ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ནང་ཕྱིར་གཏོང་གིས་གཙོ་བོ་བཟུང་ཡོད་པ།

སྤེལ་དུས 2010-10-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

 གསར་འགོད་པས་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་བོད་རང་སྐྱོང་ལྗོངས་ཀྱི་ཕྱིར་གཏོང་དང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་༥ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་༣.༩%འཕར་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཐདཕྱིར་གཏོང་ཚོང་དོན་གྱིས་གཙོ་ཁྲིད་གནས་བབ་བཟུང་བ་དང་ནང་འདྲེན་ཚོང་དོན་གྱི་འཕེལ་རྒྱས་བརྟན་པོ་མེད་པའིའཕེལ་ཕྱོགས་མངོན་པ་རེད།

ལྷ་སའི་འགག་སྒོའི་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པའི་གྲངས་གཞི་གསར་ཤོས་ལས་ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་བོད་ཀྱི་ཕྱིར་གཏོང་སྤྱི་འབོར་ཨ་སྒོར་དུང་ཕྱུར༤.༥ཟིན་ནས་དུས་མཚུངས་ལས་༦༨.༩%འཕར་བ་དང་།ནང་འདྲེན་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་༠.༥ཟིན་ནས་དུས་མཚུངས་ལས་༡༢༩.༡%འཕར་བ་མཚོན་ཞིང་།གྲངས་གཞི་དེ་ལ་བོད་ཀྱི་ཕྱི་ཕྱོག་ཚོང་དོན་ནང་ཕྱིར་གཏོང་གིས་གཙོ་བོ་བཟུང་བ་མཚོན་ཡོད།

བོད་ལྗོངས་ཀྱི་ཕྱིར་གཏོང་དང་ནང་འདྲེན་ཚོང་དོན་ཐད་ཟླ་འཁོར་མོའི་འཕེལ་རྒྱས་དོ་སྙོམ་མེད་པ་དེའི་ནང་ནང་འདྲེན་གྱི་ཚོང་དོན་དེ་གཙོ་བོ་ཟླ་༡ནས་༣བར་གཅིག་སྡུད་བྱས་ཡོད། 

དུས་ཚིགས་དང་པོ་ནས་གསུམ་པ་བར། བོད་ལྗོངས་ཀྱི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་འཁལ་འཐག་ཐོན་རྫས་དང་།འཕྲུལ་གློག་ཐོན་རྫས།ཞིང་ལས་ཐོན་རྫས་བཅས་ཡིན་པ་དང་ཐོན་རྫས་རིགས་གསུམ་པོ་དེས་ཕྱིར་གཏོང་སྤྱི་འབོར་གྱི་༧༠%ཡན་བཟུང་བ་དེའི་ནང་འཁལ་འཐག་ཐོན་རྫས་ཕྱིར་གཏོང་བྱས་པར་དངུལ་འབོར་ཨ་སྒོར་དུང་ཕྱུར་༡.༩ཟིན་ནས་དུས་མཚུངས་ལས་༡༠༤.༡%འཕར་བ་དང་།འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱས་པར་དངུལ་འབོར་ཨ་སྒོར་ཁྲི་༨༡༩༧.༩ཟིན་ནས་དུས་མཚུངས་ལས་༥༢.༥%འཕར་བ།ཞིང་ལས་ཐོན་རྫས་ཁག་ཕྱིར་གཏོང་བྱས་པར་དངུལ་འབོར་ཨ་སྒོར་ཁྲི་༤༤༧༤.༡ཟིན་ནས་དུས་མཚུངས་ལས་༥༧.༢%འཕར་བ་བཅས་རེད།གཞན་ཡང་དབྱར་རྩྭ་དགུན་འབུ་དང་སྒོག་པ་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱས་པའི་དངུལ་འབོར་ཆེན་པོ་འཕར་ཡོད་པ་རེད།