མཚོ་སྔོན་ཞིང་ཆེན་གྱིས“12·4”རྒྱལ་ཁབ་བཅའ་ཁྲིམས་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།
སྤེལ་དུས 2022-12-06
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཉིན་མོ་ཐེངས9བ་ཡིན་པས། “བཅའ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”ཐེངས5བ་ཡང་བསུས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་དྲ་ཐོག་ནས་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་ལན་དང་། བཅའ་ཁྲིམས་ཆེད་དོན་བརྗོད་དོན་ཆེད་ཁྲིད། བཅའ་ཁྲིམས་གླེང་གཞི་བཀོད་སྒྲིག ཡུལ་དངོས་བཅའ་ཁྲིམས་དམ་བཅའ་འཇོག་པ། “བཅའ་ཁྲིམས་དགུ་བསྐྱོད”སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ནང་དོན་འཛོམས་ཤིང་། རྣམ་པ་འདྲ་མིན་གྱི་བཅའ་ཁྲིམས་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། བཅའ་ཁྲིམས་དྲིལ་སྒྲོག་གི་མཐོ་རླབས་ཤིག་འཕྱུར་ཏུ་བཅུག
མཚམས་སྦྱོར་ལྟར་ན། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་བྱེད་པ་དང་། བཅའ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་བཅའ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་ཆེད། “12·4”རྒྱལ་ཁབ་བཅའ་ཁྲིམས་ཉིན་མོ་དེར། རང་ཞིང་གིས་“བཅའ་ཁྲིམས་ང་དང་མཉམ་དུ་བསྐྱོད”ཅེས་པའི་དམངས་ཡོངས་ཀྱི་དྲིས་ལན་འདེབས་པའི་བྱ་འགུལ་རྩ་འཛུགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྱོན་རྒྱལ་ཁབ་ལས་སྒྲུབ་མི་སྣ་ཁྲི18.2དང་། མང་ཚོགས་ཁྲི3ལྷག་དྲིས་ལན་འདེབས་པའི་བྱ་འགུལ་ཁྲོད་ཞུགས། དུས་མཚུངས་སུ། “མཚོ་སྔོན་བཅའ་ཁྲིམས་ཁྱབ་གདལ”དེ་རིང་གི་གསར་འགྱུར་ཞེས་པའི་ཕན་ནུས་འདོན་སྤེལ་བྱས་ཏེ། “བཅའ་ཁྲིམས་ང་དང་མཉམ་དུ་བསྐྱོད”སོགས་གླེང་གཞི་བཀོད་སྒྲིག་བྱས་པ་དང་། གླེང་གཞི་ཚན་པ7ཁྱབ་སྒྲོག་བྱས་ཤིང་། དཔེ་ཀློག་ཚད་མི་ཐེངས་ཁྲི5ལྷག་ལ་སླེབས། སྤོ་སྒུལ་དང་གློག་འཕྲིན་སོགས་ཚོང་གཉེར་གྱིས་ཞིང་ཆེན་ཡོངས་ཀྱི་ལག་ཁྱེར་ཁ་པར་འཛད་སྤྱོད་མཁན་ལ་བཅའ་ཁྲིམས་སྤྱི་ཕན་ཁྱབ་གདལ་འཕྲིན་ཐུང་བསྐུར་བ་དང་། བཅའ་ཁྲིམས་དྲིལ་སྒྲོག་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་།
དེ་མིན།“‘12·4’དང‘བཅའ་ཁྲིམས་ཀྱི་ན་ཚོད་གཅིག་པའི་མི’ཡི་བརྩམས་ཆོས་བསྡུ་སྒྲིག12འགྲེམ་སྒྲོག་བྱས་ཤིང་། དཔེ་ཀློག་ཚད་མི་ཐེངས་ཁྲི10ལ་སླེབས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བཅའ་ཁྲིམས་དྲིལ་སྒྲོག་སྤྱི་ཕན་བརྡ་ཁྱབ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ལ་བརྩི་བཀུར་དང་། བཅའ་ཁྲིམས་ལ་སློབ་སྦྱོང་། བཅའ་ཁྲིམས་བེད་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས།
རྒྱུས་ལོན་ལྟར་ན། ཉིན་དེར། ཞིང་ཆེན་ཡོངས་ཀྱིས་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ཐེངས་སྟོང་ལ་ཉེ་བ་སྤེལ་བ་དང་མི་གྲངས་ཁྲི50ལྷག་ཞུགས་ཏེ། མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་མཐོར་འདེགས་སུ་བཏང་ནས། བཅའ་ཁྲིམས་དགོངས་དོན་དེ་ཁྱིམ་ཚང་རེ་རེར་ཤེས་སུ་བཅུག་ནས། དྲིལ་སྒྲོག་གི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས། །