ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

སྤྱི་ལོ་༢༠༡༨ལོར་བྱ་ཐབས་མང་པོ་བཟུང་ནས་ལས་ཞུགས་བརྟན་པོ་ཡོང་རྒྱུ་འགན་ལེན་བྱས་པ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
      ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་པ་དང་སྤྱི་ཚོགས་ཧྲིལ་པོས་དོ་ཁུར་བྱེད་པའི་གཙོ་གནད་རེད། སྤྱི་ལོ་༢༠༡༨ལོར་ཕྱིར་དྲན་བྱེད་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཞུགས་འགན་སྲུང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལས་གནས་བརྟན་པོས་ལས་ཞུགས་བྱེད་པ་དང་གསར་སྐྲུན་ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ལས་ཞུགས་རོགས་སྐྱོར་དང་ཞབས་ཞུ། ལས་ཞུགས་འགན་སྲུང་སོགས་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།
      ན་ནིང་སྤྱི་ཟླ་དང་པོ་དང་བཅུ་གཅིག་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་ཁོངས་སུ་ལས་ཞུགས་མི་གྲངས་བྱེ་བ་༡དང་ས་ཡ་༢་༩འབུམ་༣ཁྲི་གསར་སྣོན་བྱུང་ནས་དུས་བཀག་གོང་དུ་ལོ་ཧྲིལ་པོའི་མི་བྱེ་བ་༡དང་ས་ཡ་གཅིག་ལས་ཞུགས་བྱེད་པའི་དམིགས་འབེན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱས་ཡོད་པ་རེད།
      སྤྱི་ལོ་༢༠༡༨ལོའི་ལོ་འགོར། ཞིང་པ་ལས་མི་སོགས་མི་སྣ་རང་ཡུལ་དང་གྲོང་གསེབ་ཏུ་ལོག་ནས་ལས་ཞུགས་ལ་རྒྱབ་སྐྱོར་དང་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པའི་ནང་ལས་སྐྲུན་དང་ལས་གཉེར་བྱས་ནས་ལོ་གཅིག་ཡན་ཕྱིན་པའི་ཕ་ཡུལ་དུ་ལོག་མཁན་ལས་སྐྲུན་ཞིང་པ་ལས་མི་རྣམས་ཐེངས་གཅིག་རང་བཞིན་གྱི་ལས་སྐྲུན་ཁ་གསབ་རོགས་དངུལ་སྤྲོད་པའི་རྒྱབ་སྐྱོར་ཁྱབ་ཁོངས་ནང་ཐེངས་དང་པོ་བཅུག་ཡོད་པ་རེད། མིག་སྔར་རྒྱལ་ཡོངས་སུ་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་མཁན་མི་སྣ་ས་ཡ་༧ལས་བརྒལ་བ་དང་དེ་དག་ཁྱད་ལྡན་གསོ་འདེབས་དང་གློག་རྡུལ་ཚོང་དོན་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་སུ་ཁྱབ་ཡོད་པ་དང་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་མཁན་ཆ་སྙོམས་མི་སྣ་རེས་མི་བཞི་ལས་སྐྲུན་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་དང་ལས་ཞུགས་ཕན་འབྲས་མངོན་བསལ་དོད་དུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
      ན་ནིང་སྤྱི་ཟླ་༡༢པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེ་ལས་ཁུར་པོ་ཡང་གཏོང་ལག་རྟགས་སྤྲད་ཡོད་པ་རེད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བྱེད་དགོས་པའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པ་བཏོན་པ་དང་མི་སྣ་ཉུང་འཕྲི་བྱས་པའམ་ཉུང་འཕྲི་ཉུང་ཙམ་བྱེད་མཁན་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཡིན་ཕྱིན་ལོ་གོང་མའི་དོན་དངོས་ཐོག་སྐྱེལ་བའི་ལས་ཤོར་འགན་བཅོལ་གྲོང་དངུལ་གྱི་བརྒྱ་ཆ་༥༠ཕྱིར་སློག་བྱེད་ཆོག་གི་ཡོད་པ་དང་དེ་དོན་ནི་རྒྱལ་ཁབ་ཀྱི་མ་རྩ་མཉམ་གསོག་ཁག་ཐེག་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ས་གནས་ཁག་གི་སྔོན་ལ་ཆ་རྐྱེན་ཚང་བའི་ཁེ་ལས་ཆེས་ཆུང་གྲས་ལ་གྲོན་དངུལ་སྐྱེལ་ཚད་དམའ་བའི་ཁག་ཐེག་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་ལྕག་གཏོང་ཆེད་ཡིན་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཀྲེན་གྱིས། དུས་རིམ་རང་བཞིན་གྱི་གྲོན་དངུལ་བཅོག་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་མ་ཟད་ད་དུང་ལས་ཤོར་འགན་བཅོལ་གྱི་ཁེ་ལས་ལ་རྒྱབ་སྐྱོར་དང་ལས་གནས་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་བཏོན་ནས་ཁེ་ལས་ཀྱི་ལས་གཉེར་མ་གནས་སྔར་བས་དམའ་རུ་བཏང་བ་དང་ཁེ་ལས་ཀྱི་མ་དངུལ་མཉམ་གསོག་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་ཅེས་གསུངས་འདུག