དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

གཞུང་གི་ལས་བྱེད་པ་ཡིན་ཁུལ་གྱིས་ཁ་བསླུས་རྒྱག་རྩིས་བྱས་པས…

སྤེལ་དུས 2020-11-03 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉེ་ཆར། འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་འཕྱོངས་རྒྱས་གྲོང་རྡལ་མངགས་གཏོང་ཁང་གིས་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་ལས་དོན་མི་སྣར་རྫུས་པའི་གློག་འཕྲིན་ཁ་བསླུས་གྱོད་གཞི་ཞིག་ལ་མགྱོགས་མྱུར་ཁ་གཏད་བཅག་ནས་དུས་ཐོག་ཏུ་བཀག་འགོག་བྱས་ཏེ། མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་རྒྱུ་སྔོན་འགོག་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་21ཉིན་གྱི་ཉིན་དགུང་གི་ཆུ་ཚོད་13དང་སྐར་མ་58ཐོག་འཕྱོངས་རྒྱས་གྲོང་རྡལ་མངགས་གཏོང་ཁང་ལ་འཕྱོངས་རྒྱས་གྲོང་རྡལ་དོན་མཁར་སྡེ་ཁུལ་གྱི་ཀྲི་པུའི་ཧྲུའུ་ཅི་དང་པོ་ཧོང་ཆེ་གེ་མོས“དོན་མཁར་སྡེ་ཁུལ་གྱི་གྲོང་མི་ནོར་ཆེ་གེ་མོར་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཝང་ཆེ་གེ་མོ་ཡིན་ཞེས་པའི་ཁ་པར་ཞིག་འབྱོར་ནས། ནོར་ཆེ་གེ་མོར་ཁྲིམས་འགལ་གྱིས་བྱིས་པ་བསླུ་འཚོང་དང་མིང་འོག་གི་རྩིས་ཐོར་ཁྲིམས་འགལ་ངང་བཙོག་དངུལ་གཙང་སྒྱུར་གྱི་ཉེས་གསོག་དོགས་པ་ཡོད་པ་བརྗོད་དེ། ནོར་ཆེ་གེ་མོར་དངུལ་བྱང་ཨང་གྲངས་མཁོ་འདོན་བྱེད་དགོས་ཚུལ་བརྗོད་པ་དང་འབྲེལ། དངུལ་བྱང་ནང་གི་དངུལ་ཚང་མ་དམིགས་བཙུགས་ཀྱི་ཐོ་ཁོངས་ནང་བསྒྱུར་དགོས་ལུགས་བརྗོད་པའི་ཉེས་དོན་སྙན་སེང་འབྱོར་རྗེས། འཕྱོངས་རྒྱས་གྲོང་རྡལ་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་འཕྲལ་མར་སྒྲིག་འཛུགས་བྱས་ཏེ། དུས་ཐོག་ཏུ་ནོར་ཆེ་གེ་མོ་བཀག་འགོག་བྱས་པ་དང་འབྲེལ་བརྟག་དཔྱད་ཀྱང་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཝང་ཆེ་གེ་མོས་གཞན་གྱི་ཐོབ་ཐང་ཆ་འཕྲིན་བརྐུས་པ་མ་ཟད། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང”དང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ” ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་སྒྲིག་གཞིའི་ལས་དོན་པར་རྫུས་ཏེ་ཡིག་ཆ་རྫུན་མ་དང་དེ་བཞིན་ལས་ཀའི་ལག་ཁྱེར་རྫུན་མ་བཟོས་ནས་དྲ་རྒྱའི་QQལས་སྟེགས་བརྒྱུད་ནོར་ཆེ་གེ་མོར་བསྐུར་བ་རེད།
          དེ་རྗེས། འཕྱོངས་རྒྱས་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ནོར་ཆེ་གེ་མོར་དྲ་རྒྱ་དང་གློག་འཕྲིན་ཁ་བསླུས་སྔོན་འགོག་གི་ཤེས་བྱ་གསལ་འགྲེལ་བྱས་པའི་ཁར། ནོར་ཆེ་གེ་མོས་སྐད་འཕྲིན་དང་གཏོང་སྤྲོད་འབོ་ལ་སྦྲེལ་མཐུད་བྱས་ཡོད་པའི་དངུལ་བྱང་མེད་པར་བཟོ་དགོས་ལུགས་བཤད་དེ། དུས་ཐོག་ཏུ་ནོར་ཆེ་གེ་མོར་དཔལ་འབྱོར་གྱི་གྱོང་གུན་ཕོག་རྒྱུ་བཀག་འགོག་བྱས་པ་རེད།
          སྡེ་ཁུལ་གཞན་གྱི་གྲོང་མིར་མགོ་སྐོར་ཐེབས་རྒྱུ་བཀག་འགོག་བྱ་ཆེད། མངགས་གཏོང་ཁང་དེས་འཕྲལ་མར་ཁོངས་གཏོགས་ཀྱི་སྡེ་ཁུལ་5ལ་གོང་གི་མི་དེའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཤེས་བྱ་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད།