དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

འཛུགས་སྐྲུན་གན་རྒྱའི་རྩོད་གཞི་ལ།། མཉམ་འདུམ་བྱས་འགལ་བ་སེལ།།

སྤེལ་དུས 2021-01-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གིས་རྩོད་གཞི་ཆེན་ཞིག་འདུམ་འགྲིག་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བརྟན་འཇགས་དང་མི་དམངས་ཀྱི་བདེ་སེམས་དང་ཐོབ་སེམས་མཐོ་རུ་བཏང་བས། མང་ཚོགས་ཀྱི་དགའ་མགུ་དང་བསྟོད་བསྔགས་ཆེན་པོ་འཐོབ། 
           དུས་ལྟར་བྱ་བ་ལྷུར་ལེན་གྱིས། ། གྱོད་གཞིའི་མགོ་ཁུངས་དཔྱད་པས་བཙལ། །   
           རྒྱུས་ལོན་བྱུང་བ་ལྟར་ན།  2020ལོའི་ཟླ9བའི་ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད11ཡས་མས་སུ་ཀོས་ནན་རྫོང་ཆུ་མགོ་གཞུང་སྡེ་བའི་སྡེ་མི་གཅོད་ཆེ་གེ་མོ་ཐུན་ཏེ་རྫོང་གི་འབའ་ཆུ་ཁའི་དེའུ་རྒན་ཟམ་པར་སྐྱེན་ལམ་དུ་ཤོར་ཞིང་། དེ་རྗེས་ཁོའི་ཁྱིམ་མི་དག་གིས་འདས་པོས་སྔོན་ཐུན་ཏེ་རྫོང་དུ་འཛུགས་སྐྲུན་འགན་ལེན་བྱས་ཡོད་པའི་བཟོ་སྐྲུན་སྐོར་ཞིག་གི་མ་དངུལ་རྩིས་སྤྲོད་བྱེད་རྒྱུའི་རེ་བ་བཏོན།  དེ་མུར་ཐུན་ཏེ་རྫོང་གི་སྤྱི་ཚོགས་གཏན་འཇགས་དང་ཀོས་ནན་རྫོང་གི་སྡོད་ཁུལ་དང་སྡེ་བ་གཉིས་ཀྱི་རབས་བརྗེའི་འདེམས་བསྐོ་སོགས་ལ་ཤུགས་རྐྱེན་ཆེ་བར་མ་ཟད། སྨྱན་གསར་བརྒྱུད་ནས་དོན་རྐྱེན་གྱི་རྒྱ་ཆེ་རུ་གཏོང་ཉེན་ཡོད་པ་དང་གླེང་ཕྱོགས་བཟོ་བ། གོང་གཏུག་དང་ངོ་བཅར་རྩོད་རྙོག་སློང་བ། ཉེས་དོན་གྱི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཡོད་པ་བཅས་ཀྱི་འཛུགས་སྐྲུན་གན་རྒྱའི་རྩོད་གཞི་ཆེན་པོ་དེ་དུས་ཐོག་ཏུ་འདུམ་ཆེད། 2020ལོའི་ཟླ10བའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གིས་རྩོད་གཞི་དེ་འདུམ་སྒྲིག་བྱེད་པའི་མགོ་ཁྲིད་ཚན་ཆུང་བཙུགས་ནས་གོམ་གང་མདུན་སྤོས་ཀྱིས་རྩད་ཞིབ་དང་ཁྲིམས་ལྟར་འདུམ་སྒྲིག་ཐག་གཅོད་བྱས།  


           རྩོད་གཞི་ཀུན་ནས་འདུམ་པ་ཡིས། ། བདེ་འཇགས་ཉེན་ཁ་རྩ་ནས་སེལ། །   
           2020ལོའི་ཟླ12པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40སྟེང་། རྫོང་ཨུའི་ཧྲུའུ་ཅུ་གཞོན་པ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ། འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་དོན་གྲུབ་རྒྱལ་གྱིས་སྣེ་ཁྲིད་ནས་ཆེད་དོན་ཚོགས་འདུ་བསྡུས་པ་དང་། གྱོད་གཞིས་བསྐྱེད་ངེས་པའི་ཉེན་ཁ་དང་འདུམ་སྒྲིག་ཇི་ལྟར་བྱེད་པའི་ཐད་ནས་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ། དོན་དངོས་གཞིར་བཟུང་ནས། ཕྱོགས་གཉིས་ཀྱི་བསམ་ཚུལ་ལ་ལེགས་པར་མཉན་དེ། འདྲ་མཉམ་དྲང་བཞག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཏུ་འདུམ་སྒྲིག་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས། མཉམ་དུ་ནུས་ཤུགས་བཏོན་ཏེ་ཉིན7གྱི་ནང་འདུམ་སྒྲིག་ལེགས་འགྲུབ་འབྱུང་དགོས་པའི་བླངས་བྱ་བཏོན། འདུམ་སྒྲིག་པ་རྣམས་ཀྱིས་འདུམ་ལ་ཤུགས་སྣོན་དང་འགྲིག་པ་དམིགས་ཡུལ་དུ་བཟུང་ནས《གན་རྒྱའི་བཅའ་ཁྲིམས།》དང《འཛུགས་སྐྲུན་བཅའ་ཁྲིམས།》སོགས་གཞིར་བཟུང་སྟེ། ཕྱོགས་གཉིས་ལ་ཁྲིམས་ཀྱི་སློབ་གསོ་དང་། གནས་ལུགས་གོ་སྐོན་བློ་འགུག་བྱས་མཐར། ཕྱོགས་གཉིས་ཀྱི་འགལ་བ་སེལ་ནས་འདུམ་ཡིག་ལ་མིང་རྟགས་བཀོད་པར་མ་ཟད་ལག་པ་ལག་པར་སྦྲེལ་ཏེ་ལྷོ་འགྲིག་བྱང་འགྲིག་ཏུ་གྱུར།  

            རྩོད་གཞི་ཀུན་ནས་འདུམ་པ་ཡིས། །  བདེ་འཇགས་ཉེན་ཁ་རྩ་ནས་སེལ། །   
           2020ལོའི་ཟླ12པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40སྟེང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་དོན་གྲུབ་རྒྱལ་གྱིས་སྣེ་ཁྲིད་ནས་ཆེད་དོན་ཚོགས་འདུ་བསྡུས་པ་དང་། གྱོད་གཞིས་བསྐྱེད་ངེས་པའི་ཉེན་ཁ་དང་འདུམ་སྒྲིག་ཇི་ལྟར་བྱེད་པའི་ཐད་ནས་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ། དོན་དངོས་གཞིར་བཟུང་ཐོག ཕྱོགས་གཉིས་ཀྱི་བསམ་ཚུལ་ལ་ལེགས་པར་མཉན་དེ། འདྲ་མཉམ་དྲང་བཞག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཏུ་འདུམ་སྒྲིག་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས། མཉམ་དུ་ནུས་ཤུགས་བཏོན་ཏེ་ཉིན7གྱི་ནང་འདུམ་སྒྲིག་ལེགས་འགྲུབ་འབྱུང་དགོས་པའི་བླངས་བྱ་བཏོན། འདུམ་སྒྲིག་པ་རྣམས་ཀྱིས་འདུམ་ལ་ཤུགས་སྣོན་དང་འགྲིག་པ་དམིགས་ཡུལ་དུ་བཟུང་ནས《གན་རྒྱའི་བཅའ་ཁྲིམས》དང《འཛུགས་སྐྲུན་བཅའ་ཁྲིམས》སོགས་གཞིར་བཟུང་སྟེ། ཕྱོགས་གཉིས་ལ་ཁྲིམས་ཀྱི་སློབ་གསོ་དང་། གནས་ལུགས་གོ་སྐོན་བློ་འགུག་བྱས་མཐར། ཕྱོགས་གཉིས་ཀྱི་འགལ་བ་སེལ་ནས་འདུམ་ཡིག་ལ་མིང་རྟགས་བཀོད་པར་མ་ཟད་ལག་པ་ལག་པར་སྦྲེལ་ཏེ་ལྷོ་འགྲིག་བྱང་འགྲིག་ཏུ་གྱུར།  

            འདུམ་དང་རྩད་གཅོད་ཟུང་འབྲེལ་གྱིས། ། ཉི་མ་བདུན་ནང་རྩོད་རྙོག་སེལ། །
            འགལ་བ་མྱུར་ཏུ་འདུམ་པ་དང་འགལ་ཟླ་ཆེ་རུ་འགྲོ་བ་སྔོན་འགོག་བྱེད་ཆེད། བྱ་བའི་ཚན་ཆུང་གིས་ཉིན7གྱི་ནང་དུ་འདྲ་མཉམ་དང་དྲང་གཞག་གི་རྩ་དོན་ལྟར། དོན་དངོས་གཞིར་འཛིན་པ་དང་། ཆབ་སྲིད་ཀྱི་བྱེད་ནུས་དང་སྤྱི་ཚོགས་ཀྱི་བྱེད་ནུས། ཁྲིམས་ཀྱི་བྱེད་ནུས་བཅས་ཐབས་མཁས་པའི་སྒོ་ནུས་གཅིག་འདུ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གྱོད་གཞིའི་གནས་ཚུལ་ཤེས་མཁན་དག་ལ་རྒྱུས་ལོན་དང་། ཕྱོགས་མང་པོ་ནས་བདེན་དཔང་འཚོལ་བསྡུ་སོགས་བྱས་ཏེ། ལས་མི་དག་གིསགཉིད་ཆག་ཟས་བརྗེད་ཀྱིས་ཉིན་མཚན་མེད་པར་ལས་སྣོན་བྱས་ཤིང་། དོ་བདག་ཕྱོགས་གཉིས་ལ་ཁྲིམས་དང་ཀུན་སྤྱོད་ཟུང་འབྲེལ་གྱི་སློབ་གསོ་བཏང་བ་དང་། དོ་བདག་གི་འདོད་མོས་ལ་གཙི་འཇོག་དང“སྔོན་ལ་འདུམ་པ། འདུམ་ཤིང་འགྲིག་པ། འདུམ་འོས་འདུམ་ཤིང་། གཏུག་འོས་གཏུག་པའི”རྩ་དོན་ལྟར། བཟོ་སྐྲུན་གྱི་ཚད་ལ་ཡང་བསྐྱར་རྩིས་ལེན་ཞིབ་མོ་བྱས་པ་དང་། བཟོ་སྐྲུན་མ་དངུལ་གྱི་གཏོང་སྤྲོད་སོགས་ཀྱི་ཐད་འབྲེལ་ཡོད་ཀྱི་ཆེད་མཁས་པ་གདན་དྲངས་ནས་རྩིས་ཞིབ་མོ་ལེན་དུ་བཅུག་ཏེ། དོན་དངོས་དང་མཐུན་པའི་འདུམ་སྒྲིག་འཆར་གཞི་བཟོས།   མཐར2020ལོའི་ཟླ12པའི་ཚེས30ཉིན། དོ་བདག་ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་ནས་འདུམ་སྒྲིག་འཆར་གཞི་ཡོངས་སུ་དང་ལེན་བྱས་ལ། འདུམ་སྒྲིག་པའི་ལྟ་སྐུལ་འོག་ཕྱོགས་གཉིས་ཀྱིས་འདུམ་སྒྲིག་གྲོས་ཆིངས་ལ་མིང་རྟགས་བཀོད། དེ་ལྟར་རྫོང་གསུམ་དང་འཛུགས་ཀུང་ཟི་དུ་མར་འབྲེལ་བ་ཡོད་པའི་བཟོ་སྐྲུན་གན་རྒྱའི་རྩོད་གཞི་དེ་བདེ་ལེགས་ངང་འདུམ་སྒྲིག་ལེགས་འགྲུབ་བྱུང་ནས། ཐུན་ཏེ་རྫོང་དང་བཅས་པའི་ས་ཁུལ་སོ་སོའི་སྤྱི་ཚོགས་བདེ་འཇགས་ལ་རྨང་གཞི་བརྟན་པོ་བཏིང་།  
 

          ཐུན་ཏེ་རྫོང་སྡོད་ཁུལ་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་དང་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ཆུ་མགོ་གཞུང་གི་སྡེ་ཨུ་གཉིས་ཀྱིས་འདུམ་སྒྲིག་པ་དག་ལ་བཀའ་དྲིན་མཚོན་པའི་ཁ་བཏགས་ཕུལ་ཞིང་། དྲང་བདེན་ཡིན་ལ་ཕྱོགས་རེས་མེད་པའི་བྱ་བ་སྒྲུབ་སྟངས་ལ་གཟེངས་བསྟོད་ཚད་མེད་གནངས་བར་མ་ཟད། སེམས་དང་བསམ་པ་མཚོན་བྱེད་ཀྱི་དར་བྱང་བཟོས་ནས་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ལ་ཕུལ།  
རྩོམ་སྒྲིག་པ། རིག་གྲོལ།