ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

༄༅།། བྱང་གི་གནམ་མཚོ་ཕྱུག་མོ།

སྤེལ་དུས 2009-05-07 ཡོང་ཁུངས། བོད་ལྗོངས་ཡུལ་སྐོར་སྣེ་ཤན། རྩོམ་པ་པོ། ནོར་བུ་བསམ་གྲུབ། འབྲུག་མོས་ཞུ་དག་བྱས།

ཨ་སྔོན་ཞུན་མ་ཐང་ལ་ལྷུང་བ་དང་འདྲ་བའི་བྱང་གི་གནམ་མཚོ་ཕྱུག་མོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་གི་ནུབ་བྱང་ཕྱོགས་སུ་གནས་ཤིང་། འདི་ནི་བསྐལ་པའི་དུས་རིམ་གསུམ་པའི་ནང་ཧི་མ་ལ་ཡའི་རི་བོ་འགུལ་སྐྱོད་བྱེད་སྐབས་གསར་དུ་བྱུང་བ་ཞིག་ཡིན་པ་དང་། མཚོ་ངོས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་བཞི་སྟོང་བདུན་བརྒྱ་བཅོ་བརྒྱད་ཟིན། མཚོ་དབྱིབས་ནི་ནར་མོའི་ཚུལ་དུ་ཡོད་པ། ཤར་ནུབ་ཀྱི་དཀྱུས་སུ་སྤྱི་ལེ་བདུན་ཅུ་དང་། ལྷོ་བྱང་གི་ཞེང་དུ་སྤྱི་ལེ་སུམ་ཅུ་ཡོད། མཚོ་ཧྲིལ་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཟིན་གཤིས་དེ་ནི་རང་རྒྱལ་དུ་མཚོ་སྔོན་པོ་ཕུན་ཚྭ་ལྡན་མཚོ་ཆེ་ཤོས་དེ་ཡིན། གནམ་མཚོ་ཕྱུག་མོའི་དཀྱིལ་དུ་གླིང་ཕྲན་ཁག་གསུམ་ཡོད་ལ་ད་དུང་རྡོ་ཐལ་བྲག་ལས་གྲུབ་པའི་གླིང་ཕྲན་འདྲ་བ་ཞིག་ཀྱང་ཡོད་པ་དེའི་ཐོག་རྡོ་ཡི་ཀ་བ་དང་། ལྷུན་གྱིས་གྲུབ་པའི་རྡོ་ཟམ། བྲག་ཕུག་ལ་སོགས་ས་དབྱིབས་ཀྱི་ཆགས་ཚུལ་ངོ་མཚར་ཆེ་ཞིང་རང་བྱུང་གི་མཛེས་ཆོས་དུ་མ་དང་ལྡན།

གནའ་རབས་སུ་མཚོ་དེ་ཉིད་ཤིན་ཏུ་ཆེ་བ་ཞིག་ཡིན་རུང་ད་ཕན་མི་ལོ་ཁྲི་ཕྲག་གཅིག་ཙམ་རིང་བོད་ལྗོངས་ས་མཐོའི་གནམ་གཤིས་སྐམ་ཤས་ཇེ་ཆེར་སོང་སྟབས་མཚོ་འདི་ཆག་ཤུགས་ཆེན་པོ་བྱུང་ཡོད་པ་སྟེ། དེང་སྐབས་མཐོང་རྒྱུ་ཡོད་པའི་གནའ་བོའི་ཆུ་རིས་ཁག་གསུམ་ཡོད་པ་ལས་ཆུ་རིས་མཐོ་ཤོས་དེ་ད་ལྟའི་མཚོ་ངོས་ལས་སྤྱི་ཁྲེ་བརྒྱད་ཅུས་མཐོ་བ་ཡོད།མཚོ་དབུས་ཀྱི་གླིང་ཕྲན་ཐོག་ལོ་ལྟར་དཔྱིད་མཇུག་དང་དབྱར་སྟོད་གཉིས་ལ་ས་ཕྱོགས་གཞན་ནས་འཕུར་འོང་བའི་ངང་པ་དང་། ཆུ་སྐྱར། ཁྲུང་ཁྲུང་སོགས་བྱ་རིགས་ཀྱིས་གླིང་ཕྲན་ཁེབས་པས་སྒོ་ང་ཡང་གང་འདོད་ལྟར་བསྒྲུག་རྒྱུ་ཡོད། ཡངས་ཤིང་རྒྱ་ཆེ་བའི་མཚོ་འགྲམ་གྱི་སྤང་ལྗོངས་ཐོག་སྤྲ་བ་དང་སྲོ་དྲེག་སོགས་རྩྭ་སྣ་མང་པོ་སྐྱེས་ཤིང་། དེ་རྒྱུད་ཀྱི་ས་ཆ་རྣམས་རྩྭ་ཆུ་འཇོམས་པའི་འབྲོག་ཐང་ཡིད་དུ་འོང་བ་ཞིག་ཡིན་པས་ལོ་ཧྲིལ་པོར་སེམས་ཅན་རྩྭ་ཁར་རྒྱག་ཆོག   གནམ་མཚོ་ཕྱུག་མོའི་རྒྱུད་དུ་འབྲོང་དང་། དགོ་བ། གནའ་བ། ཤྭ་བ། རི་བོང་ལ་སོགས་པའི་རི་དྭགས་རྣམས་བག་ཕེབས་པར་གནས།

  གནམ་མཚོ་ཆགས་ཡུལ་ནི་གནས་ཁྱད་པར་ཅན་ཞིག་ཡིན་པ་དང་། དེ་ཡང་པུར་རྒྱལ་གྱི་ལྗོངས་འདིར་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་གནས་ཏེ་སྐུ་ཡི་གནས་མཆོག་གངས་དཀར་ཏི་སེ། གསུང་གི་གནས་མཆོག་གནམ་མཚོ་ཕྱུག་མོ། ཐུགས་ཀྱི་གནས་མཆོག་ཙ་རིཊ་ཞེས་གྲགས་པ་ལས་གསུང་གི་གནས་འདི་ཉིད་ལའང་གསུང་གི་སྐུ་དང་། གསུང་གི་གསུང་། གསུང་གི་ཐུགས་བཅས་ཀྱི་གནས་གསུམ་ཡོད་པ་སྟེ་སྐུ་ཡི་གནས་བཀྲ་ཤིས་དོ་བོ་ཆེ་དང་། གསུང་གི་གནས་བྱ་དོ་ནམ་མཁའ་དོ། ཐུགས་ཀྱི་གནས་མ་ཆགས་སེ་མོ་དོ། དོ་ཞེས་པ་མཚོ་ནང་དང་མཚོ་ཟུར་ནང་ཡ་ཐོན་ཡོང་བའི་དེའུ་ཆུང་ལ་ཟེརབཅས་ཡིན་ཞིང་སྐུ་ཡི་གནས་གངས་དཀར་ཏི་སེ་སྐོར་དུས་རྟ་ལོ་ལ་ཡིན་པ།   གསུང་གི་གནས་གནམ་མཚོ་ཕྱུག་མོ་སྐོར་དུས་ལུག་གི་ལོ། ཐུགས་ཀྱི་གནས་ཙ་རི་སྐོར་དུས་སྤྲེལ་གྱི་ལོ་བཅས་ཡིན་ཞིང་། གོང་གསལ་སྐོར་དུས་སོ་སོར་དུས་རྒྱུན་དང་མི་འདྲ་བའི་ཕན་ཡོན་ལྷག་པར་ཆེ་བ་དུས་རྒྱུན་སྐོར་ཚད་སྐོར་བ་བཅུ་གསུམ་ཡིན་ནའང་སྐོར་དུས་གནས་སྒོ་དབྱེ་བའི་སྐབས་སུ་ཐེངས་གཅིག་སྐོར་བ་དང་མཚུངས་པ་ཡིན་ཞེས་གྲགས་སོ། ལུག་ལོའི་སྐོར་དུས་ནི་སྤྱིར་ན་ལོ་ཚེས་པ་དང་ཡིན་རུང་མི་ཚོགས་ཆེ་ཤོས་ཀྱི་དུས་ནི་བོད་ཟླ་བཞི་པ་དང་ལྔ་པའི་ནང་དུ་ཡིན།

གམམ་མཚོའི་སྐོར་ཆེན་སྐོར་སྐབས་གཉན་ཆེན་ཐང་ལྷའི་རི་བོ་དང་། མཚོ་གཉིས་ཀ་སྐོར་དགོས་པས་རྐང་ཐང་གི་ཉིན་༡༥-༢༥ཙམ་འགོར།མཚོ་གཅིག་པུ་སྐོར་ན་རྐང་ཐང་གིས་ཉིན་-རིང་སྐོར་ཐུབ། སེ་མོ་དོ་མཚོ་དཀྱིལ་དུ་ཡོད་སྟབས་དབྱར་དུས་མཇལ་བར་བསྐྱོད་མི་ཐུབ་པ་ལས་དེ་མིན་བཀྲ་ཤིས་དོ་དང་།   བྱ་དོ་གཉིས་མཇལ་ཐུབ་པའོ། །