག་གི་གོ་རིམ་ཁྲོད་ནས་གྱོད་དོན་རེ་རེ་ནི་སློབ་གསོ་རེ་རེ་ཡིན་པའི་ནུས་པ་རྩལ་ཏུ་བཏོན་ནས། འདུམ་སྒྲིག་པས་སེམས་ཞིབ་མོས་མཛུབ་སྟོན་དང་སློབ་གསོ་བཏང་བ་བརྒྱུད་གྱོད་གཞི་ཡོད་ཚད་འབད་མེད་དུ་བསྡུམ་ཞིང་། དོ་བདག་ཕྱོགས་གཉིས་ཀྱིས་ཡིད་སེམས་སྤྲོ་བས་ཁེངས་ནས། ལག་པ་ལག་པར་འཇུས་ཏེ་འདུམ་སྒྲིག་གི་གྲུབ་འབྲས་མངོན་པར་བསྟད། དེ་ལྟར་འདུམ་སྒྲིག་གི་བྱ་བ་ལ་སྤྱི་ཚོགས་ཀྱི་ནུས་པ་དང་ཁྲིམས་ཀྱི་ནུས་པ་ལེགས་པོ་ཐོན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།