དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

གཏན་འབེབས་དོན་ཚན་8ལས་འགལ་བའི་གནད་དོན་6ཡོངས་བསྒྲཊ་བྱས་འདུག

སྤེལ་དུས 2020-06-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་6ཡོངས་བསྒྲགས་ཐེར་འདོན་བྱས་ཤིང་། གནད་དོན་དྲུག་པོ་དེ་དག་ནི།
           ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་རྣམ་པ་ཙམ་དུ་གྱུར་བ་དང་གཞི་རིམ་གྱི་ཁུར་པོ་ལྕི་རུ་བཏང་བའི་གནད་དོན།
           ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱི་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཁྲོད་བསྡོམས་རྩིས་གྲངས་གཞི་རྫུས་བཟོ་བྱས་པའི་གནད་དོན།
           ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཡིག་ཚགས་ཁང་གི་རིམ་བཞིའི་བརྟག་ཞིབ་པ་ཆི་ཅུན་ཅེ་ཡིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན།
           ཧྲན་ཤི་ཞིང་ཆེན་ལིན་ཧྥེན་གྲོང་ཁྱེར་ཕུའུ་རྫོང་འཕྲལ་སྒྲུབ་དོ་དམ་ཅུད་ཀྱི་དེ་སྔའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི། རིམ་བཞིའི་བརྟག་ཞིབ་པ་ཀུའོ་ལུང་ཧུའུ་སོགས་ཀྱིས་སྒྲིག་འགལ་ངང་ཤོག་ཆག་དང་འབུལ་རྟེན་བླངས་པའི་གནད་དོན།
           ཧྲན་ཏུང་ཞིང་ཆེན་ཅི་ཉིང་གྲོང་ཁྱེར་ཝུའེ་ཧྲན་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི། དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རེན་ཡན་ཤན་ཁྲུན་སོགས་ཀྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་བསྐྱོད་པ་སོགས་ཀྱི་གནད་དོན།
           ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་གི་དེ་སྔའི་ཁོར་ཡུག་སྲུང་སྐྱོང་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་སུང་ཀྲེང་ཐང་གིས་སྒྲིག་འགལ་ངང་བུའི་གཉེན་སྒྲིག་སྟོན་མོ་བཤམས་ནས་རྒྱུ་ནོར་བླངས་པའི་གནད་དོན་བཅས་ཡིན་པ་རེད།
           ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས། གོང་གསལ་གནད་དོན་6ལ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོད་ལ། སྐྱིད་འདོད་དང་བག་མེད་ཆུད་ཟོས་ཀྱི་གནད་དོན་ཡང་ཡོད་ཅིང་། ཏང་ཡོན་ལས་བྱེད་པ་འདི་དག་གིས་སྒྲིག་ཁྲིམས་ནན་པར་མ་ལྟོས་པར་ཉེས་པ་བསགས་པས་ཐག་གཅོད་ནན་པོ་བྱ་དགོས་པ་དང་། དེའི་ཁྲོད་ནས་བསླབ་བྱ་དང་ལེན་བྱ་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་དེ་དག་ཕྱི་འདོམས་ཀྱི་བསླབ་བྱར་བརྩིས་ནས། དུས་དང་རྣམ་པ་ཀུན་ཏུ་རང་སྐྱོན་རང་བརྟག་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
           ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ་སོགས་ཀྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། “ལྔ་པའི་ཚེས་ལྔའི་དུས་ཆེན་”གྱི་གུང་གསེང་རིང་མུ་མཐུད་ནས་དོགས་ཟོན་ཆེན་པོ་བྱ་དགོས་པ་དང་། སྒྲིག་འགལ་ངང་ཟ་འཐུང་དང་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ་དང་སྐྱེལ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ལ་དམ་པོར་དམིགས་ཏེ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། སྒྲིག་སྲོལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་དུས་བབ་འོག་བག་མེད་ཆུད་ཟོས་ཀྱི་གནད་དོན་བསྐྱར་ལོག་མི་རྒྱག་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།།