ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ལྗོངས་ཡོངས་སུ“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ།

སྤེལ་དུས 2018-12-21 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ཟླ་བ་གཅིག་རིང་། རང་ལྗོངས་སུ“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བས། ལྗོངས་ཡོངས་ཀྱི་ཁྲིམས་དང་མི་མཐུན་པ་དང་བཀག་རྒྱ་ལས་འགལ་བའི་དཔེ་སྐྲུན་དངོས་པོ་དང་དེའི་གནོད་ཅན་ཆ་འཕྲིན་བརྒྱུད་བསྒྲགས་བྱ་རྒྱུ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། རིག་གནས་ཁྲོམ་རའི་སྒྲིག་ལམ་ལེགས་སུ་དང་། དྲ་བའི་བར་མཐོངས་དེ་བས་དྭངས་གཙང་དུ་ནུས་ལྡན་ཕྱིན་པ་རེད།
                    ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་ཁྲོད་རིག་གནས་གཉེར་སྐྱོང་རོལ་རྩེད་ཁང་1200ལ་ཞིབ་བཤེར་བྱས་པ་དང་། “འཆལ་རྡུང་ལོག་སེལ”གྱི་གཞི་རིམ་ས་ཚིགས་50ལྷག་ཙམ་ལ་འཐེན་བཤེར་བྱས་པ། འགྲུལ་སྐྱེལ་རླངས་འཁོར་20ལྷག་ཙམ་གྱི་གླུ་གཞས་གཏོང་ཆས་ལ་ཞིབ་བཤེར་བྱས་པ་ལས། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཁག་560ལྷག་ཙམ་ཤེས་རྟོཌ་བྱུང་བའི་ཁྲོད་ཀྱི་40ལྷག་ཙམ་ལ་སྲིད་འཛིན་ཆད་པ་བཅད་པ་དང་། ཁྲིམས་འགལ་དང་བཀག་རྒྱ་ལས་འགལ་བའི་གླུ་གཞས་250ལྷག་ཙམ་བསུབས་པ། ཁྲིམས་འགལ་དང་བཀག་རྒྱ་ལས་འགལ་བའི་དཔེ་སྐྲུན་དངོས་པོ་40ལྷག་ཙམ་གཞུང་བཞེས་བཏང་བ། གསང་འབྲེལ་ཆ་འཕྲིན་ཡོད་པའི་དྲ་སྦྲེལ་གློག་ཀླད་60ལྷག་ཙམ་གཙང་སེལ་བྱས་པ་རེད།