དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་ལས་དོན་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།

སྤེལ་དུས 2020-10-28 ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཟླ10པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་ལས་དོན་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས། ཚོགས་འདུས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ལས་དོན་ཐད་དུ་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པའམ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཐའོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 
           ཚོགས་འདུས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཙུགས་ཏེ་འཐུས་ཚང་དུ་གཏོང་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་སྒྱུར་བཅོས་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། “ཆེས་ནན་པའི་ལམ་ལུགས་དང་ཆེས་བཙན་པའི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི”ཞིབ་ཕྲའི་ལག་ལེན་ཡང་ཡིན། སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་གྱོད་དཔེ་དག་ནན་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་གནས་སྲིད་གཞུང་གི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ཉམས་གསོའི་བརྒྱུད་རིམ་དང་མཇུག་འབྲས་ལ་ལྟ་སྐུལ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། 
           ཚོགས་འདུས་ནན་གྱིས་བསྟན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་ནན་འཛིན་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་སོོ་སོས་གཙོ་གཞིའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་རང་འགུལ་ངང་ཞིབ་འཇུག་བྱས་ནས་བཅོས་སྒྱུར་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། །