དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ལྷ་སར་12315ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་ས་ཚིགས་108འདུག

སྤེལ་དུས 2020-08-25 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ད་ཆ་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་། ཞིང་ཞོར་ཁྲོམ་ར། སྡེབ་ཚོང་ཁྲོམ་ར་བཅས་སུ་སྐྱོད་སྐབས་ཚོང་ཁང་གི་སྒོ་རྩར་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་བསྒྲགས་བྱང་བུ་མཐོང་རྒྱུ་ཡོད། 
          ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཤིག་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་བསྒྲགས་བྱང་བུ་བཀལ་ཡོད་མེད་ལྟ་བཞིན་པ།
          གསར་འགོད་པས་ཤེས་རྟོགས་བྱས་པར། ད་ཆ་ལྷ་ས་གྲོང་ཁྱེར་དུ་12315ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་ས་ཚིགས་108དང་འདུམ་འགྲིག་པ་120ཡོད་ཅིང་། རྒྱ་ཆེའི་འཛད་སྤྱོད་པར་འཛད་སྤྱོད་ཀྱི་རྩོད་གཞི་ཐོན་སྐབས་དུས་ཐོག་ཏུ་འདུམ་འགྲིག་ཐག་གཅོད་བྱས་ཏེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཀྱི་ཡོད།
          “12315ཡི་ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་ས་ཚིགས་བཙུགས་ནས་འཛད་སྤྱོད་པར་སྟབས་བདེ་བསྐྲུན་ཡོད། འཛད་སྤྱོད་པས་ཚོང་ཟོག་གི་རིན་གོང་དང་སྤུས་ཚད་སོགས་ལ་དོགས་གཞི་ཡོད་ཚེ་ང་ཚོ་བཙལ་ན་འགྲིག ང་ཚོར་བོད་སྐད་དང་རྒྱ་སྐད་ཤེས་མཁན་གྱི་འདུམ་འགྲིག་པ་ཡོད་པས། དུས་ཐོག་ཏུ་འཛད་སྤྱོད་པའི་རེ་ཞུ་ཐག་གཅོད་བྱེད་ཀྱི་ཡོད། གལ་ཏེ་ཐག་གཅོད་མ་ཐུབ་ཚེ་འཛད་སྤྱོད་པས་12315ལ་ཁ་པར་བརྒྱབ་ནས་ཐེར་འདོན་རེ་ཞུ་བྱས་ཆོག”ཅེས་ལྷ་ས་ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་གི་ཏན་ཀྲང་ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་པ་ཁྲེན་ཞའོ་ལིན་གྱིས་གསར་འགོད་པར་བརྗོད་བྱུང་།
          ལྷ་ས་གྲོང་ཁུལ་གྱི་གཞི་ཁྱོན་ཆེ་བའི་སྡེབ་ཚོང་ཁྲོམ་ར་སེ་ར་ཕྱོགས་བསྡུས་ཚོང་དོན་གྲོང་དུ་ཉིན་ལྟར་ཚོང་ཟོག་འབོར་ཆེན་ཕྱིར་གཏོང་དང་ཚོང་རའི་ལས་དོན་མི་སྣས་ཚོང་དུད་ཁག་ལ་དོ་དམ་ནན་པོ་བྱེད་པ་ཕུད། ད་དུང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་བུ་གཏོད་པ་དང་འབྲེལ་འཛད་སྤྱོད་པར་རྩོད་གཞི་གང་ཞིག་འཕྲད་ཕྱིན། 12315འབྲེལ་གཏུག་ས་ཚིགས་བཙལ་ན་ཐག་གཅོད་བྱེད་ཀྱི་ཡོད། ཚོང་རའི་ལས་དོན་མི་སྣས་ཁྲོམ་རའི་འཛུལ་སྒོར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཡོངས་བསྒྲགས་བྱང་བུ་བཀལ་ཡོད་ཅེས་བརྗོད་བྱུང་། གཞན་ཡང་འཛད་སྤྱོད་པར་དེ་བས་ལེགས་པའི་ཞབས་འདེགས་ཞུ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དུས་བཀག་ལྟར་འབྲེལ་ཡོད་ལས་སྒོ་གསོ་སྦྱོང་བྱས་ཏེ་འདུམ་འགྲིག་པ་དང་འབྲེལ་གཏུག་པའི་ལས་ཀའི་བྱང་ཚད་མཐོ་རུ་གཏོང་གི་ཡོད་པ་རེད།
          12315འབྲེལ་གཏུག་ས་ཚིགས་བཙུགས་པ་ལས་འཛད་སྤྱོད་པར་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་མང་དུ་ཕྱིན་པ་མ་ཟད། ཁྲོམ་རའི་བྱེད་པོས་རང་ཉིད་ཀྱི་འོས་འགན་སྒྲུབ་པར་ལྟ་སྐུལ་ཐུབ་པ་དང་ཡིད་རྟོན་གཉེར་སྐྱོང་ལ་ལྟ་སྐུལ་གྱི་ནུས་པ་ཐོན་ཡོད།