རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚིགས་ལས་སྟེགས་ལ་མཛུབ་ཁྲིད་བྱས་ནས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་སྐོར་གྱི་དྲ་རྒྱའི་དཀྲོག་གཏམ་ཁུངས་འདེད་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།
ཟླ་3ཚེས་21ཉིན་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735དུས་གཏན་གནམ་གྲུས་ཁུན་མིང་ནས་ཀོང་ཀྲོའུ་བར་འཕུར་སྐབས་ཀོང་ཞི་ཝུའུ་ཀྲོའུ་གྲོང་ཁྱེར་གྱི་མཁའ་དབྱིངས་ནས་འབྲེལ་བ་ཆད་ནས་ལྷུངས་བ་རེད། དོན་རྐྱེན་བྱུང་རྗེས་རྒྱ་ཆེའི་དྲ་དམངས་ཀྱིས་རོགས་སྐྱོབ་འཕེལ་རིམ་དང་ལས་འཛོལ་འབྱུང་རྐྱེན་ཐད་བརྟག་དཔྱད་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དྲ་དམངས་ཁག་གཅིག་གིས་དེའི་སྐོར་ལ་དྲ་རྒྱའི་དཀྲོག་གཏམ་སྒྲོག་སྤེལ་བྱས་ཏེ་ཤུགས་རྐྱེན་ངན་པ་བཟོས་ཡོད།
རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚིགས་མང་པོའི་ལས་སྟེགས་ལ་མཛུབ་ཁྲིད་བྱས་ནས། དྲ་ཐོག་ནས་བརྒྱུད་སྤེལ་བྱས་པའི་MU5735སྐོར་གྱི་དཀྲོག་གཏམ་ལ་ཁུངས་འདེད་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་དྲ་ཚིགས་ཁག་གི་ལས་སྟེགས་ཀྱི་འབྲེལ་ཡོད་དྲ་རྒྱའི་དཀྲོག་གཏམ་འགྲེམས་སྤེལ་གྱི་གནས་ཚུལ་གཤམ་གསལ།
1.“ཤར་ཕྱོགས་མཁའ་འགྲུལ་ལྷུངས་ནས་རི་མེ་ཤོར་བའི་བརྙན”ཞེས་པའི་དྲ་རྒྱའི་དཀྲོག་གཏམ།
འཁྱུུག་དབྱིངས་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“ཡོན་ཡུའུ་ཀྲུའུ་སི”ཞེས་པ་དེ་རེད། ཐོག་མར་སྤེལ་བའི་དུས་ཚོད་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་16དང་སྐར་མ་24ཡིན་པ་རེད།
2.“MU5735གནམ་གྲུ་ལྷུངས་བའི་མཐོང་ཟུར་དང་པོའི་གཟུགས་བརྙན་”ཞེས་པའི་དྲ་རྒྱའི་དཀྲོག་གཏམ།
འཁྱུགས་དབྱིངས་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“Aཧའོ123”ཞེས་པ་དེ་རེད། ཐོག་མར་སྤེལ་བའི་དུས་ཚོད་ནི་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་17དང་སྐར་མ་23ཡིན་པ་རེད།
3.“མཁའ་འགྲུལ་ཀུང་སི་ལ་གྱོང་གུན་སྒོར་དུང་ཕྱུར་བརྒྱ་ལྷག་ཐེབས་ནས། གནམ་གྲུ་ཞིག་གསོའི་འགྲོ་གྲོན་ཉུང་དུ་བཏང་ཡོད”ཅེས་པའི་དྲ་རྒྱའི་དཀྲོག་གཏམ།
འཕྲིན་ཕྲན་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“དབྱི་དན་ཚའེ་ཝུན”ཞེས་པ་དེ་རེད། ཐོག་མར་སྤེལ་བའི་དུས་ཚོད་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་16དང་སྐར་མ་39ཡིན་པ་རེད།
4.“ཀུང་སི་ག་གེ་མོ་ཞིག་གི་ཏུང་ཧྲི་ཀྲང་7དོན་རྐྱེན་བྱུང་བའི་གནམ་གྲུ་ཐོག་ཡོད”ཅེས་པའི་དྲ་རྒྱའི་དཀྲོག་གཏམ།
ཁོའེ་ཧྲོའུ་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“ཡུའུ་ནིང་ཐང་ཞིང་py”ཞེས་པ་དེ་རེད། ཐོག་མར་སྤེལ་བའི་དུས་ཚོད་ནི་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་22དང་སྐར་མ་4ཡིན་པ་རེད།
5.“ཟླ་3པའི་ཟླ་མཇུག་ལ་གནམ་གྲུ་ལྷུངས་བའི་‘ལུང་སྟོན’ཡོད་”ཅེས་པའི་དཀྲོག་གཏམ།
འཁྱུགས་དབྱིངས་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“Jason”ཞེས་པ་དེ་རེད། ཐོག་མར་སྤེལ་བའི་དུས་ཚོད་ནི་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་17དང་སྐར་མ་44ཡིན་པ་རེད།
6.“དབྱང་ལི་ཕིང་གི་རྒྱུ་བདག་ནི་‘གནམ་གྲུར་བསྡད་མེད་པའི་མི་གཅིག་པུ་དེ་རེད’”ཅེས་པའི་དྲ་རྒྱའི་དཀྲོག་གཏམ།
ཁོའེ་ཧྲུའོ་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“ཐའེ་ཡོན་རླུང་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་རྒྱང་བསྒྲགས”ཡིན་པ་རེད། ཐོག་མར་སྤེལ་བའི་དུས་ཚོད་ནི་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་18དང་སྐར་མ་12ཡིན་པ་རེད།
7.“གནམ་གྲུ་ལྷུངས་བའི་རྒྱུ་རྐྱེན་”ཟེར་བའི་དྲ་རྒྱའི་དཀྲོག་གཏམ།
ཤིན་ལང་པོད་ཕྲན་ཐོག་ཐོག་མར་སྤེལ་བའི་རྩིས་ཨང་“ཧྥ་ཚའེ་འབུམ་རམས་པ་རྒན་པ”ཞེས་པ་དེ་རེད། ཐོག་མར་སྤེལ་བའི་དུས་ཚོད་ནི་ཟླ་3ཚེས་21ཉིན་གྱི་ཆུ་ཚོད་19དང་སྐར་མ་31ཡིན་པ་རེད།
གོང་གསལ་གྱི་དྲ་རྒྱའི་དཀྲོག་གཏམ་བཟོ་མཁན་ཚང་མ་དུས་ཐོག་ཏུ་གཙང་སེལ་བྱས་པ་དང་། ཐོག་མར་འགྲེམས་སྤེལ་བྱས་པའི་རྩིས་ཨང་དག་འབྲེལ་ཡོད་དྲ་ཚིགས་ལས་སྟེགས་ཀྱིས་ཁྲིམས་ལ་གཞིགས་ནས་ཁ་ཆད་ལྟར་སྒོ་བརྒྱབ་ཡོད།
གཞན་ཡང་། ཐེང་ཤུན་དང་། ཤིན་ལང་པོད་ཕྲན། འཁྱུགས་དབྱིངས། ཁོའེ་ཧྲུའོ། པའེ་ཏུའུ། པི་ལིང་པི་ལིང་། ཞའོ་ཧུང་ཧྲུའུ། ཀྲི་ཧོའུ་སོགས་དྲ་ཚིགས་ལས་སྟེགས་ཀྱིས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་དོན་རྐྱེན་ཐད་དཀྲོག་གཏམ་བཟོ་བ་དང་། གེགས་བར་ལ་འཕྱ་སྨོད་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་དང་རྩིས་ཨང་མགྱོགས་མྱུར་ཐག་གཅོད་ནན་པོ་བྱས་པ་རེད། མིག་སྔའི་བར། ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་ཁྲི་27.9ལྷག་ཙམ་གཙང་བཤེར་བྱས་པའི་ནང་། དཀྲོག་གཏམ་རིགས་ཀྱི་ཆ་འཕྲིན་ཁྲི་16.7ལྷག་ཙམ་དང་། རྩིས་ཨང་2713ཐག་གཅོད་བྱས་ཤིང་། བརྗོད་གཞི་1295མེད་པ་བཟོས་ཡོད།