དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཆེ་དགྲ་ལྷས་བློ་བརྟན་འགྱུར་མེད་ངང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།

སྤེལ་དུས 2020-06-23 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་རེད།  ཚོགས་འདུའི་ཐོག་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུའི་སྐོར་དང་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་མ་ཟད།  ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཚུལ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གསར་གཏོད་བྱེད་སྒོའི་ལག་བསྟར་ཇུས་གཞིའི་འཆར་ཟིན་འགོད་ཚུལ།  2021ལོ་ནས2025ལོའི་བར་གྱི་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་འཆར་འགོད་བཟོ་ཚུལ་བཅས་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་།  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་ཀྲང་ཧུང་པོ་བཅས་ཚོགས་འདུར་ཕེབས་ཡོད།
ཆེ་དགྲ་ལྷ་ནས་རིམ་ཁག་ཚན་པ་ཁག་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་ཐུབ་པ་བྱ་རྒྱུ་དེ་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ནས།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  དམངས་དོན་ཁྲིམས་གཞུང་དེ་སྲིད་འཛིན་ཇུས་འགོད་དང་སྲིད་འཛིན་དོ་དམ།  སྲིད་འཛིན་ལྟ་སྐུལ་བཅས་ཀྱི་ཚད་གཞི་གལ་ཆེན་ཞིག་ལ་བརྩིས་ནས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་ཇུས་འགོད།  ཁྲིམས་ལྟར་དབང་ཆ་སྤྱོད་པ་བཅས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ།  དམངས་དོན་ཁྲིམས་གཞུང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་རྒྱ་ཁྱབ་ངང་སྤེལ་ཏེ་ས་གནས་ཀྱི་ཁྲིམས་སྲོལ་སྒྲིག་སྲོལ་བཟོ་བཅོས་དུས་ཐོག་ཏུ་ཡག་པོ་བྱས་ཏེ་དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་ནས།  མང་ཚོགས་ཀྱི་ཁེ་ཕན་སྔར་བས་སྲུང་སྐྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཆེ་དགྲ་ལྷས་རིམ་ཁག་ཚན་པ་ཁག་ནས་བོད་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་།  ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཟབ་མོ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཆེ་དགྲ་ལྷས་ད་དུང་རིམ་ཁག་སྲིད་གཞུང་གིས་རང་འགུལ་ངང་འབྲེལ་གཏུག་དང་སྙན་ཞུ་ཕུལ་བ།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལས་འགན་ཁག་འཆར་འགོད་ཡག་པོ་བྱས་ནས་དོན་འཁྱོལ་ཡོང་བ་བྱེད་དགོས་པ།  རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལུགས་སློབ་སྦྱོང་དང་བརྩི་བཀུར།  སྲུང་སྐྱོང་བཅས་བྱེད་པའི་མིག་དཔེ་སྟོན་དགོས་པ།  ལྟ་སྐུལ་དཔྱད་ཞིབ་ལ་དམ་འཛིན་བྱས་ཏེ་དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་པ་བྱས་ནས།  བློ་བརྟན་འགྱུར་མེད་ངང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།