ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

སློབ་འབྲིང་སློབ་མའི་ལང་ཚོ་དར་དུས་ཀྱི་བདེ་ཐང་སློབ་གསོ།

སྤེལ་དུས 2012-08-09 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།

     ལང་ཚོ་དར་བའི་དུས་ནི་མི་ཚེ་འདིའི་ལུས་ཕུང་དང་གཤིས་རྒྱུད། སེམས་ཁམས་སོགས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བའི་དུས་མཚམས་ཤིག་ཡིན། དཔེར་ན་སློབ་མ་ཕོ་རྣམས་ཀྱི་སྐད་ཇེ་སྦོམ་དུ་འགྲོ་བ་དང་ཁ་སྤུ་སྐྱེས་བ་སོགས་ཀྱི་འགྱུར་ལྡོག་ཡོད་པ་དང་། སློབ་མ་མོ་རྣམས་ལ་ཟླ་མཚན་འབབ་པ་དང་ནུ་མ་རྒྱས་པ། སྐད་ཇེ་ཕྲར་འགྲོ་བ་སོགས་ཀྱི་འགྱུར་ལྡོག་ཡོད། དེར་བརྟེན་སློབ་འབྲིང་ནས་བཟུང་སློབ་མའི་ཁྲོད་དུ་ལང་ཚོ་དར་དུས་ཀྱི་ལང་ཚོ་དར་དུས་ཀྱི་བདེ་ཐང་སློབ་གསོ་བྱ་བ་སྤེལ་རྒྱུ་ནི་ཤིན་ཏུ་གལ་ཆེ།
      
གཅིག སློབ་འབྲིང་སློབ་མར་ལང་ཚོ་དར་དུས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པ། སློབ་འབྲིང་སློབ་མར་བདེ་ཐང་སློབ་གསོའི་ཐད་ཀྱི་སློབ་ཚན་ཁ་སྣོན་བྱས་ཏེ། སློབ་ཁྲིད་ཀྱི་འཆར་གཞི་ལྟར་སློབ་ཁྲིད་བྱེད་རྒྱུ། སློབ་མའི་ལུས་ཕུང་དང་སེམས་ཁམས་ཀྱི་ཁྱད་ཆོས་ལྟར་དུས་ཐོག་ཏུ་དྲང་ཕྱོགས་ནས་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་མ་ཟད། སློབ་མའི་ལོ་ཚོད་ལྟར་ལུས་ཕུང་གི་འགྱུར་ལྡོག་དང་འཕྲོད་བསྟེན་ཐད་ཀྱི་ཤེས་བྱ་མཚམས་སྦྱོར་བྱས་ཏེ། ཁོ་ཚོས་འཕྲོད་བསྟེན་གྱི་གོམས་སྲོལ་བཟང་བོ་ཆགས་པར་རོགས་རམ་བྱེད་དགོས། 
 
གཉིས། ལང་ཚོ་དར་དུས་སུ་འཕྲོད་བསྟེན་བདེ་སྲུང་དང་ལེན་བྱེད་པ། སློབ་གྲྭའི་སྨན་པས་སློབ་མའི་ཟླ་མཚན་ཡོང་བའི་དུས་ཚོད་ལ་རྒྱུས་ལོན་དང་མིང་ཐོ་བཀོད་དེ། སློབ་མར་ཟླ་མཚན་ཡོང་བའི་སྐབས་སུ་དགེ་རྒན་ལ་འཚོ་བ་དང་རྩལ་སྦྱོངས་སོགས་ཀྱི་བྱ་འགུལ་ཁྲོད་སློབ་མར་ལྟ་རྟོག་བྱེད་པར་དྲན་སྐུལ་བྱེད་པ་དང་། སློབ་མར་ཟླ་མཚན་ཡོང་སྐབས་ཀྱི་གོམས་སྲོལ་མི་ལེགས་པ་རྣམས་བཅོས་སྒྱུར་དང་བྱེད་ཐབས་ཡང་དག་སྤྱོད་པར་མཛུབ་སྟོན་བྱེད་དགོས། ཡིན་ན་ཡང་། རྒྱུན་དུ་ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་དང་ཟ་མའི་འཚོ་བཅུད་ལ་མཉམ་འཇོག འགུལ་སྐྱོད་དང་ངལ་གསོ་ཟུང་འབྲེལ་བཅས་བྱེད་དགོས། 
 
གསུམ ལང་ཚོ་དར་དུས་ཀྱི་བློ་འདྲིའི་བྱ་འགུལ་སྤེལ་བ། ལང་ཚོ་དར་བའི་དུས་སུ་ཁོ་ཚོའི་སེམས་ལ་བསམ་ཚུལ་སྣ་ཚོགས་འབྱུང་བ་དང་ལུས་ཕུང་ལའང་འགྱུར་ལྡོག་མི་འདྲ་བ་འབྱུང་སྲིད་པས། སློབ་གྲྭའི་སྨན་པས་འཛིན་གྲྭ་ནང་དུ་ལང་ཚོ་དར་དུས་ཀྱི་སེམས་ཁམས་ཐད་ཀྱི་བློ་འདྲིའི་བྱ་འགུལ་སྤེལ་བ་དང་། རང་འགུལ་གྱིས་སློབ་མ་རྣམས་ལ་ལུས་ཕུང་བདེ་ཐང་གི་ཤེས་བྱ་འཆད་ཁྲིད་བྱེད་པ། སློབ་མ་རྣམས་ཀྱིས་བཏོན་པའི་དྲི་བར་སུན་སྣང་མེད་པའི་སྒོ་ནས་ལན་གསལ་བོ་འདེབས་པ་བཅས་བྱས་ཏེ། ཁོ་ཚོར་རང་ཉིད་ཀྱི་ལུས་ཕུང་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་པ་ཞིག་འཛིན་དུ་འཇུག་དགོས།
     
བཞི། ཕ་མས་རང་གི་བུ་ཕྲུག་ལ་བདེ་ཐང་སློབ་གསོ་ཐད་ཀྱི་ཤེས་བྱ་ཁྲིད་སྟོན་བྱེད་པ།
     ཕ་མ་ནི་བུ་ཕྲུག་གི་ཆེས་ཉེ་བའི་མི་ཡིན་པས། བུ་ཕྲུག་གི་ལུས་ཕུང་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ལྟ་རྟོག་ལེགས་པོ་བྱས་ཏེ། ཡང་དག་པའི་སྒོ་ནས་ཁྲིད་སྟོན་དང་སློབ་གསོ་བཏང་ཏེ། ཁོ་ཚོའི་སེམས་ཀྱི་སྐྲག་སྣང་དང་མཚར་སྣང་སེལ་ཐབས་བྱེད་དགོས།
     
མདོར་ན་གོང་གི་བྱེད་ཐབས་དེ་དག་སྤྱད་དེ་ན་གཞོན་སློབ་མ་རྣམས་ལ་ཕན་ནུས་ལྡན་པའི་བདེ་ཐང་སློབ་གསོ་སྤེལ་ཏེ། ཁོ་ཚོར་ལུས་ཁམས་བདེ་སྲུང་ཕྱོགས་ཀྱི་ཤེས་བྱ་མང་པོ་འདོན་སྤྲོད་དང་བདེ་ཐང་ལ་གནོད་པའི་གོམས་སྲོལ་མི་ལེགས་པ་རྣམས་མེད་པར་བཟོ་བའི་དུས་མཉམ་དུ་ཚན་རིག་དང་མཐུན་པའི་འཚོ་བའི་གོམས་སྲོལ་བཟང་བོ་ཆགས་པར་བྱས་ཏེ། སློབ་མ་རྣམས་ཕྱོགས་ཡོངས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས།