དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་མགོ་ཁུངས་སུ་ཁྲིམས་འགལ་ལྗོངས་རྒྱུ་གཏན་འགོག་བྱས།

སྤེལ་དུས 2020-08-28 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཚེས25ཉིན། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་གཏོང་སྲིད་པའི་ཁྲིམས་འགལ་ལྗོངས་རྒྱུ་སོགས་ཀྱི་བྱེད་སྒོར་དམིགས་ནས། རྫ་ཆུའི་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ཏེ། ལས་ཁུངས་སམ་མི་སྒེར་ཡོད་ཚད་གང་འདོད་དུ་གླིང་ཁུལ་དུ་འགྲོ་བར་བཀག་འགོག་བྱས། དཔེར་ན། ཁྲིམས་འགལ་ལྗོངས་རྒྱུ་སོགས་ཀྱི་བྱེད་སྒོས་མཇུག་འབྲས་ཚབས་ཆེན་བཟོས་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་རེད། 
          རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དང་མདོ་དབུས་མཐོ་སྒང་གི་དབུས་ཁུལ་དུ་གནས་པ་དང་། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཐོག་མ་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྣམ་པ་ནི“གླིང་གཅིག་ཁུལ་གསུམ”ཅན་གྱི་རྣམ་པར་གྲུབ་ཡོད། “གླིང་གཅིག”ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ཡིན་ཞིང་། “ཁུལ་གསུམ”ནི་འབྲི་ཆུའི་མགོ་ཁུངས(ཨ་ཆེན་གངས་རྒྱབ)དང་། རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་གླིང་ཁུལ་གསུམ་ཡིན། 
          རྫ་ཆུའི་མགོ་ཁུངས་གླིང་ཁུལ་ནི་རྫ་ཆུའི་འབྱུང་ཡུལ་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ལག་མང་པོའི་མགོ་ཁུངས་ཀྱང་ཡིན་པས། རང་བྱུང་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཚན་རིག་ཞིབ་འཇུག་སོགས་ཐད་ནས་གཞན་གྱིས་བསྒྲུན་དུ་མེད་པའི་ཚན་རིག་ཞིབ་འཇུག་དང་སྣོད་བཅུད་རིན་ཐང་ལྡན་ཡོད། རྫ་ཆུའི་མགོ་ཁུངས་གླིང་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མགོ་རྫོང་མུ་ཁྲ་དང་རྣམ་སྲས་སྲུང་སྐྱོང་ཡན་ལག་ཁུལ་གཉིས་ཡུག་གཅིག་ཏུ་སྦྲེལ་ཡོད། གླིང་ཁུལ་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྲོག་ཆགས་རིགས་གསའ་དང་གཟིག་སོགས་འདུས་ཚད་མང་བའི་ས་ཁུལ་ཞིག་ཡིན། 
          སྤྱི་བསྒྲགས་ཀྱི་གཏན་འབེབས་ལྟར་ན། སྒྲིག་འགལ་ལས་ཁུངས་སམ་མི་སྒེར་ཞིབ་བཤེར་ཐག་གཅོད་བྱུང་རྗེས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》དང《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པ་དང་། ཁྲིམས་འགལ་ལྗོངས་རྒྱུ་སོགས་བྱེད་སྒོས་སྲུང་སྐྱོབ་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་། སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་ལས་ཁུངས་སམ་མི་སྒེར་ལ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱེད་དུ་འཇུག་པ་དང་། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ། ཁྲིམས་འགལ་བྱེད་སྒོས་མི་ཤི་རྨས་སོགས་ཀྱི་དོན་རྐྱེན་བཟོས་ཚེ། འགན་འཁྲི་ཡོད་ཚད་ཁྲིམས་འགལ་ལྗོངས་རྒྱུ་སོགས་ཀྱི་བྱེད་སྒོ་སྤེལ་བའི་ལས་ཁུངས་སམ་མི་སྒེར་གྱིས་འགན་ཁུར་དགོས་ཞེས་འཁོད་ཡོད། །