དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཟླ4པའི་ཚེས1ཉིན་ནས་བཟུང་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་ཞིག་ལག་བསྟར་བྱས་པ།

སྤེལ་དུས 2020-04-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
          གཤམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འདི་དག་ཟླ4པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་འདུག་པས།ཚང་མས་ངེས་པར་དུ་ཤེས་དགོས། 
          གཅིག ས་འོག་ལྕགས་ལམ་ནང་དུ་ཟ་མ་བཟའ་བ་དང་ལག་ཁྱེར་ཁ་པར་གྱི་སྒྲ་ཕྱི་རུ་བཏང་ན“མིང་ཐོ་ནག་པོའི”ནང་དུ་འཇོག་པ། 
          འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས《གྲོང་ཁྱེར་གྱི་འཁོར་ལམ་འགྲུལ་སྐྱེལ་རྩ་འཛུགས་དང་ཞབས་ཞུའི་དོ་དམ་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུས་ཡོད)དཔར་འགྲེམ་བྱས་ཏེ། ད་ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། 
          《བྱེད་ཐབས》ནང་རང་གཅུན་ཅན་གྱི་བྱ་སྤྱོད7གཏན་ཁེལ་བྱས་ཡོད་ལ།དེ་དག་ནི་སོ་སོར་ལྕགས་ལམ་འབབ་ཚིགས་སམ་ཡང་ན་ས་འོག་ལྕགས་ལམ་ནང་དུ་གང་འདོད་ལྟར་ཡི་གེ་དང་རི་མོ་འབྲི་བའམ་ཡང་ན་གང་འདོད་དུ་ཤོག་དངོས་སྦྱོར་བ།སྲོག་ཆགས(ལོང་ཁྲིད་ཁྱི་དང་དམག་གམ་ཉེན་རྟོག་པའི་ཁྱི་ཕུད་པ།)ཁྲིད་དེ་ས་འོག་ལྕགས་ལམ་དུ་འདུག་པ་དང་དྲི་ཆེ་བའི་དངོས་པོ་ཁྱེར་ཏེ་ས་འོག་ལྕགས་ལམ་དུ་འདུག་པ།དངོས་པོ་ཕྱིར་འཚོང་བྱེད་མཁན་དང་སློང་མོ་བ།སྒྱུ་རྩལ་འཚོང་བ།སྐད་ཅོར་རྒྱག་མཁན།གློག་རྡུལ་ཡོ་བྱད་ཀྱི་སྒྲ་ཕྱི་རུ་གཏོང་མཁན་སོགས།དོ་མཉམ་འཁོར་ལོ་དང་གློག་འཁོར(དབང་བོ་སྐྱོན་ཅན་གྱི་རོགས་འཁོར་མི་འདུ)།ལྕགས་རྟ།ཤུད་པང་དང་འཁྱགས་ཤུད་ལྷམ་སོགས་གྱོན་ནས་ས་འོག་ལྕགས་ལམ་དུ་འདུག་པ།ས་འོག་ལྕགས་ལམ་ནང་དུ་ཟ་མ་བཟའ་བ་དང་།ལུད་པ་དང་ཐང་ཆུ།སིལ་ཏོག་གི་ཤུན་པ།ཤོག་བུ་སོགས་ཀྱི་གད་སྙིགས་གང་སར་འཕེན་པ་དང་།རྐུབ་སྟེགས་སྟེང་དུ་ཉལ་བ།འབབ་ཚིགས་དང་འཁོར་ཁང་ནང་ནས་འགྲུལ་བ་གཞན་པར་སུན་སྣང་བཟོ་བ་སོགས་རེད། 
          གཉིས།“དཔྱད་དཔང་ཆེད་སྒྲུབ་བྱང་བུ”རྫུན་བཟོ་དང་བསྒྱུར་བཟོ་བྱས་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་རྒྱུ། 
          རིག་གནས་དང་ཡུལ་སྐོར་པུའུ་ཡིས་དཔར་འགྲེམ་བྱས་པའི《ཕྱི་རྒྱལ་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་ཁང་གི་དཔྱད་དཔང་ཆེད་སྒྲུབ་བྱང་བུ་བཀོལ་སྤྱོད་དོ་དམ་གཏན་ཁེལ》(གཤམ་དུ《གཏན་ཁེལ》ཞེས་བསྡུས་ཡོད།)ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས། 
          《གཏན་ཁེལ》ནང་གསལ་པོ་བྱས་ཡོད་པ་སྟེ།དཔྱད་དཔང་ཆེད་སྒྲུབ་བྱང་བུ་ཞེས་པ་ནི་རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་དང་ས་གནས་བར་བཞག་པའི་ཕྱོགས་གཉིས་ཀྱི་ཡུལ་སྐོར་གན་རྒྱ་ལ་གོ། དེ་ནི་ཕྱི་རྒྱལ་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་ཁང་གིས་ཡུལ་སྐོར་བྱ་ཡུལ་རྒྱབ་ཁབ་ཀྱི་རྒྱལ་ཁབ་དང་ས་གནས་ཀྱི་ཀྲུང་གོ་རུ་སྡོད་པའི་གཞུང་ཚབ་ཁང་ལ་ཕྱིའི་རྒྱལ་ཁབ་ལ་ཡུལ་སྐོར་དུ་འགྲོ་བའི་ཚོགས་པར་དཔྱད་དཔང་བསྒྲུབ་རྒྱུའི་རེ་འདུན་འདོན་བདེ་བའི་ཆེད་དུ།རིག་གནས་དང་ཡུལ་སྐོར་པུའུ་ཡི་རྒྱལ་སྤྱིའི་བརྗེ་སྤེལ་དང་མཉམ་འབྲེལ་ཅུས་ཀྱིས་པར་འདེབས་བྱས་ཤིང་།ཀྲུང་གོ་རུ་སྡོད་པའི་གཞུང་ཚང་ཁང་སོ་སོར་དཔྱད་དཔང་སྒྲུབ་བཞིན་པའི་ཡུལ་སྐོར་པའི་ཐོབ་ཐང་བདེན་དཔང་བྱེད་པའི་དཔང་ཡིག་ཅིག་རེད། 
          《གཏན་ཁེལ》ལས་བསྟན་དོན།ཕྱི་རྒྱལ་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་ཁང་དང་དེ་མིན་ད་རུང་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས།དཔྱད་དཔང་ཆེད་སྒྲུབ་བྱང་བུ་རྫུན་བཟོ་དང་བསྒྱུར་བཟོ་བྱས་ན།རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད། 
          གསུམ།ཟླ4པ་ནས་བཟུང་རང་རྒྱལ་གྱི་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ནས་རང་འགུལ་ཅན་དུ་བསྒྱུར་བ། 
          ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཉེ་ཆར《རྒྱལ་ཡོངས་ཀྱི་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་དུ་བསྒྱུར་བའི་བྱེད་སྒོ་དངོས་སུ་འཁོར་སྐྱོད་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས།ཟླ4པའི་ཚེས1ཉིན་ནས་བཟུང་།ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་དུ་བསྒྱུར་བ་དེ་རྒྱལ་ཡོངས་སུ་ཚོད་ལྟ་བྱས་པ་ནས་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས་པས། རང་རྒྱལ་གྱི་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་དེ་ཁྱོན་ཡོངས་ནས་རང་འགུལ་ཅན་དུ་བསྒྱུར་བ་མངོན་འགྱུར་བྱུང་ཡོད་པ་མཚོན་ཡོད། 
          མིས་བཟོས་ལྟ་ཞིབ་ཚད་ལེན་དང་བསྡུར་ན།རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ལྟ་ཞིབ་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ལ།ལྟ་ཞིབ་བྱེད་གྲངས་ཀྱང་མིས་བཟོས་ལྟ་ཞིབ་ཚད་ལེན་ལས་ལྡབ4ནས8འཕར་ཡོད་པས།སྔར་ཡོད་ཀྱི་མིས་བཟོས་ལྟ་ཞིབ་གཞི་གྲངས་ཀྱི་མི་འདང་ས་ནུས་ལྡན་སྒོས་ཁ་སྐོང་བྱས་ཡོད།དུས་མཚུངས་སུ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་བརྒྱུད་གཏོང་བྱེད་པའི་དུས་ཚོད་སྐར་མ་ནས་སྐར་ཆ་རུ་ཇེ་མགྱོགས་སུ་སོང་བ་དང་།བརྒྱུད་གཏོང་བྱེད་གྲངས་སྐར་མ5ནས་སྐར་མ1ལ་ཇེ་མགྱོགས་སུ་སོང་བས།གཞི་གྲངས་བརྒྱུད་གཏོང་བྱེད་གྲངས་དང་ལས་ཕྱོད་སོགས་སྔར་ལས་ཚད་མཐོན་པོས་ཇེ་མང་དུ་སོང་ཡོད། །