མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་ནས་ཉ་འཛིན་བཟུང་བཀག་སྡོམ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ལ་ཕན་འབྲས་རགས་ཙམ་ཐོབ།
སྤེལ་དུས 2020-10-09
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ནས་བཟུང་རང་རེའི་ཞིང་ཆེན་གྱིས་འབྲི་ཆུའི་འབབ་རྒྱུད་དུ་ཉ་འཛིན་བཟུང་བཀག་སྡོམ་བཀག་སྡོམ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། ཉ་འཛིན་བཟུང་བཀག་སྡོམ་མཐའ་གཅིག་ཏུ་བྱེད་པ་དང་ཉའི་སྐྱེ་འཕེལ་སླར་གསོ། ཉ་ཚེ་ཐར་ཚད་ལྡན་ཅན་དུ་གཏོང་བ། དྲིལ་བསྒྲགས་སློབ་གསོ། ལྟ་ཞིབ་ཚད་ལེན་དོ་དམ། མཉམ་འགོག་མཉམ་འདོམས་ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་པར་མ་ཟད། འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱ་ཁྱབ་ཏུ་དྲིལ་བསྒྲགས། ཁྲིམས་བསྟར་ནན་མོ། རྨང་གཞིར་མཐོང་ཆེན། ཚེ་ཐར་ཚོད་འཛིན་སོགས་ཕྱོགས་ལྔ་གཞི་གཅིག་གི་བྱེད་ཐབས་སྤྱད་པ་བརྒྱུད་དེ། འབྲི་ཆུའི་འབབ་རྒྱུད་ཀྱི་ཉ་འཛིན་བཟུང་བཀག་སྡོམ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བས་ཕན་འབྲས་རགས་ཙམ་ཐོབ་ཡོད།