ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

དིང་རི་རྫོང་སྤྱི་བདེ་ཅུས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སློབ་གྲྭར་སྒྲོག་འགྲེལ་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2022-05-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཇོ་རི་ཤར་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་མཉམ་དུ་དིང་རི་རྫོང་དམའ་འབྲིང་དང་པོར་བསྐྱོད་དེ“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ”དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སློབ་གྲྭར་སྒྲོག་འགྲེལ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
  བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དགེ་སློབ་ཡོངས་ལ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འགྲོ་སྐྱོད་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་སྒྲོག་འགྲེལ་བྱས་པ་རེད། དྲིལ་བསྒྲགས་སྦྱར་ཡིག་ལ་བརྟེན་པ་དང་སློབ་གྲྭ་གནས་ས་དང་དེ་བཞིན་སློབ་མའི་འགྲོ་སྐྱོད་ཁྱད་ཆོས་ལ་གཞིགས་ཏེ་ཇི་ལྟར་བྱས་ནས་བདེ་འཇགས་ངང་རྒྱ་ལམ་སྒྲོལ་བ་དང་། བདེ་འཇགས་ངང་རླངས་འཁོར་ལ་སྡོད་པ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་བཅས་དང་དེ་བཞིན་འགྲིམ་འགྲུལ་མཚོན་རྟགས་དང་ལམ་ཐིག་ངོས་འཛིན་བྱེད་པ་སོགས་འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཤེས་བྱར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རང་ངོས་བདེ་འཇཌ་འགོག་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད།
  ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། འགྲིམ་འགྲུལ་ནང་ཞུགས་སྐབས་སློབ་མས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་བཙུགས་ནས་འགྲོ་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་སློབ་མ་སློབ་ཚན་འཚོག་པ་དང་གྲོལ་བའི་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྲུང་བའི་སྒྲིག་ཁྲིམས་དོ་དམ་དང་། སློབ་གྲྭ་དང་ཉེན་རྟོག་པ་མཉམ་འབྲེལ་དོ་དམ་ལམ་སྲོལ་ཡང་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཡ་རབས་འགྲོ་སྐྱོད་དང་ཞི་མཐུན་ཤར་གཏོང་གི་འགྲིམ་འགྲུལ་ཁོར་ཡུག་ཅིག་མཉམ་དུ་བཏོད་པ་རེད།