དཔེ་ཉར་དང་དཔེ་ཀློག
སྤེལ་དུས 2017-08-29
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། སྒྲོལ་མ།
དེ་ཡང་ང་ཚེ་སྨད་ལ་ཐོན་དུས་ཆེས་སྤྱིར་བཏང་གི་བདེན་ལུགས་ཤིག་རྟོགས་པ་ནི། ཀྲུང་གོ་ནི་འཛམ་གླིང་སྟེང་དཔེ་ཉར་དང་དཔེ་ཀློག་ལ་ཆེས་དགའ་བའི་རྒྱལ་ཁབ་ཅིག་ཡིན་པ་དེ་རེད།
ཅི་ཞིག་ལ་དཔེ་ཆ་ཟེར་ཞེ་ན། ང་ལ་འདིར་མཚན་ཉིད་འཇོག་པའི་ནུས་པ་མེད་ལ་འཇོག་འདོད་པའི་བསམ་པའང་མི་འདུག ང་ཚོས་ཁུང་ཙི་ལ་དཔེ་སྦྱར་ནས་བཤད་ན། ཁོང་གིས་སྤོར་ཐང་ཀློག་དུས་ཀྱི་གཏམ་རྒྱུད་མིང་གྲགས་ཅན་དེ་ལ་བལྟས་ན། རྒན་པ་ཁོང་གིས་དཔེ་ཀློག་གི་ཆ་རྐྱེན་དེ་འདྲའི་ཞན་པ་ཞིག་གི་འོག་ནས་<<སྤོར་ཐང་།>>ལ་ལྟ་དུས། དཀའ་ངལ་མང་པོ་ཁྱད་དུ་བསལ་ནས་ཡང་ནས་བསྐྱར་དུ་ཐེངས་མང་པོ་ཞིག་ལ་བཀླགས་མྱོང་འདུག འདི་ནི་གཙོ་བོ་ཁོང་དཔེ་ཀློག་ལ་དགའ་བའི་དུང་སེམས་དེས་བསྐུལ་བ་རེད། སྐབས་དེར་ཤོག་བུ་ཞེས་པ་མེད་པར་རྩོམ་ཡིག་ནི་བཀྲག་རྩི་སྤྱད་ནས་སྨྱུག་ལེབ་སྟེང་འབྲི་དགོས་ལ། སྨྱུག་ལེབ་དག་རྒྱུན་བུས་སྦྲེལ་ནས་དཔེ་ཆ་གྲུབ་པ་རེད། ལྟ་ཀློག་བྱེད་དུས་དེ་འདྲའི་སྟབས་བདེ་ཞིག་མིན་པར་མ་ཟད་ཤོག་ངོས་བརྗེ་དུས་ཀྱང་སྟབས་བདེ་པོ་མ་རེད།
དེའི་རྗེས་ནས། ཤོག་བུ་གསར་གཏོད་བྱས་ཡོད་ལ། དཔེ་ཆ་འབྲི་བའང་སྔོན་དང་བསྡུར་ན་སྟབས་བདེ་མོ་རུ་གྱུར་ཡོད། འོན་ཀྱང་། དེ་དུས་ད་དུང་པར་སྐྲུན་ལག་རྩལ་གསར་གཏོད་བྱས་མེད་པས་དཔེ་ཉར་དང་དཔེ་ཀློག་བྱེད་དགོས་ན་ཚང་མ་ལག་བྲིས་བྱེད་དགོས་པ་རེད། དེ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ལ་མི་ཞིག་གིས་ཚེ་གང་བོར་བྲིས་ནའང་དཔེ་ཆ་འགའ་ཤས་ལས་འབྲི་ཐུབ་ཀྱི་མེད། ཡིན་ནའང་། དེ་འདྲའི་ཆ་རྐྱེན་ཐབས་ཆག་གི་འོག་ཏུའང་། སྐབས་དེའི་ཀློག་པ་པོ་རྣམས་ཀྱིས་དཔེ་ཀློག་གི་སྤྲོ་བ་དང་དུང་སེམས་ཇེ་དམའ་རུ་སོང་མེད། ང་ཚོའི་གནའ་དཔེ་མང་པོའི་ཁྲོད་ནས་གནའ་མིའི་དཔེ་ཉར་དང་དཔེ་ཀློག་དང་འབྲེལ་བའི་ངོ་མཚར་གྱི་གཏམ་རྒྱུད་མི་ཉུང་བ་ཞིག་ལྟ་ཐུབ། འདི་ནི་གཏམ་བཟང་ངམ་གཏམ་སྙན་ཞིག་ཏུ་ངོས་བཟུང་ཆོག གནའ་བའི་བརྩམས་ཆོས་འདི་འདྲའི་ཕུན་སུམ་ཚོགས་ལ་གྲངས་མེད་པ་ཞིག་ད་ལྟ་ད་དུང་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་ཅིང་། གནའ་བོའི་རིག་གནས་དང་སྲོལ་རྒྱུན་མང་པོ་ཞིག་དཔེ་ཆ་འདི་དག་ལ་བརྟེན་ནས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་བ་ནི་ང་ཚོ་ལ་དཔེ་ཉར་དང་དཔེ་ཀློག་ལ་དགའ་བའི་མེས་པོ་ཚོ་ཡོད་པའི་རྐྱེན་གྱིས་རེད།
དེའི་ཕྱིས་སུ། ང་ཚོས་པར་སྐྲུན་ལག་རྩལ་གསར་གཏོད་བྱས་ལ། དཔེ་ཆ་ཁྱབ་སྤེལ་བྱེད་རྒྱུའང་ཧ་ཅང་ལས་སླ་མོ་རུ་གྱུར། དུས་སྐབས་དེ་ནས་བཟུང་གནའ་དཔེའི་ཁྲོད་དཔེ་ཀློག་དང་དཔེ་ཉར་ལ་འབྲེལ་བའི་གཏམ་རྒྱུད་ཇེ་མང་ནས་ཇེ་མང་དུ་གྱུར། སུང་རྒྱལ་རབས་ཀྱི་པར་མ་དང་ཡོན་རྒྱལ་རབས། མིང་རྒྱལ་རབས་ཀྱི་པར་མ་སོགས་ནི་དཔེ་ཆའི་ནང་གི་རྩ་ཆེན་གྱི་རིགས་ལ་བརྩི་ཞིང་། རྒྱལ་རབས་རེ་རེར་མིང་གྲགས་ཅན་གྱི་དཔེ་ཉར་བ་འགའ་ཤས་ཡོད། དེ་ཡང་ཅཱང་ཡོན་ཐོག་ཁང། ཐེན་དབྱི་གནམ་ཁང་། ཧེ་ཡོན་གནམ་ཁང་། ཐཱེ་ཆན་ཐུང་ཅཱན་གནམ་ཁང་སོགས་བགྲང་མི་ཚར་མང་པོ་ཡོད། དེ་དག་ལས་ལ་ལ་རྩ་མེད་དུ་གྱུར་ཞིང་། ལ་ལ་ད་དུང་སྲུང་སྐྱོབ་བཟང་བོ་བྱས་ཡོད་པ་མ་ཟད་སྤྱི་ཚོགས་གསར་བ་ དེ་ཡང་དཔེ་ཀློག་པ་རྐྱང་རྐྱང་གི་ངོས་ནས་བཤད་ན། དཔེ་ཆ་དང་འབྲེལ་བའི་གཏམ་རྒྱུད་ཡིག་ངོར་བཀོད་པ་ཧ་ཅང་མང་ལ། དེའི་ནང་དུ་མི་རབས་རྗེས་མས་མིག་དཔེར་འཛིན་རུང་བའི་དཔེ་ཀློག་གི་གཏམ་རྒྱུད་ཀྱང་མང་པོ་འདུག དཔེར་ན། ཅིང་རྒྱལ་རབས་སྐབས་ཀྱི་སོན་ཁཱང་ཞེས་པའི་མི་དེ་ལ་མཚོན་ན། ཁྱིམ་ཚང་དབུལ་བོ་ཡིན་པའི་རྐྱེན་གྱིས་སྣུམ་འོད་ཉོ་བའི་དངུལ་མེད་པར་ཁང་བའི་ཕྱི་རོལ་གྱི་ཁ་བའི་ཐོག་ཏུ་འཕྲོས་པའི་ཟླ་འོད་ཀྱི་ལྡོག་འཕྲོ་ལ་བརྟེན་ནས་དཔེ་ཀློག་བྱས་པ་དང་། ཁྲི་དབྱིན་ལ་མཚོན་ན། དཔེ་ཀློག་བྱེད་པའི་ཕྱིའི་ཆ་རྐྱེན་ཇི་འདྲ་ཞན་ནའང་ཁོང་གི་དཔེ་ཀློག་གི་འདུན་པ་མ་ཞུམ་པར་སྲིན་འབུ་མེ་ཁྱེར་མང་པོ་ཁུག་མའི་ནང་བླུགས་ནས་དེའི་འོད་ཀྱིས་དཔེ་ཀློག་བྱས་མྱོང་། དེ་ཡང་མི་ཁ་ཤས་ཀྱིས་ཚོད་ལྟ་བྱས་པ་ལ། ཟླ་འོད་ཀྱི་ལྡོག་འཕྲོ་དང་སྲིན་འབུ་མེ་ཁྱེར་ཁུག་མ་ནང་བཅུག་པའི་འོད་ལ་བརྟེན་ནས་དཔེ་ཀློག་བྱེད་མི་ཐུབ་ནའང་། གཏམ་རྒྱུད་འདིས་མཚོན་པའི་དཔེ་ཀློག་གི་འདུན་པ་དྲག་པོ་དེ་མི་རྣམས་ཀྱི་སེམས་ནང་དུ་འབྱོར་ཐུབ་པ་བྱུང་ཡོད། དེ་མིན། མི་རྣམས་དཔེ་ཀློག་ལ་སྐུལ་བའི་ཚིག་དང་དཔེ་ཀློག་གི་དགའ་སྐྱོ་བརྗོད་པའི་སྙན་ཚིག་སོགས་ཀྱང་མང་པོ་ཡོད།
རྒྱལ་ཁབ་གཞན་དག་ལ་འདི་འདྲ་བའི་དཔེ་ཉར་དང་དཔེ་ཀློག་གི་མཁའ་དབུགས་མེད་ཅེས་བརྗོད་ན་ཐད་དྲགས་ཆེ་བ་ཡིན་ནའང་། རང་གི་མཐོང་ཐོས་ལྟར་ན། རང་རྒྱལ་དང་དོ་ཟླ་ཡོང་བ་མི་འདུག དེ་ཡང་འདི་འདྲའི་གནས་ཚུལ་འོག ངས་ད་བཟོད་ཀྲུང་གོ་ནི་འཛམ་གླིང་སྟེང་དཔེ་ཉར་དང་དཔེ་ཀློག་ལ་ཆེས་དགའ་བའི་རྒྱལ་ཁབ་ཅིག་རེད་ཅེས་ཚིག་བསྡུས་ཤིང་དང་དོན་སྙིང་ཆེ་བའི་བདེན་ལུགས་འདི་རྟོགས་པ་ཡིན། ཀྲུང་གོའི་གནའ་བོའི་འོད་སྟོང་འབར་བའི་རིག་གནས་ཀྱི་མང་ཆེ་ཤོས་ནི་དཔེ་ཆ་ལ་བརྟེན་ནས་རྒྱུད་འཛིན་དང་དར་སྤེལ་བྱས་ཡོང་བ་རེད། དུས་འདིར་སླེབས་དུས། ང་ཚོའི་ཡན་ཧང་གི་བུ་རབས་ཚ་རྒྱུད་ཚང་མས་གནད་དོན་འདི་ལ་ལྟ་ཕྱོགས་ཇི་འདྲ་ཞིག་འཛིན་པ་ནི་མི་རེ་རེས་ཟུར་བྱོལ་བྱེད་མི་ཐུབ་པའི་དོན་དག་ཅིག་རེད། ང་ཚོས་ངེས་པར་དུ་འཛམ་གླིང་སྟེང་འབུར་དུ་ཐོན་པའི་ཁྱད་ཆོས་འདི་རྒྱུན་འཛིན་བཟང་བོ་བྱེད་དགོས་ལ། དཔེ་ཆ་ཀློག་དགོས་པ་མ་ཟད་དཔེ་རབ་ཀྱི་རིགས་ལྟ་ཀློག་བྱེད་དགོས། འདི་འདྲ་བྱས་ཚེ། ང་ཚོ་ད་གཟོད་འདི་འདྲའི་འོད་སྟོང་འབར་བའི་རིག་གནས་བསྐྲུན་མཁན་གྱི་མེས་པོ་ཚོར་ངོ་གནོང་མི་དགོས་ལ། རང་གི་བུ་རབས་ཚ་རྒྱུད་དག་ལ་འབྱོར་བ་མི་དམན་པ་ཞིག་བསྐྲུན་ཡོད
1991ལོའི་ཟླ7པའི་ཚེས5ཉིན།