ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > བསྒྱུར་རྩོམ།

ཕ་མས་བུ་ཕྲུག་དང་ལྷན་དུ་གཟིགས་རིན་ལྡན་པའི BBC ཡི་ཕུལ་བྱུང་བརྩམས་ཆོས་བརྒྱ་ཐམ་པ།

སྤེལ་དུས 2015-11-18 ཡོང་ཁུངས། ཀྲུང་གོའ་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ
  ཕ་མའི་ངོས་ནས།  ཁྱེད་ཉིད་ཀྱིས་བུ་ཕྲུག་དང་ལྷན་དུ BBC ཡི་ཕུལ་བྱུང་བརྩམས་ཆོས་བརྒྱ་འདིར་གཟིགས་རིན་ལྡན་ཞིང་།
  བུ་ཕྲུག་ཉིན་རྒྱུན་འགུལ་རིས་བརྙན་འཕྲིན་དང་ཁ་པར་རོལ་རྩེད་དུ་གཡེང་ནས་སྡོད་པའི་དབང་གིས་ཁྱིམ་བདག་མང་ཤོས་ལ་སེམས་ཁྲལ་ཆེན་པོ་ཞིག་སྐྱེད་སྲིད་མོད།  དེ་ཡང་གློག་རྡུལ་དུས་རབས་སུ་སླེབས་པས་ན།  བུ་ཕྲུག་དག་གློག་རྡུལ་ཐོན་རྫས་དང་རྨང་ནས་རིང་དུ་གྱེས་པའམ་།  འགུལ་རིས་བརྙན་འཕྲིན་ལ་མི་བལྟ་བ། རོལ་རྩེད་དག་དང་མི་རོལ་བ་ཞིག་ཡོང་རྒྱུ་ནི་ཤིན་ཏུ་མངོན་འགྱུར་དཀའ་བ་ཞིག་རེད།
དེ་ལྟར་ནའང་བུ་ཕྲུག་དག་གིས《དོམ་ཁྲ་སྤུན་གཉིས》དང་།《ལུག་གཡང་དཀར་དང་སྤྱང་སྐྱ་ལྡང》ལྟ་བུའི་འགུལ་རིས་བརྙན་འཕྲིན་ལ་བལྟས་ནས་དུས་ཚོད་འཕྲོ་བརླག་བྱེད་པ་ལས།   ཕ་མས་བུ་ཕྲུག་དག་དང་ལྷན་དུ་ཕུལ་བྱུང་དངོས་ཞུས་གློག་བརྙན་བརྩམས་ཆོས་ཁག་ལ་གཟིགས་ན་ནི།  བུ་ཕྲུག་དག་གིས་གློག་བརྙན་ལ་བལྟ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད་མཐོང་ཐོས་ཆེར་བསྐྱེད་ཀྱིས་ཤེས་བྱ་དེ་ལས་མང་པོར་སློབ་སྦྱོང་བྱེད་ཐུབ།
  BBC(དབྱིན་ཇིའི་རྒྱང་སྒྲོག་ཀུང་སི)ཡི་དངོས་ཞུས་གློག་བརྙན་གྱི་བརྗོད་བྱ་རྒྱ་ཆེ་ཞིང་།  སྒྲིག་བཟོ་སྤུས་དག་རེད། ཕུལ་བྱུང་དངོས་ཞུས་གློག་བརྙན་འདི་དག་ལ་གཟིགས་པ་བརྒྱུད།  ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད།  གོ་ལའི་ཁམས་ནས་སའི་གོ་ལའི་ཁྱད་མཚར་པའི་སྣང་ཚུལ་ཅི་རིགས་ལའང་རོལ་མྱོང་བྱེད་ཐུབ།   ལྷག་དོན་བརྙན་རིས་གསལ་རྗེན་དག་ཏུ་པར་རིས་སྔར་ལས་ཁྱད་མཚར་མཛེས་སྡུག་ལྡན་ཞིང་།  ཕུལ་བྱུང་གི་བརྙན་ལེན་བརྩམས་ཆོས་རེ་རེ་ལོངས་སྤྱོད་བྱེད་ཐུབ།  དེ་བས་ན BBC ལས་སའི་གོ་ལའི་ཁྱད་མཚར་པའི་གསང་པ་རྟོགས་ཐུབ་པ་མ་ཟད།  འཇིག་རྟེན་ཁམས་ཀྱི་ངོ་མཚར་པའི་གསང་པ་དག་ཀྱང་ལོངས་སྤྱོད་བྱེད་ཐུབ།
  དེ་ལྟར་ནའང་།  བྱིས་པའི་དུས་ཚོད་ལ་ཚོད་འཛིན་བྱེད་རྒྱུ་དང་།  བྱིས་པ་དང་མཉམ་དུ་གློག་བརྙན་ལ་བལྟས་རྗེས་ཀྱི་མྱོང་པ་བརྗེ་རེས་བྱེད་པར་དོ་སྣང་བྱ་དགོས་པའི་གནས་གལ་ཆེན་ཞིག་རེད།
  ༡《ཆུ་བོ་གང་གྰ》
  ༢《སྐྱེ་སྟོབས་ཀྱིས་ཕྱུགས་པའི་སྐར་མའི་གོ་ལ》
  ༣《གནམ་སའི་འབྲེལ་མཚམས》
  ༤《པེ་མུ་དའི་ཟུར་གསུམ་གླིང་ཕྲན་གྱི་གསང་པ》
  ༥《ཁྰ་རི་པེའི་རྒོད་སེམས》
  ༦《སྐར་མའི་བར་དུ་ཅི་དགར་རྒྱུ་བ》
  ༧《ཉ་ཆེན་ཧྲ་ཡུས་ཀྱི་འཁྲུག་རྩོད》
  ༨《མྰ་ཡའི་ལྐོག་གྱུར་གྱི་གསང་བ》
  ༩《མྰ་ཡའི་ས་འོག་གསང་བ》
  ༡༠《དྲོད་འགྱུར་ཚེ་སྲོག》
  ༡༡《སའི་གོ་ལའི་སྟོབས་ཤུགས》
  ༡༢《སྲོག་ཆགས་ཀྱི་ངོ་བོར་བལྟ་བ》
  ༡༣《གནའ་བོའི་འཛམ་གླིང》
  ༡༤《གནའ་བོའི་བློ་འབྱེད་གློག་བརྙན》
  ༡༥《ཕུལ་བྱུང་སྒྱུ་རྩལ་བརྩམས་ཆོས་ཕྲེང་བསྟར་མ》
  ༡༦《མིའི་རིགས་གསར་པ་གསར་བསྐྲུན》
  ༡༧《ཡལ་གྱིན་པའི་གནའ་བོའི་ཤེས་རིག》
  ༡༨《སྒྱུ་རྩལ་གྱི་སྟོབས་ཤུགས》
  ༡༩《སྤྲ་མི་དང་ལྷན་དུ་བསྐྱོད》
  ༢༠《ནགས་ཚལ་ངོགས་ཀྱི་ཚེ་སྲོག》
  ༢༡《གླིང་སྣེ་ས་ཁུལ་གྱི་འགྲུལ་བཞུད》
  ༢༢《རང་བྱུང་ལས་བརྒལ་བའི་སྟོབས་ཤུགས》
  ༢༣《ཉིན་བརྒྱད་ཅུའི་རིང་གི་སའི་གོ་ལའི་འགྲུལ་བཞུད》
  ༢༤《རྒྱ་མཚོ་ཆེན་མོ་བདུན》
  ༢༥《མིའི་རིགས་ཀྱི་ལྷན་སྐྱེས་ནུས་པ》
  ༢༦《ས་གོ་ལའི་འཁོར་སྐར་འཚོལ་བཤེར་ཟིན་ཐོ》
  ༢༧《སྐར་མའི་གོ་ལ་སྔོན་པོ》
  ༢༨《ས་གོ་ལའི་རང་བྱུང་ཁྱད་མཚར》
  ༢༨《ཨེ་ཅིབ》
  ༢༩《སྐར་མའི་གོ་ལ་དཀར་པོ》
  ༣༠《ཨ་མེ་རི་ཁའི་གླིང་ལྷོ་མའི་ཧམ་སེམས》
  ༣༢《མུ་མེད་སའི་གོ་ལ》
  ༣༣《འཁྲུག་ཆེན་གཉིས་པའི་དཔུང་འཇུག་ཆེན་མོ》
  ༣༤《སྲོག་ཆགས་ཀྱི་ཚོར་ཤེས་སྐྱེན་པོ》
  ༣༥《ཧོར་སེ་ཆེན་རྒྱལ་པོ》
  ༣༦《ཐོ་རོ་ཡེ་འཐབ་འཁྲུག་འཚོལ་བ》
  ༣༧《གནམ་སའི་འབྲེལ་མཚམས》
  ༣༨《ཁུང་ལུང་དང་ལྷན་དུ་བསྐྱོད་པ》
  ༣༩《ན་ཙེའི་ཉེན་སྐུལ་གློག་བརྙན》
  ༤༠《སའི་གོ་ལའི་རྩ་ལམ》
  ༤༡《རྩིས་རིག་གི་གཏམ་རྒྱུད》
  ༤༢《ཧོར་ཅིན་གྱི་འཇིག་རྟེན》
  ༤༣《ཨོར་སེ་ཊི་རྒྱ་མཚོ》
  ༤༤《སྲོག་ཆགས་ཀྱི་གཡུལ་ས》
  ༤༥《སྲོག་ཆགས་ཀྱི་མ་གཤིས》
  ༤༦《རི་སྐྱེས་སྲོག་ཆགས་ཀྱི་ཁྱད་མཚར》
  ༤༧《ཧེར་མེན་ཝེའི་ཉེན་མཆོང་འགྲུལ་བཞུད》
  ༤༨《མཛེས་པའི་ཀྲུང་གོ》
  ༤༩《ཀྲུང་གོའི་ཟས་མཆོག་འཚོལ་བ》
  ༥༠《གོ་ལའི་འཁོར་སྐར་འཚོལ་བཤེར》
  ༥༡《འཛམ་གླིང་རིན་ཆེན་གཏེར་མཛོད་ཆེན་མོ་བརྒྱད》
  ༥༢《མིའི་རིགས་གསར་པ》
  ༥༣《རང་བྱུང་ཁམས་ཀྱི་དོན་རྐྱེན་ཆེན་མོ》
  ༥༤《སྐར་མར་གཟིགས་ཕྱོགས་མཛུབ་སྟོན》
  ༥༥《ཉི་མའི་འཕྲུལ་ཆས》
  ༥༦《བྱ་རིགས་ཀྱི་དག་ཞིང་》
  ༥༧《ཧིན་རྡུ་ཉི་ཞི་ཡའི་ཧམ་སེམས》
  ༥༨《ཨ་ཧྥེ་རི་ཁའི་ཧམ་སེམས》
  ༥༩《ཁ་རི་པེའི་ཧམ་སེམས》
  ༦༠《བྲག་རྡོ་ཆེན་མོ》
  ༦༡《སྐྱེ་དངོས་ཀྱི་རྒྱལ་ཁམས》
  ༦༢《ཡ་མ་ཟོན་གྱི་གཏིང་མཐའ》
  ༦༣《དབྱི་སི་རལ་བྱུང་ཚུལ》
  ༥༤《དེང་དུས་འགྲན་བྲལ་ཕུལ་བྱུང་བརྩམས་ཆོས་ཀྱི་གསང་བ》
  ༦༥《ཤེས་རིག་གི་ཞབས་རྗེས》
  ༦༦《མིའི་ཀླད་པར་འཕྱོ་བ》
  ༦༧《རླབས་ཆེ་བའི་དབྱངས་རྩོམ་མཁན》
  ༦༨《སའི་གོ་ལའི་གནམ་གཤིས་ཀྱི་འཁྲུག་རྩོད》
  ༦༩《དཀོན་མཆོག་གི་སྲས》
  ༧༠《མཚན་མོའི་མཐོང་གི་འགད་གཏོར་ཆེན་མོར་གཟིགས་པ》
  ༧༡《རང་བྱུང་འཇིག་རྟེན་ཏེ་ཉ་ཆེན་རྨིགས་པའི་གླུ་དབྱངས》
  ༧༢《སྔོ་ནག》
  ༧༣《གཡང་གཟར་ནས་ལོག་པ》
  ༧༤《སྲོག་ཆགས་ཀྱི་ནག་ཉེས་ཡུལ་དངོས》
  ༧༥《འཇིག་རྟེན་དུ་སྐད་གྲགས་རྒྱས་པའི་སྐད་ཅིག་མ》
  ༧༦《མུ་མེད་ཀྱི་འཇིག་རྟེན》
  ༧༧《རང་བཞིན་གྱིས་ལོག་པ》
  ༧༨《སྤྲེའུ་རིག་རྒོད》
  ༧༩《ཚེ་སྲོག་གི་འབྱུང་ཁུངས》
  ༨༠《བོར་ཟིན་པའི་ལྷ་ཚོགས》
  ༨༡《རྒྱ་གར་གྱི་གཏམ་རྒྱུད》
  ༨༢《ཡལ་ཟིན་པའི་སྐྱེ་དངོས》
  ༨༣《ལྷ་སྒྲུང་དང་དཔའ་བོའི་མཛེས་སྡུག་སྣ་མང》
  ༨༤《ཚོགས་སྡེའི་རང་བྱུང་ཁམས་ཆེན་མོ》
  ༨༥《ཕོ་མོའི་དབང་ཆ་རྩོད་པ》
  ༨༦《ནོར་ཡའི་གྲུ་གཟིངས》
  ༨༧《ཀོང་ཏའོ་ཉིང་རྡུལ་འགད་གཏོར》
  ༨༨《ཀོར་ཁུ་ཨར་ཁུའི་ཕྱིར་འཐེན་ཆེན་མོ》
  ༨༩《སའི་གོ་ལའི་འགྲུལ་བཞུད》
  ༩༠《ནོར་མན་ཏེ་ནས་པེར་ལིན་བར》
  ༩༡《ནུབ་ཀྱི་རྒྱ་མཚོ་ཆེན་མོའི་དམག་འཁྲུག》
  ༩༢《སའི་གོ་ལའི་ཆགས་ཚུལ་གཏམ་རྒྱུད》
  ༩༣《ཆུའུ་ཅེ་ཨར་གྱི་སྐུ་སྲུང་པ》
  ༩༤《རྒྱ་མཚོའི་གཏིང་གི་འཇིག་རྟེན》
  ༩༥《འོད་ཀྱི་གཏམ་རྒྱུད》
  ༩༦《གོ་ལའི་བར་གྱི་ཁུང་བུ་ཅི་རིགས》
  ༩༧《འབྱུང་འགྱུར་གྱི་སྣང་ཚུལ》
  ༩༨《ཚན་རིག་ཁྱབ་སྤེལ་ཕྲེང་བསྟར་མ》
  ༩༩《གཉུག་མའི་ལྷའི་དགའ་ཚལ》
  ༡༠༠《འབུ་སྲིན་གྱི་རྒྱལ་ཁབ》

  ཁ་བྱང་ཕྱི་མོ། ཕ་མས་བུ་ཕྲུག་དང་ལྷན་དུ་གཟིགས་རིན་ལྡན་པའི BBC ཡི་ཕུལ་བྱུང་བརྩམས་ཆོས་བརྒྱ་ཐམ་པ།
(རྩོམ་འགན་པ། བསྟན་འཛིན)