དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཧྲང་ཧའེ་ཡིས་ཁྲིམས་འགལ་ཆུང་ངུར་ཉེས་ཆད་མི་གཏོང་བའི་གསལ་ཐོ་བཏང་བ།

ཉེས་ཆད་མི་གཏོང་བའི་དོན་གནད་རིགས་23མང་དུ་བཏང་བ།

སྤེལ་དུས 2020-08-27 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས་25ཉིན་གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་དུས་ཧྲང་ཧའེ་གྲོང་ཁྱེར་གྱི《དམངས་དོན་འགོག་སྲུང་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་ཆུང་ངུའི་བྱེད་སྤྱོད་ལ་ཉེས་ཆད་མི་གཏོང་བའི་གསལ་ཐོ》དང《གྲོང་ཁྱེར་དོ་དམ་གྱི་ཁྲིམས་འགལ་སྒྲིག་འགལ་ཆུང་ངུའི་བྱེད་སྤྱོད་ལ་ཉེས་ཆད་མི་གཏོང་བའི་གསལ་ཐོ》བཏོན་པའི་ནང་སྲིད་འཛིན་གྱི་ཉེས་ཆད་མི་གཏོང་བའི་དོན་གནད་རིགས་23མང་དུ་བཏང་ཡོད། མིག་སྔའི་བར་ཧྲང་ཧའེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ཏེ་ཉེས་ཆད་མི་གཏོང་བའི་གསལ་ཐོ་5སྔ་རྗེས་སུ་བཏོན་པར་ཁྲོམ་རའི་ལྟ་འདོམས་དང་། མེ་ཟོན། རིག་གནས་ཁྲོམ་ར། སྣོད་བཅུད་ཁོར་ཡུག དམངས་དོན་འགོག་སྲུང་། གྲོང་ཁྱེར་དོ་དམ་སོགས་ཀྱི་ཁྱབ་ཁོངས་མང་པོར་འབྲེལ་བ་ཡོད་ཅིང་། ཁྲིམས་བཞིན་ཉེས་ཆད་མི་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་ཆུང་ངུའི་བྱེད་སྤྱོད་ཁྱོན་84གཏན་འཁེལ་བྱས་པ་རེད།
          ཧྲང་ཧའེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》ནང་གི“སྲིད་འཛིན་གྱི་ཉེས་ཆད་མི་གཏོང་བའི”ཡོངས་སྤྱོད་གཏན་འབེབས་དང་དེ་བཞིན་འབྲེལ་ཡོད་ཀྱི་གཅིག་སྤྱོད་ཁྲིམས་སྲོལ་ལ་གསེད་བཀྲོལ་བྱས་པ་དང་། ཁྲིམས་འགལ་བྱེད་སྤྱོད་ལ་སྔར་བས་དབྱེ་འབྱེད་ཞིབ་ཚགས་བྱས་ནས《ཉེས་ཆད་མི་གཏོང་བའི་གསལ་ཐོ》གྲུབ་པ་དང་། ཉེས་ཆད་མི་གཏོང་བའི་དོན་གནད་ཞིབ་ཅིང་གསལ་བ་ལས་ཁྲིམས་འཛིན་མི་སྣར་སྣེ་ཁྲིད་གསལ་པོ་བྱས་ཏེ་ཁྲིམས་འཛིན་གྱི་ལས་ཕྱོད་མཐོ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་ཁེ་ལས་ལ“དྲོ་སྐྱིད་ལྡན་པའི་ཁྲིམས་འཛིན”དངོས་འབྲེལ་ཚོར་ཐུབ་པར་བྱས་ཡོད།
          2019ལོའི་ཟླ་3པར་ཉེས་ཆད་མི་གཏོང་བའི་གསལ་ཐོ་དང་པོ་ལག་བསྟར་བྱས་ཚུན། 2020ལོའི་ཟླ་8ཚེས་18ཉིན་བར་ཧྲང་ཧའེ་གྲོང་ཁྱེར་གྱིས་ཉེས་ཆད་མི་གཏོང་བའི་གསལ་ཐོ་ལེགས་པར་སྤྱད་ནས་ཉེས་ཆད་མི་གཏོང་བའི་ཐག་གཅོད་ཁག་1461བྱས་པར་ཁེ་ལས་1400ལྷག་ལ་ཕན་ཐོགས་པའི་ནང་ཕྲན་ཚེགས་ཁེ་ལས་འབོར་ཆེན་ཚུད་པ་དང་ཁྲོམ་རར་བཏོན་པའི་ཀུང་སིའང་ཡོད་པ་རེད།