དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ནག་ཆུ་གྲོང་ཁྱེར་གྱིས་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2020-06-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས26ཉིན། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་གཞུང་དོན་ཁང་གིས་རྒྱལ་སྤྱིའི་དུག་འགོག་ཉིན་མོ་གོ་སྐབས་སུ་བྱས་ཏེ། ནག་ཆུ་ཡན་ལག་དམག་ཁུལ་ཁང་དང་མཉམ་དུ“བདེ་ཐང་མི་ཚེ། གནོད་མེད་དུག་མེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
          བྱེད་སྒོའི་ཁྲོད། དུག་འགོག་གཞུང་དོན་ཁང་གི་མི་དམངས་ཉེན་རྟོག་པ་དང་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་ས་གནས་ས་ཐོག་ནས་དུག་འགོག་ཤེས་བྱར་འགྲེལ་བཤད་རྒྱག་པ་དང་། དུག་འགོག་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། དུག་རྫས་མ་དཔེར་ལྟ་རུ་འཇུག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ལ་དུག་རྫས་ཀྱི་ཉེས་སྐྱོན་དྲིལ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ཐོག་དུག་འགོག་དྲིལ་བསྒྲགས་དཔྱད་གཞི་ཁྱོན་10000ལྷག་སྤྲད་པ་དང་། སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་2000ལྷག་ཟིན་ནས། མང་ཚོགས་ཀྱི་དུག་འགོག་དུག་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ། དམངས་ཡོངས་ཀྱི་དུག་རྫས་བཀག་འགོག་ནུས་པ་ཆེ་རུ་གཏོང་བའི་ཐད་ལེགས་སྐྱེས་ཕུལ་ཡོད་པ་རེད།  །