ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག

སྤེལ་དུས 2021-10-29 ཡོང་ཁུངས། འཕྲིན་སྟེགས། རྩོམ་པ་པོ།
        གཞི་རྩའི་གནས་ཚུལ།
       རྒྱ་ཡིག་གི་མིང་།《藏史纲要》
       རྩོམ་པ་པོ།ཐུབ་བསྟན་ཕུན་ཚོགས།
       དཔེ་སྐྲུན་ཁང་།མི་རིགས་དཔེ་སྐྲུན་ཁང་།
       པར་སྐྲུན་གྱི་ལོ།སྤྱི་ལོ2014ལོའི་ཟླ6པ།
       དཀར་ཆག
       1   རྩོམ་པ་པོ།
       2   ངོ་སྤྲོད།
       3   དཀར་ཆག
       1 རྩོམ་པ་པོ།
       ཐུབ་བསྟན་ཕུན་ཚོགས་ནི་སྤྱི་ལོ1955ལོའི་ཟླ2པའི་ཚེས7ཉིན་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དཔལ་སྤུངས་ཤང་གི་དཔའ་འོག་འབྲོག་སྡེ་རུ་སྐུ་འཁྲུངས། ཕ་མ་གཉིས་ཀྱི་སྐུ་དྲིན་འོག་ཕྱུགས་རྫི་ཁོ་ན་བྱེད་མ་དགོས་པར་ཡི་གེ་སློབ་པའི་སྐལ་བ་བྱུང་བ་དང་། དཔོན་རུ་ཚེ་རིང་འགྱུར་མེད་ཟེར་བའི་མདུན་དུ་ཡི་གེ་བསླབས། སྤྱི་ལོ1986ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས་པ་ཡིན་ལ། སྤྱི་ལོ2012ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཕེབས་ནས་ད་རག་བར་དུ་གནས་དེ་རུ་བྱ་བ་གཉེར་བཞིན་ཡོད། ཁོང་ནི་ཆུང་དུས་ནས་རྣམ་རིག་རྒོད་པས་ལོ་གཅིག་ཙམ་གྱི་རིང་ལ་ཀློག་འདོན་མཐར་ཕྱིན་པ་ཤེས་ཤིང་སྐབས་འགར་གྲོང་སྡེར་ཨ་མཆོད་དུ་སོང་བ་དང་ཡོན་ཏན་དཔལ་བཟང་གི་མདུན་ནས་གཏོ་མདོས་ཡས་གླུད་སྐོར་ཡང་བྱང་ཆུབ་པར་བསླབས། སྤྱི་ལོ1964ལོར་དཔལ་སྤུངས་སུ་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་བཙུགས་པས་དགེ་རྒན་ཕིང་ལགས་ཀྱི་དྲུང་ནས་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཙམ་སྦྱངས་རྗེས་རིག་གནས་གསར་བརྗེའི་འགོ་ཚུགས་ནས་སློབ་གྲྭ་ཐོར། དེའི་རྗེས་ལྷ་རྗེ་ཡོན་ཏན་ཕུན་ཚོགས་དང་མཇལ་བས་ཁོ་རང་ལ་སྨན་སྦྱང་འདོད་ཆེན་པོ་ཞིག་སྐྱེས་ནས་སྨན་བསླབ་པའི་རེ་བ་ཡང་ཡང་ཞུས་པར་བརྟེན་ལྷ་རྗེས་ཀྱང་མོས་མཐུན་གནང་ཞིང་རྩ་མདོ་ཆུ་མདོ་སོགས་བསླབས། དེ་ནས་མུ་མཐུད་དུ་མཁས་དབང་ཐང་བླ་ཚེ་དབང་དང་སྐྱབས་ཆེན་ཕན་བདེ་སོགས་སློབ་དཔོན་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྒྲ། བོད་ཀྱི་ལོ་རྒྱུས། སྙན་ངག ཚད་མ། མངོན་བརྗོད། སྡེབ་སྦྱོར། སྤྱོད་འཇུག དབུ་ཕར་འདུལ་མཛོད། བྲིས། རི་མོ་དང་གསང་སྔགས་ཀྱི་ཆོས་སྐོར་སོགས་བསླབས་ཏེ་ས་གནས་དེར་ཅུང་སྙན་གྲགས་ལྡན་པའི་མཁས་པ་ཆུང་ཆུང་ཞིག་དང་མི་དམངས་ལ་ཕན་ཐོགས་ཆེ་བའི་སྨན་པ་ཆུང་ཆུང་ཞིག་ཏུ་གྱུར།
       སྤྱི་ལོ1986ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས་པ་དེ་ནི་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་མི་ཚེའི་ཁ་ཕྱོགས་འགྱུར་མཚམས་ཤིག་དང་རྗེས་མའི་ལས་དོན་ལ་ཁ་ལོ་བསྒྱུར་བའི་གོ་སྐབས་ཤིག་ཏུ་གྱུར། སྐབས་དེ་དུས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིག་གིས་རྒྱལ་ས་པེ་ཅིན་སོགས་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་པ་ནི་ཕལ་ཆེར་རང་རྒྱལ་དུ་ཐེངས་དང་པོ་ཡིན་སྟབས་སྤྱི་ཚོགས་ནས་བཤད་སྲོལ་འདྲ་མིན་བྱུང་ཡོད་མོད། ཁོང་གིས་དེ་དག་བཏང་སྙོམས་སུ་བཞག་སྟེ་ནན་ཏན་གྱིས་སློབ་ཁྲིད་ཅི་ནུས་ཀྱིས་བྱས་པ་དང་ཞོར་དུ་རྒྱ་ཡིག་དང་དབྱིན་ཡིག་ལ་ནན་ཏན་གྱིས་སྦྱངས་ཤིང་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་འགོ་བརྩམས་པ་དང་། ད་དུང་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་དུ་གནའ་རྫས་རྟོག་དཔྱོད་རིག་པར་ཟབ་སྦྱོང་བཅས་བྱས་ནས་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་ཡོང་བར་བརྩོན་པ་ཆེན་པོ་བྱས། ཁོས་སློབ་མ་ཚོའི་འདོད་མོས་ལྟར་སྙན་ངག་དང་སུམ་རྟགས་དག་གསུམ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ཤེས་བྱ་ཀུན་ཁྱབ། སྨན་རྩིས་བཅས་བསླབས་ཏེ་ཡུན་རིང་མ་འགོར་བར་སློབ་གྲྭ་དེའི་བོད་ཡིག་དགེ་རྒན་གྱི་རྐང་འཛིན་པ་ཞིག་ཏུ་གྱུར་པར་མ་ཟད་སློབ་དཔོན་གཞོན་པ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། བོད་སྨན་ཞིབ་འཇུག་ཁང་གི་འགོ་འཛིན་པ་བཅས་ཀྱི་འགན་ལྕི་དང་དུ་བླངས། སྤྱི་ལོ2012ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཕེབས་ནས་མུ་མཐུད་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་འབད་འབུངས་དང་སློབ་བུ་རྣམས་ལ་ཕྱི་ནང་རིག་པའི་བདུད་རྩི་གནང་བཞིན་ཡོད། ཁོང་གིས་ལོ་མང་པོའི་རིང་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྤྱིའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་མངོན་སུམ་དང་རྗེས་དཔག་གི་ཚད་མའི་རིགས་ལམ་དྲང་མོས་ལེགས་ཉེས་ལ་བརྡར་ཤ་ནན་མོ་བཅད་པ་དང་། རིས་མེད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་ཉིད་ལ་ཐུན་མིན་གྱི་ལྟ་བ་ཞིག་ཆགས་ཡོད། གཞན་ཡང་ཁོང་གིས་གསོ་བ་རིག་པའི་སྐོར་དང་སྐར་རྩིས། འབྱུང་རྩིས་སོགས་རིག་གནས་གཞན་དག་ཐད་ལའང་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད།
       ཁོང་གིས་ལོ་བཅོ་ལྔ་ཙམ་གྱི་རིང་དུ་བསྟན་བཅོས་དེབ་མང་པོ་བརྩམས་ཡོད་པ་འདི་ལྟར་ཏེ། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་ར་གའི་ལྡེ་མིག》སྟོད་སྨད་གཉིས། 《རྩིས་གཞུང་རིན་ཆེན་སྙིང་བོ》《སུམ་རྟགས་ཀྱི་དྲི་བ་དྲིས་ལན》《གསོ་རིག་སྙིང་ནོར་གཅེས་བཏུས》《གསོ་བྱ་ལུས་ཀྱི་རྣམ་བཤད》《གསོ་བྱེད་ཐབས་ཀྱི་རྣམ་བཤད》《ངོས་འཛིན་རྟགས་ཀྱི་རྣམ་བཤད》《ཟླ་བའི་གོ་ལའི་གཤེར་གཟུགས་ཀྱི་རྣམ་བཤད》རྩོམ་སྒྲིག་གནང་བའི《རྩ་རླུང་འཕྲུལ་འཁོར》སོགས་ཡོད།

2 ངོ་སྤྲོད།
       དེབ་འདིའི་ནང་དུ་ལོ་རྒྱུས་དང་སངས་རྒྱས་ཆོས་ལུགས་གཉིས་ལ་དབྱེ་བ་ནན་མོ་ཕྱེ་སྟེ། ལོ་རྒྱུས་ནི་སངས་རྒྱས་ཆོས་ལུགས་མ་དར་བའི་སྔོན་དུ་བྱུང་བ་ཞིག་ཡིན་པ་དང་། སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཡན་ནས་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚོད་གསལ་བོར་བཀོད་ཡོད། རང་རེའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་གནའ་རབས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཚན་རྩལ་བཅས་ཀྱི་སྐོར་གཙོ་གནད་བཟུང་སྟེ་བཤད་པ་དང་། ལྷག་པར་དུ་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་སྟངས་ཀྱི་དུས་རིམ་གྱི་ཆོས་ཉིད་དང་ལྡན་པ་ཞིག་གི་ལོ་རྒྱུས་ཧ་ཅང་ཉུང་བར་དགོངས་ནས་བསྐལ་བ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་ཀྱི་དུས་ནས་བོད་ཁམས་སིལ་བུར་ཐོར་བའི་དུས་སྐབས་བར་གྱི་བོད་ཀྱི་ས་ཁམས་ཆགས་ཚུལ། ཡ་ཐོག་གི་བོད་མི་བྱུང་ཚུལ། ཡ་ཐོག་གི་བོད་མིའི་ཤེས་ཡོན། རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་མངའ་མཛད་གནོད་སྦྱིན་ནག་པོ་སོགས་གདུག་ཅིང་རྩུབ་པའི་དུས་རབས་བཅུ་རིམ་བཞིན་བྱུང་ཚུལ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། སིལ་མ་བཞི་བཅུ་པཅས་ཀྱི་དུས་ཚོད་དང་མི་མིང་ས་མིང་སོགས་ཁ་གསལ་བོར་བཀོད་ཡོད། དེའི་རྗེས་སུ་སྤུ་རྒྱལ་གྱི་དུས་རབས་དང་ཆོས་ལྡན་རྒྱལ་རབས་དར་ཚུལ་དང་། བོད་སིལ་བུར་ཐོར་བ་ནས་ད་བར་གྱི་སྲིད་འབྱོར་རིག་གནས་དང་སློབ་གསོ། ཚན་རིག་ལག་རྩལ། དམག་དོན་བཅས་ཞིབ་པར་བཀོད་པ་ནི་ཁོང་གིས་དེབ་འདི་བརྩམས་པའི་དམིགས་ཡུལ་དང་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན།
       3 དཀར་ཆག
       སྔོན་འགྲོའི་ཞུ་མཆིད།
       ལེའུ་དང་པོ། བསྐལ་པ་ཡ་ཐོག་གི་སྐོར།
       ས་བཅད་དང་པོ། བོད་ཀྱི་ས་ཁམས་ཆགས་ཚུལ།
       ས་བཅད་གཉིས་པ། བསྐལ་པ་ཡ་ཐོག་གི་བོད་མི།
       གཅིག མི་ཡི་འགྲོ་བ་བྱུང་ཚུལ།
       གཉིས། ཐུན་མོང་གི་ཐོན་སྐྱེད་དང་འཚོ་བ་སྤྱོད་ཚུལ།
       གསུམ། བོད་མིའི་རུས་གྱེས་ཚུལ།
       ས་བཅད་གསུམ་པ། བསྐལ་པ་ཡ་ཐོག་གི་བོད་མིའི་ཤེས་རིག
       གཅིག རྡོ་ཆས་རྙིང་པའི་སྐབས་ཀྱི་ཤེས་རིག
       གཉིས། རྡོ་ཆས་གསར་པའི་སྐབས་ཀྱི་ཤེས་རིག
       ས་བཅད་བཞི་པ། གནའ་བོའི་དཔེ་རྙིང་ནང་འཁོད་པའི་ཡ་ཐོག་གི་ལོ་རྒྱུས་ཁག་གཅིག
       ལེའུ་གཉིས་པ། མངའ་མཛད་བྱུང་བའི་དུས་རབས་སྐོར།
       ས་བཅད་དང་པོ། མངའ་མཛད་ཐོག་མར་བྱུང་ཚུལ།
       ས་བཅད་གཉིས་པ། མངའ་མཛད་བཅུ་གཉིས་སྐབས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ།
       གཅིག དུས་རབས་ཀྱི་ལམ་ལུགས།
       གཉིས། གདོད་མིའི་བོན་དང་ཤེས་རིག
       གསུམ། གཡུང་དྲུང་བོན་དང་རིག་གནས།
       ལེའུ་གསུམ་པ། སྤུ་རྒྱལ་ཀྱི་དུས་རབས།
       ས་བཅད་དང་པོ། སྤུ་རྒྱལ་ཐོག་མར་བྱུང་ཚུལ།
       གཅིག གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཀྱི་སྐོར།
       གཉིས། གཉའ་ཁྲི་བཙན་པོ་བྱུང་བའི་ལོ་ཚིགས་ཀྱི་སྐོར།
       ས་བཅད་གཉིས་པ། སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་སྲིད་དབང་གི་ཁྱབ་ཁོངས།
       གཅིག ས་ཁོངས།
       གཉིས། ཁྲིམས་དང་ལས་ཀའི་སྒྲིག་གཞི།
       ས་བཅད་གསུམ་པ། སྤུ་རྒྱལ་རིམ་བྱོན་གྱི་གདུང་རབས་མདོར་བསྡུས།
       གཅིག གནམ་གྱི་ཁྲི་བདུན།
       གཉིས། སྟོད་ཀྱི་སྟེང་གཉིས།
       གསུམ། ས་ཡི་ལེགས་དྲུག
       བཞི། ཆུ་ལ་ལྡེ་བརྒྱད།
       ལྔ། ཚིགས་ལ་བཙན་ལྔ།
       དྲུག ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི།
       ས་བཅད་བཞི་པ། རིག་གནས་དང་ཆོས་ལུགས་ཀྱི་སྐོར།
       གཅིག རིག་གནས་དང་ཐོན་སྐྱེད་ལག་རྩལ།
       གཉིས། བོན་དར་ནུབ་ཀྱི་བྱུང་བ་བརྗོད་པ།
       ལེའུ་བཞི་པ། ཆོས་ལྡན་རྒྱལ་རབས།
       ས་བཅད་དང་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་བཟུང་ཞིང་བོད་ཡོངས་གཅིག་གྱུར་མཛད་པ།
       ས་བཅད་གཉིས་པ། སྤུ་རྒྱལ་རིམ་བྱོན་ལས་ཆོས་ལྡན་རྒྱལ་རབས་ཀྱི་གདུང་རབས་མདོར་བསྡུས།
       ས་བཅད་གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་རྒྱལ་རབས་ཀྱི་ལོ་ཚིགས།
       གཅིག ཆོས་རྒྱལ་སྲོང་བཙན་སྒམ་པོ།
       གཉིས། དབོན་སྲས་མང་སྲོང་མང་བཙན།
       གསུམ། འདུས་སྲོང་མང་རྗེ།
       བཞི། ཁྲི་སྲོང་ལྡེ་བཙན།
       ལྔ། མུ་ནེ་བཙན་པོ།
       དྲུག མུ་ཏིག་བཙན་པོ།
       བདུན། སད་ན་ལེགས་མཇིང་ཡོན།
       བརྒྱད། ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན།
       དགུ འུ་དུམ་བཙན་ནམ་གླང་དར་མ།
       ས་བཅད་བཞི་པ། ཁྲིམས་དང་ལས་ཀའི་སྒྲིག་གཞི་གཏན་ལ་ཕབ་པ།
       གཅིག ཁྲིམས་ཡིག་དོན་ཚན་སོ་དྲུག་གམ་ཁོད་སོ་དྲུག་གི་སྐོར།
       1. ཁོད་སོ་དྲུག་ལས་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག
       2. ཁོད་སོ་དྲུག་ལས་བཀའ་གྲོས་ཆེན་པོ་དྲུག
       3. ཁོད་སོ་དྲུག་ལས་ཡིག་ཚང་དྲུག
       4. ཁོད་སོ་དྲུག་ལས་ཕྱག་རྒྱ་དྲུག
       5. ཁོད་སོ་དྲུག་ལས་རྐྱེན་དྲུག
       6. ཁོད་སོ་དྲུག་ལས་དཔའ་ཚན་དྲུག
       གཉིས། ལས་ཀའི་སྒྲིག་གཞི་གཏན་ལ་ཕབ་པ།
       1. བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ།
       2. ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་པ།
       3. རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་དུ་ཕྱེ་བ།
       4. གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད་པ།
       5. ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་པ།
       6. དཔའ་སྡེ་གསུམ་གྱི་མཐའ་ཡི་སོ་ཁ་སྲུང་།
       ས་བཅད་ལྔ་པ། ཆོས་ལྡན་རྒྱལ་རབས་སྐབས་སུ་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ཀྱི་སྐོར།
       གཅིག ཕྱི་ཕྱོགས་སུ་འབྲེལ་བ་རྒྱ་བསྐྱེད་པ།
       1. བོད་བལ་འབྲེལ་བ།
       2. བོད་ཐང་འབྲེལ་བ།
       3. བོད་འཕགས་འབྲེལ་བ།
       4. བོད་ལི་འབྲེལ་བ།
       གཉིས། རིག་གནས་སློབ་གསོའི་སྐོར།
       1. ཡུལ་གཞན་གྱི་རིག་གནས་ཀྱི་ཉིང་བཅུད་བླངས་པ།
       2. ཆེད་སྦྱོང་གི་སློབ་གྲྭ་བཙུགས་པ།
       3. རྩལ་དང་རྩེད་མོའི་སྐོར།
       གསུམ། བཟོ་རིག་ལག་རྩལ་གྱི་སྐོར།
       1. མཁར་རྩིག་དང་ལྷ་བཟོའི་ལག་རྩ།
       2. ལྕགས་ཟམ་བཟོ་སྐྲུན་གྱི་ལག་རྩལ།
       ས་བཅད་དྲུག་པ། གསང་སྔགས་རྙིང་མའི་གྲུབ་མཐའའི་བྱུང་བ་རགས་ཙམ་བརྗོད་པ།
       གཅིག སློབ་དཔོན་པདྨ་འབྱུང་གནས་ལས་བརྒྱུད་ཚུལ།
       གཉིས། གྲུབ་ཆེན་བེེ་རོ་ཙ་ན་ལས་བརྒྱུད་ཚུལ།
       གསུམ། པཎ་ཆེན་བི་མ་མི་ཏྲ་ལས་བརྒྱུད་ཚུལ།
       བཞི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ལས་བརྒྱུད་ཚུལ།
       ལྔ། རྨ་གཉགས་གནུབས་གསུམ་སོགས་ལས་བརྒྱུད་ཚུལ།
       དྲུག ཕྱིས་ཀྱི་གཏེར་སྟོན་རྣམས་ལས་བརྒྱུད་ཚུལ།
       ས་བཅད་བདུན་པ། བན་བོན་འཁྲུགས་པས་བོད་སྲིད་འཐོར་བ།
       གཅིག བོན་ཆོས་བར་གྱི་འགལ་བའི་རྣམ་པ་དེ་ཐོག་མར་བྱུང་ཚུལ།
       གཉིས། བོད་བཙན་པོའི་རྒྱལ་རབས་འཇིག་པའི་སྐོར།
       ལེའུ་ལྔ་པ། བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།
       ས་བཅད་དང་པོ། བོད་ཁམས་སིལ་བུར་འཐོར་བའི་རྒྱུ་རྐྱེན།
       གཅིག བཙན་པོ་བཀྲོངས་ཤིང་དབུ་གཡོ་འཁྲུག་པ།
       གཉིས། འབངས་གྱེན་ལོག་གི་སྐོར།
       ས་བཅད་གཉིས་པ། ནང་གཉིས་སུ་གྱེས་པའི་བཙན་པོའི་གདུང་རྒྱུད་ཀྱི་སྐོར།
       གཅིག འོད་སྲུངས་ཀྱི་གདུང་རྒྱུད་སྐོར།
       གཉིས། ཁྲི་ལྡེ་ཡུམ་བརྟན་གྱི་གདུང་རྒྱུད།
       གསུམ། བོད་ཀྱི་རྒྱལ་རབས་འཐོར་རྗེས་ཀྱི་གདུང་རབས་རེའུ་མིག
       ས་བཅད་གསུམ་པ། བསྟན་པ་ཕྱི་དར་གྱི་དུས་ཚིགས།
       གཅིག བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ལོ་སྐོར།
       གཉིས། དམར་གཡོ་གཙང་གསུམ་དབུས་ནས་གནས་བྱོལ་དུ་ཕེབས་པའི་དུས་ཚིགས།
       ས་བཅད་བཞི་པ། བོད་ཁམས་སིལ་བུར་གནས་སྟངས།
       གཅིག ཡུལ་གྲུ་སོ་སོའི་ཚོ་དཔོན་སྐོར།
       གཉིས། གླིང་རྗེ་གེ་སར་གྱི་སྐོར།
       1. གླིང་གེ་སར་གྱི་འཁྲུངས་ཡུལ་སྐོར།
       2. གླིང་གེ་སར་འཁྲུངས་དུས་ཀྱི་སྐོར།
       ས་བཅད་ལྔ་པ། ཆོས་དང་རིག་གནས་གཉིས་ལྷན་ཅིག་ཏུ་དར་རྒྱས་དང་གོང་འཕེལ་ཕྱིན་པའི་སྐོར།
       གཅིག བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ།
       གཉིས། མར་པ་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ཚུལ།
       གསུམ། ཤངས་པ་བཀའ་བརྒྱུད།
       བཞི། ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ།
       ལྔ། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ།
       ལེའུ་དྲུག་པ། ས་སྐྱ་པའི་སྲིད་སྐྱོང་དུས་རབས།
       ས་བཅད་དང་པོ། ས་སྐྱ་པས་བོད་ཡོངས་ལ་དབང་སྒྱུར་བྱས་པ།
       གཅིག ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་བའི་རྒྱུ་རྐྱེན།
       གཉིས། འཁོན་གྱི་གདུང་རྒྱུད་ཇི་ལྟར་བྱུང་བའི་སྐོར།
       གསུམ། ཧོར་དམག་བོད་དུ་ལྷགས་ནས་ས་པཎ་ཧོར་ཡུལ་དུ་གདན་འདྲེན་ཞུས་པ།
       བཞི། འགྲོ་མགོན་འཕགས་པས་བོད་ཡོངས་ལ་དབང་སྒྱུར་བྱས་ཤིང་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་དངོས་སུ་ཚུགས་པ།
       ས་བཅད་གཉིས་པ། ཆོས་སྲིད་ཟུང་འབྲེལ་གྱི་སྲིད་འཛིན་སྒྲིག་གཞི་གཏན་འབེབས་བྱས་པ།
       གཅིག སྡེ་ཁག་སོ་སོའི་རྩ་འཛུགས་ཀྱི་སྒྲིག་གཞི།
       གཉིས། ཡོན་གོང་མས་བོད་དུ་ས་མི་དུད་རྩིས་བྱས་པ།
       གསུམ། ཆོལ་ཁ་གསུམ་གྱི་ས་རིས་དབྱེ་བ་དང་འཇའ་མོ་བཙུགས་པ།
       བཞི། བློན་པོ་མགར་གྱི་གདུང་རྒྱུད་ལ་མདོ་ཁམས་སྟོང་དཔོན་གྱི་དབང་བསྐུར་བར་སྡེ་དགེའི་རྒྱལ་རབས་ཞེས་པ་དེ་བྱུང་བ།
       གོང་མའི་དབུ་བླ་རིམ་བྱོན་དང་ས་སྐྱའི་དཔོན་ཆེན་གྱི་རེའུ་མིག
       ས་བཅད་གསུམ་པ། ཆོས་དང་རིག་གནས་གསར་དུ་དར་རྒྱས་བྱུང་ཚུལ།
       གཅིག ཆོས་ལུགས་དར་རྒྱས་བྱུང་བའི་སྐོར།
       1. ཇོ་ནང་པའམ་སྦྱོར་དྲུག་པའི་གྲུབ་མཐའ་བྱུང་བ།
       2. བསྙེན་སྒྲུབ་པའི་གྲུབ་མཐའ་བྱུང་བ།
       3. སྤྲུལ་སྐུ་ཐོག་མ།
       གཉིས། ཐུན་མོང་རིག་གནས་དར་རྒྱས་སུ་སོང་བའི་སྐོར།
       1. སྒྲ་ཚད་སྙན་ངག་ལ་སོགས་རིག་གནས་སྤྱི་ལ་དར་རྒྱས་བྱུང་ཚུལ།
       2. དངུལ་ཆུ་བཙོ་བཀྲུའི་ལག་ལེན།
       ས་བཅད་བཞི་པ། འབྲི་གུང་གླིང་ལོག་བྱུང་ཚུལ།
       ས་བཅད་ལྔ་པ། ས་སྐྱ་པའི་སྲིད་དབང་འཐོར་ཞིག་ཕྱིན་པའི་སྐོར།
       གཅིག ས་སྐྱའི་ནང་འཁོར་མ་འཆམས་པས་འགྲོ་མགོན་འཕགས་པར་སྐུ་བགེགས་བྱུང་བ།
       གཉིས། གཡའ་ཕག་འགལ་བ་དང་ས་ཕག་འགལ་བ་བསྟུད་མར་བྱུང་བ།
       གསུམ། བླ་བྲང་ཁག་བཞིར་གྱེས་པ་དེ་ས་སྐྱའི་སྲིད་དབང་ཤོར་བའི་རྒྱུ་རྐྱེན་གཙོ་བོར་གྱུར་པ།
       ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།
       ས་བཅད་དང་པོ། སྡེ་སྲིད་ཕག་མོ་གྲུ་པས་བོད་ཡོངས་ལ་དབང་སྒྱུར་བྱས་པ།
       གཅིག རླངས་ཀྱི་གདུང་རྒྱུད་བྱུང་ཚུལ་དང་དེ་ལ་ཕག་གྲུའི་མིང་ཐོགས་ཚུལ།
       གཉིས། ཕག་གྲུའི་ཁྲི་དཔོན་གྱི་ལོ་རྒྱུས་མདོར་བསྡུས།
       གསུམ། ཕག་གྲུའི་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ལ་དབང་སྒྱུར་བྱས་པ།
       བཞི། ཕག་གྲུའི་སྡེ་སྲིད་རིམ་བྱུང་གི་ལོ་རྒྱུས་མདོར་བསྡུས།
       ལྔ། འཁྲུལ་སེལ་གྱི་སྐོར།
       ས་བཅད་གཉིས་པ། ཕག་གྲུའི་སྡེ་སྲིད་སྐབས་ཀྱི་ཁྲིམས་དང་སྒྲིག་གཞིའི་སྐོར།
       གཅིག རྩ་ཁྲིམས་གཏན་འབེབས་བྱས་པ།
       གཉིས། མི་དོན་སྒྲིག་སྲོལ་སྐོར།
       གསུམ། འགྱེད་དང་ཁྲལ་ཆག་སྐོར།
       ས་བཅད་གསུམ་པ། བོད་ཁམས་འཛུགས་སྐྲུན་གྱི་སྐོར།
       གཅིག ལྷ་ཁང་དང་རྟེན་གསུམ་གསར་བཞེངས་བྱུང་ཚུལ།
       གཉིས། ཁོར་ཡུག་ལེགས་བཅོས་སྐོར།
       གསུམ། པར་འདེབས་ལག་རྩལ་དར་སྤེལ་བྱས་པའི་སྐོར།
       ས་བཅད་བཞི་པ། རིག་གནས་འཕེལ་རྒྱས་བྱུང་ཚུལ།
       གཅིག ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་བྱུང་ཚུལ།
       གཉིས། བཀའ་གདམས་གསར་མ་ཞེས་གྲགས་པའི་རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་ཚུལ།
       གསུམ། གསོ་རིག་འཕེལ་རྒྱས་སྐོར།
       བཞི། གནམ་དཔྱད་སྐར་རྩིས་འཕེལ་རྒྱས་སྐོར།
       ལྔ། ལྷ་བཟོའི་ལག་རྩལ་འཕེལ་རྒྱས་སྐོར།
       དྲུག ལོ་རྒྱུས་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་སུ་ཕྱིན་པ།
       ས་བཅད་ལྔ་པ། ཕག་གྲུའི་སྲིད་དབང་འཐོར་ཞིག་ཏུ་ཕྱིན་པ།
       གཅིག སྟག་ལོའི་སྡེ་གཟར་ཞེས་པས་ཕག་གྲུའི་ནང་འགལ་དང་། སྡེ་འཁྲུག་རྒྱུན་མི་ཆད་པ་བྱུང་བ།
       གཉིས། དཔོན་ཚབ་ཐེལ་གཏོང་བྱས་པས་རིན་སྤུངས་པའི་དབང་ཤུགས་ཇེ་ཆེར་ཕྱིན་པ།
       གསུམ། ཞིང་ཤག་པས་གྱེན་ལོག་བྱས་ཏེ་རིན་སྤུངས་པའི་སྟོབས་ཤུགས་བོམ་པས་རིམ་བཞིན་ཕག་གྲུའི་སྲིད་དབང་མཐུག་འགྲིལ་བ།
       ཆོས་རྒྱལ་རྣམ་གསུམ་དང་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་རེའུ་མིག
       ལེའུ་བརྒྱད་པ། གཙང་པ་རྒྱལ་པོའི་དུས་རབས།
       ས་བཅད་དང་པོ། གཙང་པ་རྒྱལ་པོའི་སྲིད་དབང་དངོས་སུ་བཙུགས་པ།
       གཅིག གཙང་པ་རྒྱལ་པོའི་གདུང་རབས་མདོར་བསྡུས།
       གཉིས། གཙང་པ་རྒྱལ་པོའི་སྲིད་གཞུང་གི་སྒྲིག་གཞི་དང་རྩ་ཁྲིམས།
       ས་བཅད་གཉིས་པ། དབུས་སོག་མཉམ་འབྲེལ་གྱིས་གཙང་ལ་ངོ་རྒོལ་བྱེད་པ།
       གཅིག དབུས་པས་སོག་དམག་དང་འབྲེལ་བ་ཐེངས་འགར་བྱས་པ།
       གཉིས། ཛ་དྲག་ཆེ་བའི་དམག་འཁྲུག་གིས་གཙང་པ་རྒྱལ་པོའི་སྲིད་དབང་གཏོར་བ།
       ལེའུ་དགུ་པ། དགའ་ལྡན་ཕོ་བྲང་གི་དུས་རབས།
       ས་བཅད་དང་པོ། དབུས་སོག་མཉམ་འབྲེལ་གྱིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ།
       གཅིག གོང་ས་ལྔ་པ་ཆེན་པོ་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་བདག་པོར་ཁྲིར་འཁོད་པ།
       གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང་། མངའ་རིས་སྐོར་གསུམ་སླར་ཡང་དབང་དུ་བྱས་པ།
       གསུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།
       བཀའ་བློན་རིམ་བྱོན་གྱི་རེའུ་མིག
       ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།
       གཅིག སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་པ།
       འོས་འགན་དང་འོས་ཐོབ་སོགས་ཀྱི་རེའུ་མིག
       གཉིས། ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།
       གསུམ། བོད་ཀྱི་དངུལ་ལོར་སྐོར།
       ས་བཅད་གསུམ་པ། རིག་གནས་སློབ་གསོའི་བྱ་གཞག་སྐོར།
       གཅིག ཆོས་ལུགས་ཀྱི་རིག་གཞུང་ལ་སློབ་གཉེར་དར་སྤེལ་གྱི་སྐོར།
       གཉིས། ཐུན་མོང་རིག་གནས་ཀྱི་སློབ་གསོ་དར་སྤེལ་གྱི་སྐོར།
       ས་བཅད་བཞི་པ། སྲིད་དབང་འཐོབ་རྩོད་ཀྱི་འཁྲུག་པ།
       གཅིག སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་སོག་པོ་ལྷ་བཟང་ཧན་བར་གྱི་འཁྲུག་པ་སོགས་འཁྲུག་རྩོད་འགའ་ཞིག་གི་སྐོར།
       གཉིས། ཕོ་ལྷ་བ་ང་ལུང་སྦྱར་གསུམ་སོགས་བཀའ་བློན་བར་གྱི་ནང་འཁྲུག
       གསུམ། བོད་ཀྱི་སྲིད་དབང་ཕལ་ཆེར་རྒྱལ་ཚབ་རྣམས་ཀྱིས་བཟུང་བས་ནང་འཁྲུགས་པ།
       བཞི། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྲིད་སྐྱོང་བའི་སྐབས་ཀྱི་བོད་ཀྱི་དུས་འགྱུར་སྐོར།
       ལྔ། རྭ་སྟག་གི་དོན་རྐྱེན་བྱུང་རྐྱེན།
       ས་བཅད་ལྔ་པ། བོད་དམག་གི་སྒྲིག་གཞིའི་སྐོར།
       ས་བཅད་དྲུག་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་མི་དམངས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ།
       བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན།
       བོད་ཀྱི་ལོ་རྒྱུས་དུས་རབས་རེའུ་མིག
       མཇུག་བྱང་།