བོད་ཀྱི་དབུ་ཁྲིད་ཅིག་སྒྲིག་ཁྲིམས་ལས་འགལ་བར་......
    
    
        
    
    
སྤེལ་དུས 2020-07-29
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
        
རྩོམ་པ་པོ། 
        
        
         
         
         
         
         
    
                  བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན་གཞོན་པ་ཝང་ཡུན་ཐིང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པས།  ད་ཆ་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་ཡོད།  
          ཝང་ཡུན་ཐིང་གི་ངོ་སྤྲོད་མདོར་བསྡུས།  
          ཝང་ཡུན་ཐིང་། ཕོ། རྒྱ་རིགས། སྤྱི་ལོ་༡༩༦༥ལོའི་ཟླ་༡༡པར་སྐྱེས། ཧེ་ནན་ཤང་ཁྲེང་ནས་ཡིན། སྤྱི་ལོ་༡༩༨༧ལོའི་ཟླ་༨པར་ལས་ཀར་ཞུགས། སྤྱི་ལོ་༡༩༩༡ལོའི་ཟླ་༥པར་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གནས་ལྡན། གསོ་བ་རིག་པའི་འབུམ་རམས་པའི་ཡོན་ཚད་ལྡན། 
          ༡༩༨༧ལོའི་ཟླ་༨ནས་༡༩༩༡ལོའི་ཟླ་༩བར། ཧོ་ནན་ཞིང་ཆེན་ཤང་ཁྲེང་རྫོང་མི་དམངས་སྨན་ཁང་དང་པོའི་ནད་སྡོད་སྨན་ཁང་གི་སྨན་པ་བྱས། 
          ༡༩༩༡ལོའི་ཟླ་༩ནས་༡༩༩༣ལོའི་ཟླ་༩བར།  ཐུང་ཅིས་གསོ་རིག་ཚན་རྩལ་སློབ་ཆེན་རུས་ནད་ཕྱི་བཅོས་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མ་བྱས། 
          ༡༩༩༣ལོའི་ཟླ་༩ནས་༡༩༩༦ལོའི་ཟླ་༨བར། ཐུང་ཅིས་གསོ་རིག་ཚན་རྩལ་སློབ་ཆེན་རུས་ནད་ཕྱི་བཅོས་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་བྱས།
          ༡༩༩༦ལོའི་ཟླ་༨ནས་༡༩༩༨ལོའི་ཟླ་༤བར། ཀྲུང་འཇར་མཛའ་གྲོགས་སྨན་ཁང་རུས་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་བྱས།
          ༡༩༩༨ལོའི་ཟླ་༤ནས་༢༠༠༡ལོའི་ཟླ་༤བར། ཀྲུང་འཇར་མཛའ་གྲོགས་སྨན་ཁང་དོད་དྲག་ཁོའོ་ཀྲུའུ་རིན་གཞོན་པ་བྱས། 
          ༢༠༠༡ལོའི་ཟླ་༤ནས་༢༠༠༦ལོའི་ཟླ་༡༡བར། ཀྲུང་འཇར་མཛའ་གྲོགས་སྨན་ཁང་ཚན་སློབ་པུའུ་ཡི་ཀྲུའུ་རིན་བྱས། 
          ༢༠༠༦ལོའི་ཟླ་༡༡ནས་༢༠༡༦ལོའི་ཟླ་༤བར། ཀྲུང་འཇར་མཛའ་གྲོགས་སྨན་ཁང་ཏང་ཨུད་རྒྱུན་ཨུ་དང་། ཡོན་ཀྲང་གཞོན་པ་བྱས། 
          ༢༠༡༦ལོའི་ཟླ་༤ནས་༢༠༡༦ཟླ་༨བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན་བྱས། 
          ༢༠༡༦ལོའི་ཟླ་༨ནས་༢༠༡༦ཟླ་༡༠བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི། ཡོན་ཀྲང་ལས་ཚབ་བྱས། 
          ༢༠༡༦ལོའི་ཟླ་༡༠ནས་༢༠༡༧ལོའི་ཟླ་༤བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས།  
          ༢༠༡༧ལོའི་ཟླ་༤ནས་༢༠༡༨ལོའི་ཟླ་༡༡བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ཡོན་བྱས།
          ༢༠༡༨ལོའི་ཟླ་༡༡ནས་ད་བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་། ཀྲུའུ་རིན་གཞོན་པ།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ཡོན་བྱས།