ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཟི་ལིང་གི་གློག་བརྙན་ཁང་ཞིག་ལ་མེ་སྐྱོན་ཤོར།

སྤེལ་དུས 2022-05-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     སྤྱི་ཟླ་5པའི་ཚེས་6ཉིན་གྱི་ཆུ་ཚོད་15ཙམ་ལ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ལྔ་བཞི་ལམ་ཆེན་ཆིང་ཁྲང་གློག་བརྙན་ཁང་དུ་མེ་སྐྱོན་བྱུང་བ་དང་། མེ་ཟོན་རུ་ཁག་ཐོག་མ་དེ་ཆུ་ཚོད་15དང་སྐར་མ་20ཡི་ཐོག་ཡུལ་དངོས་སུ་འབྱོར་ནས་མེ་གསོད་ལས་དོན་ནང་ཞུགས་ཤིང་། དེ་རྗེས་ཟི་ལིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ཀྱིས་ཐེངས་གཅིག་ལ་མེ་ཟོན་ས་ཚིགས་9དང་། མེ་གསོད་རླངས་འཁོར་24 མེ་གསོད་རོགས་སྐྱོབ་མི་སྣ་120ལྷག་ཙམ་བཅས་སྐོང་བསྡུ་བྱས་ནས་རོགས་སྐྱོར་ལ་བཏང་ཡོད།
ཡུལ་དངོས་སུ་གྲལ་བཤེར་བྱས་པ་བརྒྱུད་མེ་སྐྱོན་བྱུང་སར་མི་སྣ་ལུས་པའི་གནས་ཚུལ་མེད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།