ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཁོང་ཀོར(ཅིན)སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་26པས་རྨས་མ་ཕྱོགས་བསྡུས་སྐྱོབ་བཅོས་ཀྱི་ནང་སྦྱོང་བྱས་པ།

སྤེལ་དུས 2022-10-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
   ཟླ་10ཚེས་24ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོར་ཁོང་ཀོར(ཅིན)སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ཁག་26པ་དང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གིས་མཉམ་འབྲེལ་ཐོག་རྨས་མར་ཕྱོགས་བསྡུས་སྐྱོབ་བཅོས་བྱེད་པའི་ནང་སྦྱོང་བྱས་ནས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་སྐྱོབ་བཅོས་ནུས་པ་ཆེ་རུ་བཏང་བ་རེད།
  ཁོང་ཀོར(ཅིན)སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ཁག་26པའི་རུ་དཔོན་སུའུ་ཀྲེང་ལིན་གྱིས། སྨན་བཅོས་ཡན་ལག་རུ་ཁག་གིས་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་སྒྲིག་འཛུགས་མུ་མཐུད་མཐའ་འཁྱོངས་བྱས་ནས་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཕྱོགས་བསྡུས་ཐག་གཅོད་བྱེད་པའི་རུ་མི་ཚོའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།