ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་གནས་སྐབས་ལག་བསྟར་བྱེད་ཐབས》བཀྲམ་པ།

སྤེལ་དུས 2018-12-24 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་གནས་སྐབས་ལག་བསྟར་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས་2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
             《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁྲལ་འཇལ་མཁན་གྱི་བུ་ཕྲུག་གིས་ཉིན་གང་ལམ་ལུགས་ཀྱི་སློབ་རྒྱུས་སློབ་གསོའི་དུས་མཚམས(འོས་འགན་སློབ་གསོ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཚུད་པ)ཀྱི་གཏོང་སྒོ་དང་དེ་བཞིན་བུ་ཕྲུག་ལོ་3ནས་སློབ་ཆུང་དུ་མ་ཞུགས་གོང་གི་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་གཏོང་སྒོར་ཁྲལ་འཇལ་མཁན་བཟའ་ཚང་ཡ་གཅིག་གིས་ཕྲུ་གུ་རེར་ཟླ་རེར་སྒོར་1000འཐེན་འཕྲི་བྱེད་ཆོག་ལ་བཟའ་ཚང་གཉིས་ཀས་ཕྲུ་གུ་རེར་ཟླ་རེར་སྒོར་500འཐེན་འཕྲིའང་བྱེད་ཆོག
             《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁྲལ་འཇལ་མཁན་གྱིས་ཀྲུང་གོའི་མངའ་ཁོངས་སུ་རྒྱུན་མཐུད་སློབ་གསོ་ལས་ཐོན་པའི་གཏོང་སྒོ་དང་ལེན་བྱེད་པའི་ཁྲོད། སློབ་རྒྱུས(སློབ་གནས)ཚུད་པའི་རྒྱུན་མཐུད་སློབ་གསོའི་གཏོང་སྒོར་ཟླ་རེར་སྒོར་400འཐེན་འཕྲི་བྱ་རྒྱུ་དང་འཐེན་འཕྲིའི་དུས་ཡུན་ཟླ་བ་48(ལོ་བཞི)ལས་བརྒལ་མི་རུང་བ་དང་། རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ཚུད་པའི་རྒྱུན་མཐུད་སློབ་གསོ་དང་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་ཚུད་པའི་རྒྱུན་མཐུད་སློབ་གསོའི་གཏོང་སྒོར་འབྲེལ་ཡོད་ཀྱི་ལག་ཁྱེར་རག་རྗེས་ལོ་དེ་གར་སྒོར་3600འཐེན་འཕྲི་བྱ་རྒྱུ་རེད།
             《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁྲལ་འཇལ་གྱི་ལོ་འཁོར་ཞིག་ནང་། ཁྲལ་འཇལ་མཁན་གྱིས་འཁུར་བའི་སྨན་ཡོན་གྱི་གཏོང་སྒོའི་སྒོར་ཁྲི་1.5ལྷག་གི་ཆ་ཤས་དེ་ལོ་ལྟར་སྒོར་ཁྲི་8ཀྱི་ཚད་གཞི་གཞིར་བཟུང་དངོས་ཡོད་ལྟར་འཐེན་འཕྲི་བྱ་རྒྱུ་དང་། འཐེན་འཕྲི་ཆོག་པའི་སྨན་ཡོན་གྱི་གཏོང་སྒོའི་ནང་ཁྲལ་འཇལ་མཁན་མི་སྒེར་རམ་ཡང་ན་དེའི་བཟའ་ཟླ་དང་། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ལས་ཐོན་པའི་སྨན་ཡོན་གྱི་གཏོང་སྒོ་ཚུད་ཡོད།
             《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁྲལ་འཇལ་མཁན་མི་སྒེར་རམ་ཡང་ན་དེའི་བཟའ་ཟླས་ཀྲུང་གོའི་མངའ་ཁོངས་སུ་སྡོད་ཁང་ཉོས་ནས་ཐོན་པའི་སྡོད་ཁང་གི་དངུལ་བུན་སྐྱེད་ཀའི་གཏོང་སྒོ་ཐོག་མ་དེ་བཟའ་ཚང་ཡ་གཅིག་གིས་ཟླ་རེར་སྒོར་1000འཐེན་འཕྲི་བྱེད་ཆོག་ལ་འཐེན་འཕྲིའི་དུས་ཡུན་རིང་ཤོས་སུའང་ཟླ་བ་240(ལོ་20)ལས་མི་བརྒལ་བ་བྱེད་དགོས།
             《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁྲལ་མཇལ་མཁན་གྱི་ལས་ཀ་བྱ་ཡུལ་གཙོ་བོའི་གྲོང་ཁྱེར་དུ་རང་བདག་གི་སྡོད་ཁང་མེད་པ་ལས་ཐོན་པའི་སྡོད་ཁང་བོགས་དངུལ་གྱི་གཏོང་སྒོ་ཐད་སྐྱོང་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་གནས(ལྟེ་བའི་གྲོང་ཁྱེར)གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་དེ་མིན་གྱི་གྲོང་ཁྱེར་བཅས་སུ་ཟླ་རེར་སྒོར་1500འཐེན་འཕྲི་བྱ་རྒྱུ་དང་། གོང་གསལ་གྱི་གྲོང་ཁྱེར་ཕུད། གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་ཐེམ་ཐོ་ཡིན་པའི་མི་འབོར་ཁྲི་100ལྷག་གི་གྲོང་ཁྱེར་དུ་ཟླ་རེར་སྒོར་1100འཐེན་འཕྲི་བྱ་རྒྱུ་རེད། གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་ཐེམ་ཐོ་ཡིན་པའི་མི་འབོར་ཁྲི་100མི་བརྒལ་བའི་གྲོང་ཁྱེར་དུ་ཟླ་རེར་སྒོར་800འཐེན་འཕྲི་བྱ་རྒྱུ་རེད། བཟའ་ཟླ་ཕྱོགས་གཉིས་ཀའི་ལས་ཀ་བྱ་ཡུལ་གྲོང་ཁྱེར་གཅིག་པ་ཡིན་ཚེ་བཟའ་ཚང་ཡ་གཅིག་གི་ས་ནས་འཐེན་འཕྲི་བྱས་ན་འགྲིག
             《བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁྲལ་འཇལ་མཁན་གྱིས་ལོ་60ལ་སླེབས་པའི་ཕ་མར་བསྙེན་བཀུར་ཞུ་བའི་གཏོང་སྒོའམ་ཡང་ན་པ་ཕའི་ཕ་མ་དང་ཨ་མའི་ཕ་མའི་བུ་ཕྲུག་གྲོངས་ཟིན་པ་དང་ཁྲལ་འཇལ་མཁན་གྱིས་ལོ་60ལ་སླེབས་པའི་པ་ཕའི་ཕ་མའམ་ཡང་ན་ཨ་མའི་ཕ་མར་བསྙེན་བཀུར་ཞུ་བའི་གཏོང་སྒོ་འཐེན་འཕྲི་བྱས་ན་འགྲིག ཁྲལ་འཇལ་མཁན་དེ་ཕྲུ་གུ་གཅིག་རང་ཡིན་ཚེ་ཟླ་རེར་སྒོར་2000འཐེན་འཕྲི་བྱ་རྒྱུ་རེད། ཕྲུ་གུ་གཅིག་རང་མིན་ཚེ་གཅེན་གཅུང་མིང་སྲིང་གིས་ཟླ་རེར་སྒོར་2000གི་འཐེན་འཕྲིའི་ཚད་གཞི་བགོས་ནས་མི་རེར་བགོས་པའི་འཐེན་འཕྲིའི་ཚད་གཞི་སྒོར་1000ལས་མི་བརྒལ་བ་བྱེད་དགོས།