ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

༄༅།།བོད་ལྗོངས་སོགས་ལྗོངས་ཞིང་དྲུག་ཐའེ་ཝན་དུ་ཡུལ་སྐོར་ལ་འགྲོ་ཆོག་པའི་ས་ཁུལ་སྐོར་གསུམ་པའི་གྲས་སུ་ཚུད་རྒྱུ་ཡིན་པ།

སྤེལ་དུས 2010-05-14 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། བདེ་ལྷ་མོས་བསྒྱུར། ཟླ་གཞོན་ནས་ཞུས།

མཚོ་འགག་ངོགས་གཉིས་ཀྱི་ཡུལ་སྐོར་འབྲེལ་འདྲིས་མཐུན་ཚོགས་ཀྱི་ཐའེ་པེའི་དོན་གཅོད་ཁང་ཚེས་༧ཉིན་དབུ་བརྙེས་ཤིང་། ཆེད་དུ་དབུ་བརྙེས་པའི་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་ཡུལ་སྐོར་ཚོགས་པའི་ཚོགས་གཙོ་ཧྲའོ་ཆི་ཝེ་ཡིས་དབུ་བརྙེས་པའི་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་མཚོ་འགག་ངོགས་གཉིས་ཀྱི་ཡུལ་སྐོར་ལས་རིགས་གོང་དུ་སྤེལ་བའི་སྐོར་གྱི་ཕུགས་འདུན་༦བཏོན་པ་རེད།

ཕུགས་འདུན་དང་པོ་ནི་ཐའེ་ཝན་དུ་འགྲོ་བའི་སྐམ་སའི་ཡུལ་སྐོར་བ་ལོ་འདིར་ཁྲི་བརྒྱ་ལས་བརྒལ་རྒྱུ་དང་། ཕུགས་འདུན་གཉིས་པ་ནི་སྐམ་སའི་སྡོད་དམངས་ཐའེ་ཝན་དུ་ཡུལ་སྐོར་ལ་འགྲོ་ཆོག་པའི་སྒོ་འབྱེད་ས་ཁུལ་གྱི་ཁྱབ་ཁོངས་ཇེ་ཆེར་གཏོང་རྒྱུ་སྟེ། མི་འགྱངས་པར་ནང་སོག་དང་བོད་ལྗོངས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་བཅས་ལྗོངས་ཞིང་དྲུག་སྐམ་སའི་སྡོད་དམངས་ཐའེ་ཝན་དུ་ཡུལ་སྐོར་ལ་འགྲོ་ཆོག་པའི་སྒོ་འབྱེད་ས་ཁུལ་སྐོར་གསུམ་པའི་གྲས་སུ་ཚུད་པར་འགྱུར་རྒྱུ་ཡིན་ལ།  སྒོ་འབྱེད་པའི་ཁྱབ་ཁོངས་དེ་ལྗོངས་ཞིང་དང་གྲོང་ཁྱེར་༣༡བར་ཇེ་མང་དུ་གཏོང་རྒྱུ་ཡིན་པ་རེད། ཕུགས་འདུན་གསུམ་པ་ནི་སྐམ་སའི་མི་སྒེར་ཐའེ་ཝན་དུ་ཡུལ་སྐོར་ལ་ཡོང་བར་གྲ་སྒྲིག་བྱེད་རྒྱུ། བཞི་བ་ནི་སྐམ་སའི་འགྲུལ་ཁུངས་ས་ཁུལ་གཙོ་བོ་དང་ཐའེ་ཝན་གྱི་ཡུལ་སྐོར་ལས་རིགས་བར་ཕན་ཚུན་འབྲེལ་འདྲིས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྔ་བ་ནི་མཉམ་གཅིག་ཏུ་མཚོ་འགག་ངོགས་ཀྱི་ཡུལ་སྐོར་གྲགས་རྟགས་གཏོད་རྒྱུ། དྲུག་པ་ནི་མཚོ་འགག་ངོགས་གཉིས་ཀྱི་ཡུལ་སྐོར་དེ་ཐོན་ལས་ཅན་དུ་གོང་འཕེལ་གཏོང་རྒྱུ་བཅས་རེད།

  ཁོང་གིས་ད་དུང་འདི་སྐད། ཟླ་འདིའི་ཚེས་༤ཉིན། ཐའེ་ཝན་གྱི་མཚོ་འགག་ངོགས་གཉིས་ཀྱི་ཡུལ་སྐོར་མཐུན་ཚོགས་ཀྱི་པེ་ཅིང་ཡན་ལག་ཁང་དངོས་སུ་དབུ་བརྙེས་ཤིང་།  མཚོ་འགག་ངོགས་གཉིས་ཀྱིས་ཐེངས་དང་པོར་ཕན་ཚུན་གྱི་ས་ཆར་རྒྱུན་སྡོད་ཡུལ་སྐོར་དོན་གཅོད་ཁང་བཙུགས་པ་དང་། དེ་ནི་མཚོ་འགག་ངོགས་གཉིས་བར་བྱུང་བའི་མཚོན་བྱེད་རང་བཞིན་ལྡན་པའི་དོན་ཞིག་ཡིན་ལ་ལོ་རྒྱུས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བཙུགས་པའི་ཡུལ་སྐོར་དོན་གཅོད་ཁང་དེ་གཉིས་མཚོ་འགག་ངོགས་གཉིས་ཀྱི་ཡུལ་སྐོར་ལས་རིགས་བར་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་ཞབས་ཞུ་སྒྲུབ་པའི་སྒེའུ་ཁུང་ལྟ་བུར་འགྱུར་རྒྱུ་རེད།