ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > བསྒྱུར་རྩོམ།

ཨུ་རུ་སུའི་ཕུ་ལེ་ཧྲི་ཝིན་གྱི་ལྷུག་རྩོམ་ཁག་གསུམ།

སྤེལ་དུས 2011-11-14 ཡོང་ཁུངས། དགེ་ཆོས་དྲ་བ། རྩོམ་པ་པོ། བསེ་ཆང་སངས་རྒྱས་དོན་གྲུབ་ཀྱིས་བསྒྱུར།

                                 ཨུ་རུ་སུའི་ཕུ་ལེ་ཧྲི་ཝིན་གྱི་ལྷུག་རྩོམ་ཁག་གསུམ།
                                                                                         
                                                                                                 ༼པེ་ཅིན༽

                                                        རང་ཁྱིམ།

     ང་རང་ཕྱི་སྣོད་ཀྱི་འཇིག་རྟེན་སྟེང་གི་མི་རྣམས་ཀྱི་ཤུལ་རྗེས་ལ་སྤྲོ་བ་སྐྱེས། མི་རྣམས་རྐང་རྗེན་དུ་ལྗོན་ཤིང་གསེབ་ཏུ་ཕྱིན་ པའི་རྟགས་མཚན་ཏེ། ཞབས་རྗེས་སུ་ཞབས་རྗེས་བསྟར་ནས་ཀྱག་ཀྱོག་གི་ལམ་ཕྲན་ཞིག་གྲུབ་འདུག སྔོ་ཐིང་ཐིང་གི་ སྤང་ལྗོངས་དང་ནེམ་ཤིག་ཤིག་གི་ན་ཐང་། ས་ཁར་མངོན་པའི་སྡོང་རྩྭ་བརྒྱུད་དེ། ནེའུ་གསིང་དང་གསོམ་ཤིང་གི་གསེབ་ དེད་ནས། འགབ་ཀྱི་ཆུ་ཕྲན་སྟེང་གི་གདུང་ཟམ་བརྒལ་ཏེ། བསྐྱར་དུ་བྲེལ་མྱུར་གྱིས། ཁང་བརྩེགས་ལ་འཛེགས་པ་ལྟར་ལྗོན་ པའི་རྩ་ནས་མཐོ་སར་བསྙེགས།

      ཀྱེ། ངེད་སྙིང་ཉེ་བའི་མི་རྣམས། གལ་སྲིད་རང་ཉིད་ཀྱི་ལམ་ཕྲན་མ་བརྗེད་ན་དངོས་ནས་གླེང་མི་ཚར་བའི་སྐད་ཆ་ མཆིས། ང་ཞབས་ཟུང་གི་འཁོར་ལོ་ནགས་ཚལ་དང་རྩྭ་ཐང་ལྷུན་པོ་སོགས་སུ་བསྒྱུར་ཡོད། ག་ས་གང་ཡང་རང་ཁྱིམ་ ཡིན། དེ་ཡང་ངས་རྒྱུན་དུ་གནས་དེ་དག་ལ་གཏམ་རྒྱུད་ཅིག་བྲིས་པ་ཙམ་གྱིས་འཐུས། ། 

                                                    ས་ཆེན་གྱི་སྤྱན།     
        སྲོད་དུས་སུ་རླུང་ལྡང་མཚམས་བཞག སྟག་པ་དཀར་བོའི་གསར་དུ་འབུས་པའི་ལོ་འདབ་དག་གྲག་འགུལ་ཅུང་ཙམ་ ཡང་མེད། སྟག་པ་དཀར་བོའི་རི་འགབ་ཏུ་མི་རྣམས་རྒྱུན་དུ་རྐང་ཐང་དང་ཤིང་རྟར་བསྐྱོན་ཏེ་འགྲོ་བཞིན་མཆིས་མོད་ཕྱོགས་ གང་དུ་བསྐྱོད་པ་ཤེས་མ་བྱུང་། ཉེ་འགྲམ་གྱི་བྱེ་སའི་ལམ་ཕྲན་དུ་ཁོ་བོས་བྱིས་པ་ཞིག་གི་རྐང་རྗེན་མཐོང་བྱུང་། སྙིང་ཤིན་ཏུ་རྗེ་ བོར་འདུག མིས་ཁྲེལ་དགོད་བགྱིས་པར་སྐྲག་པ་མིན་ན་ངས་དངོས་ནས་དེར་མཆུ་སྦྱོར་ངེས།

       རི་འགབ་ཀྱི་ལམ་གྱི་སྟེང་མི་སྐོར་ཞིག་ཤིང་རྟར་བསྡད་དེ་ཁ་བརྡ་གློད་ཀྱིན་འདུག ཁོ་ཚོའི་སྐད་སྒྲ་འཇམ་ཐིང་ངེར་གྱི་ ཆུ་ངོས་སུ་ཕོག་ལ་གསལ་ལྷང་ངེར་སྟག་པ་དཀར་བོའི་རི་སྟེང་དུ་ཁྱབ། ཕལ་ཆེར་ཤིང་རྟ་ཆེན་པོ་རེ་རེའི་འགྲམ་དུ་རྟེའུ་ཕྲུག་ ཅིག་རྒྱུགས་ཀྱིན་ཡོད། སོ་ནམ་པ་རྣམས་ཀྱི་ཁ་བརྡ་ནི་ཡུང་མ་སར་བཏབ་ཟིན་པའམ་ཏེ་མེ་ཐུ་ལེ·ཕ་ཧྥུ་ལོ་ཧྥུ་ཟེར་བ་ཞིག་ གིས་ཆུང་མ་འདས་ནས་བདུན་ཕྲག་དྲུག་མ་འགོར་བར་ཡང་བསྐྱར་གཉེན་བསྒྲིགས་བྱས་ཤིང་། དེ་ཡང་ཁོས་བྱིས་པ་དྲུག་སྙོར་ དགོས་པས་ཐབས་གཞན་གྱིས་སྟོང་བ། ད་དུང་མ་ལེ་ཡ་ཟེར་བ་ཞིག་ཡ་ཁེ་ཧྥུ·ཀེ་ལེ་ཀི་ལེ་ཡར་ཧྥུ་ཟེར་བ་ཞིག་གི་ཆུང་མ་ བྱས་ཟིན་ལ། ཁོ་མོ་ལོ་བཞི་བཅུ་ཞེ་དྲུག་དང་སྐྱེས་པ་དེ་ལོ་དྲུག་ཅུ་རེད། མ་ལེ་ཡ་བ་མོ་ཆུང་ཆུང་ཞིག་ཡོད་པ……ཤིང་རྟ་ཆེན་མོར་སྡོད་མཁན་རྗེས་མ་དག་གིས་མ་ལེ་ཡར་ཅི་ཞིག་ཡོད་པ་གསལ་བོར་མ་ཐོས་སྟབས། དེ་ནས་བ—མོ—ཆུང—ཆུང་ཞེས་པའི་ཡིག་འབྲུ་བཞི་བོའི་སྒྲ་རི་བོའི་སྟེང་གསལ་ལྷང་ལྷང་དུ་གྲགས།

         མཐར་ཡོད་ཚད་ལྷིང་འཇགས་སུ་གྱུར། གཙང་བོ་མཚོ་མོར་འདྲེས་མཚམས་ནས་ཨུ་ལེ་བདུན་གྱི་ཕ་རོལ་ནས་གྲགས་ པའི་བྱ་སྐད་གསལ་བོར་ཐོས་ཐུབ།

དེའི་རྗེས་ནས་གྲོང་སྡེའི་བུད་མེད་ཅིག་གིས་བུ་ཆུང་ཁྲིད་དེ་མཚོ་ནང་དུ་གྱོན་གོས་འཁྲུད་ཀྱིན་མཆིས། བྱིས་པས་སྟོད་ གོས་ཡར་བརྫེས་ནས་མཚོ་ནང་དུ་གཅིན་གཏོང་སྐབས། བུད་མེད་དེས་ཆུ་འགྲམ་ནས་བཤད་པའི་སྐད་ཆ་ང་ཚོའི་འགྲམ་དུ་ བཤད་པ་ལྟར་གསལ་བོ་རེད། ཁོ་མོས༼ཅི་ཞིག་བྱེད་ཀྱིན་ཡོད། ཉེས་པ་བསགས་པ་རེད། མ་ཡུམ་གྱི་སྤྱན་ནང་དུ…༽ ཁོ་མོས་མཚོ་ནི་ས་ཆེན་གྱི་སྤྱན་དུ་རློམ་གྱིན་ཡོད་དམ། དོན་འདི་ལྟ་བུར་འཕྲད་ཐེངས་རེར། ངས་རྒྱུན་དུ་པེ་ལེ་ཅི་ཡ་ཧྥུ་ནར་ བསམ་ཚུལ་ཅི་ཞིག་ཡོད་པ་བྲིས་པ་ཡིན། ཁོ་མོས་བཤད་རྒྱུར༼མ་ཡུམ་ནི་ས་གཞིར་གོ་ཤག་ཤག་རེད༽ ཡང་བསྐྱར༼རྗེས་ སོར་མཚོ་ནང་དུ་གཅིན་གཏོང་བའི་དོན་འདི་མིའི་སྟེང་དུ་འབྱུང་ཡང་སྲིད། གལ་སྲིད་ཉིན་དེ་ཡི་རྗེས་ནས་བུད་མེད་དེའི་ མིག་ན་བ་ཡིན་ན། སྡེ་བའི་མི་རྣམས་ཀྱིས་ཁོ་མོའི་བྱིས་པས་མཚོ་ནང་དུ་གཅིན་བཏང་བས་ཡིན༽ཟེར།

      པེ་ལེ་ཅི་ཡ་ཡི་གནའ་བོའི་མཆོད་འབུལ་ད་ལྟ་མིག་ལམ་དུ་མི་མཐོང་། མཚོ་ནི་ས་ཆེན་མ་ཡུམ་གྱི་སྤྱན་དུ་རློམ་པར་ སྙན་ངག་གི་བྲོ་བས་ཕྱུག་པའི་ལྟ་ཚུལ་འདི་ནི་ས་འཛམ་གླིང་གི་མིའི་རིགས་ཀྱི་རིག་གནས་ཤིག་ཏུ་གྱུར་ཡོད། ཡིན་ཡང་ཁོ་ ཚོའི་རང་ཉིད་ལ་བསྐྱུར་པ་ནི་རྨོངས་དད་ཁོ་ན་རེད།

    མེ་ཏོག་སྣ་བརྒྱའི་དྲི་ངད་ཕྱོགས་ཀུན་ལྡང་བའི་མཚན་མོར། མི་རྣམས་གཉིད་ཀྱི་སྐལ་བ་དབེན། ས་ཆེན་མ་ཡུམ་གྱིས་སྤྱན་འཛུམ་ནས་ཟུམ་མེད།

 

                            ངའི་ཡུམ་ཆེན་གྱི་རྨི་ལམ།

        ཁངས་རླུང་གི་གྲང་འཁྱག་གིས་བསྡམས་པའི་ས་གཞིར་ཆར་བས་བྱབས་འཁྲུས་ཐེངས་ཤིག་བགྱིས་སོང་། དྲོད་ལམ་ལམ་གྱི་ཆུ་རྡུལ་དག་ས་ངོས་ནས་ཡར་འཕགས་ཀྱིན་འདུག  འདི་ནི་མོ་སི་ཁུ་ན་ཡོད་རུང་སེམས་སུ་འཆར་ངེས།

       གུང་ཇར་རོལ་རྗེས་ང་ཚོས་རླངས་འཁོར་བསྐོར་ཏེ་ཕྱི་རོལ་ཏུ་སོང་། ལམ་བར་ནས་རླངས་འཁོར་ལམ་འགྲམ་ཞིག་ཏུ་ བཞག་ཅིང་རང་ཉིད་སྐྱེད་ཚལ་གྱི་ལོགས་སུ་ངལ་གསོས། དབྱར་སླེབས་ཚེ་འདབ་ཆགས་ཀུན་གྱིས་གྲེ་འགྱུར་སྙན་མོར་ དབྱངས་སུ་འགུགས་ཀྱིན་འདུག ཕྱོགས་བཞིར་དྭངས་གཙང་གི་མཁའ་དབུགས་ཤིག་འཁྱིལ་ལ་བལྟས་ཚོད་ཀྱིས་རང་བྱུང་ གི་ཡོད་དོ་ཅོག་ངའི་ཡུམ་ཆེན་བཞིན་གཉིད་དུ་གཡུར་ཡོད། ཡིན་ཡང་ང་རང་གཉིད་ལས་སད་བྱུང་། ཁོ་མོ་དཀྲོགས་ པར་དོགས་ཏེ་རྐང་འཇབ་ལག་འཇབ་བྱས།

       ཡིན་ཡང་རང་བྱུང་ཁམས་ཀྱང་གཉིད་དུ་གཡུར་འདུག  སྙིང་ཉེ་བའི་ཡུམ་ཆེན་དང་ལྷན་ཏུ་རྨི་ལམ་གཅིག་རྨི་བཞིན་ཡོད། ཁོ་མོ་གཉིད་དུ་གཡུར། སྙིང་ཉེ་བའི་ཡུམ་ཆེན་དང་མཚུངས་པར་རང་ཉིད་ཀྱི་ངང་ཚུལ་གྱིས་ཁོ་བོར་གཅེས་སྐྱོང་བྱས། ངས་རླངས་འཁོར་གྱི་སྒོ་ཁྲོག་གེར་བརྒྱབ་རྗེས་འོབས་དེའི་ཕ་རོལ་ཏུ་ཕྱིན་ནས་ཁུ་སིམ་མེད་ཙོག་པོར་བསྡད། ཁོ་མོས༼ཁོ་ གང་དུ་ཕྱིན་ནམ། ཁོར་དོན་དག་ཅི་ཞིག་བྱུང་ངམ། ༽ཞེས་འདངངས་ཚབ་སྐྱེས་གྱིན་འདུག

       ཁོ་བོས་མྱུར་དུ་གློ་ལུ་ཐེངས་ཤིག་བྱས་པས་ཁོ་མོའི་ད་གཟོད༼བུ་ཆུང་གནས་ག་གེ་མོར་ཙོག་པུར་བསྡད་ཡོད། ཕལ་ཆེར་ཁ་ཟས་སྤྱོད་ཀྱིན་མཆིས། ཡང་མིན་ན་བསམ་གཞིག་གཏོང་གིན་ཡོད་ཤོས་ཆེ། ༽ཞེས་ཡིད་སེམས་བདེར་བབ།

       ཁོ་བོས་ངག་འཇམ་པོས༼གཉིད་དང་། གཉིད་དང་། ཡུམ་ཆེན་ལགས། ཐུགས་བདེ་མོ་བྱོས།༽ཞེས་ལན་བསྐྱོན་པ་ཡིན།

       རྒྱང་རིང་ན་གྲགས་ཀྱིན་པའི་དཔྱིད་ཀྱི་ཕོ་ཉ་སྟེ། ལྷ་བྱ་ཁུ་བྱུག ད་དུང་རྩྭ་འཇག་མ། འབྲི་ཏ་ས་འཛིན། བལ་བ་ཛ་དང་བཅས་པའི་ཁོ་བོར་བྱིས་དུས་སུ་རྒྱུས་མངའ་བའི་རྩྭ་རྩི་ཤིང་ཐམས་ཅད། འཇིག་རྟེན་གྱི་ཡོད་དོ་ཅོག ངའི་ཡུམ་ཆེན་གྱི་རྨི་ལམ་ཡིན། །