ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

མཆིན་པའི་ཟགས་ཆུའི་ལྟོ་བ་སྦོས་པ་ལ་འཇམ་རྩིའི་བཅོས་བསྟེན་པ།

སྤེལ་དུས 2018-03-23 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
དང་པོ། འཇམ་རྩི་ངོ་སྤྲོད།
1.རུང་བའི་ནད་གཞི།
           འཇམ་རྩི་རུང་བ་ནི་རླུང་སྐྲན་དང་།རླུང་ལ་བརྟེན་པའི་ལྟོ་བ་སྦོས་པ།རྩམ་པ་འཁྲུ་བ།ཁུ་བ་ཟད་པ་དང་།ཟླ་མཚན་འབྱམས་པ།རྒྱུ་ལོང་མཁལ་རྐེད་རྣམས་སུ་གྲང་བ་རྒྱས་པ་དང་།སྟོབས་ཆུང་བ།སྨད་ཀྱི་སྲིན་སོགས་མདོར་ན་རླུང་གི་ནད་ཀུན་ལ་བཏང་བར་བྱའོ། །
2.མི་རུང་བའི་ནད་གཞི།
           སྐྱ་རྦབ་མིག་སེར་དང་།ཚིལ་ཆེ་ཆམ་བཏབ་ཟས་མ་ཟོས་པ།བཤང་བ་འཁྲུ་བར་བྱེད་པ་དང་།ལྟོ་ལྕི་ལྟོ་ན་བད་ཀན་ཅན།མཆིལ་མ་མང་དང་ཤིན་ཏུ་སྦོམ།ལྟོ་ནད་སྲིན་ཡོད་རླུང་འཁྱིམས་དང་།དུག་དག་འཐུངས་དང་འབྲུམ་བུས་བཏབ།རྐང་འབམ་ལྐོག་མའི་ལྦ་བ་ཅན་བཅས་ལ་མི་རུང་།
3.སྦྱོར་བ།
           སླེ་འཇམ།བཀྲུ་འཇམ།བཀྲུ་མ་སླེན།དེ་ཡང་རླུང་རྐྱང་བ་ལ་སླེ་འཇམ་དང་།རླུང་དང་མཁྲིས་པར་ལྡན་པ་ལ་བཀྲུ་འཇམ་དང་།རླུང་དང་བད་ཀན་ལྡན་པ་ལ་བཀྲུ་མ་སླེན་སྦྱར་བ།
           3-1དང་པོ་སླེ་འཇམ་རླུང་རྐྱང་བ་ལ་བསྔགས་པའི་སྦྱོར་བ་ནི།ལུག་ཤའི་ཚོ་ཁུ་དང་འབྲིའི་འོ་མ་མར་ཞུན་བཅས་ལ།རུ་རྟ།དེ་བ་དཱ་རུ་སྟེ་གཙང་འགྲམ་གྱི་ཤུག་པ།པི་པི་ལིང་།རྒྱམ་ཚྭ།ཨ་རུ་ར་རྣམས་ཀྱི་ཕྱེ་མ་སྦྱར་བ་ནི་སླེ་འཇམ་ཡིན།
           3-2གཉིས་པ་རླུང་མཁྲིས་ལྡན་པར་བསྔགས་པའི་སྦྱོར་བ་ནི་ཆུར་གནས་ཀྱི་སེམས་ཅན་ཉ་སྦལ་ལྕོང་སོགས་ཀྱི་ཤ་ཁུ་དང་།བའི་འོ་མ་དང་མར་ཞུན་བཅས་ལ་གོང་གི་སྨན་དེ་རྣམས་ཀྱི་སྟེང་དུ་དུར་བྱིད་བསྣན་ཏེ་སྦྱར་བ་བཀྲུ་འཇམ་ཡིན།
           3-3གསུམ་པ་བད་རླུང་ལྡན་པར་བསྔགས་པའི་སྦྱོར་བ་ནི་ཆུ་མེད་པའི་སྐམ་ས་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུ་དང་།རའི་འོ་མ་དང་མར་ཞུན་བཅས་ལ་གོང་གི་བཀྲུ་འཇམ་གྱི་སྨན་དེ་རྣམས་ཀྱི་སྟེང་དུ་པོ་སོ་ཆ་བསྣན་ཏེ་སྦྱར་བ་བཀྲུ་མ་སླེན་ཡིན།
4. གཏོང་ཐབས།
           ཐོག་མར་དྲི་མ་འགག་པ་བསལ་ཏེ་རྗེས་སུ་ཕྱི་ལུགས་ཀྱི་མས་བཏང་ཁུག་མའི་ནང་དུ་སྨན་ཧའོ་ཧྲེང150ཙམ་བླུགས་ཏེ་སྦུ་གུའི་བཞི་ཆའི་གསུམ་ཙམ་གཞང་ལམ་དུ་བཏང་དེ་བཙུར་བར་བྱ།འདུག་སྟངས་ལ་གན་རྐྱལ་དུ་ཉལ་ནས་རྐུབ་བཅོས་རྐང་མཐིལ་བརྡུངས།རྐང་མཐེབ་ནས་བཟུང་གནམ་དུ་བཏེག་ལ་གསིག  སྔས་སྨད་འཕོངས་སྟོད་གན་རྐྱལ་མ་གྲང་བསྙལ།
5.ཕན་ཡོན།
           རླུང་གནོན་ཞིང་། བད་མཁྲིས་ཀྱི་ནད་ཞེན་པ་སློང་བར་བྱེད་པ་ཡིན།
6.ཉེས་དམིགས།
           བཏང་དྲགས་ན་ཡི་ག་འགག་ཅིང་མེ་དྲོད་འཆི་བར་བྱེད།
གཉིས་པ། ངེད་མཆིན་མཁྲིས་ཚན་ཁག་གི་འཇམ་རྩིའི་གསོ་བཅོས།
           ངེད་མཆིན་མཁྲིས་ཚན་ཁག་གིས་ལོ་འདི་དག་གི་རིང་མཆིན་པའི་ཟགས་ཆུའི་རྐྱེན་གྱིས་ཐུར་སེལ་རླུང་གི་རྒྱུ་བ་ལོག་སྟེ་ལྟོ་བ་སྦོས་པ་དང་བཤང་བ་སྲི་བ།དྲི་མ་འགག་པ་སོགས་ཀྱི་ནད་པར་གོང་གི་སླེ་འཇམ་གྱི་སྦྱོར་བ་གཞི་བཟུང་ནས་ནད་པའི་ནད་གཞི་དང་བསྟུན་ནས་གང་ལ་གང་འཚམ་གྱི་ཁ་འཛིན་གཅེས་ཏེ།ཐོག་མར་དྲི་མ་འགག་པ་སེལ་བར་བྱ་བ་དང་དེའི་རྗེས་གོང་གི་གཏོང་ཐབས་ལྟར་ཉིན་རེར་ཐེངས1-2ཉི་མ3-5ཙམ་ལ་འཇམ་རྩི་བཏང་རྗེས་ནད་པར་མངོན་སུམ་དུ་གོང་གི་ནད་རྟགས་རྣམས་ཞི་ཡོད།
གསུམ་པ། ཕན་སྐྱེད་ཆེ་བའི་ནད་དཔེ།
           ནད་པ། ཤ་བོ་བཀྲ་ཤིས། རྟེན། ཕོ། ལོ། 38 ནད་སྡོད་ཨང་གྲངས།274791
           ནད་རྟགས།མཆིན་ནད་དུག་ཐབས་བྱུང་ནས་ལོ་གསུམ་ལྷག་འགོར་ལ་ཉིན་ཉི་ཤུའི་སྔོན་དུ་ཤ་ཟོས་པ་ལ་རྐྱེན་བྱས་ཏེ་པགས་མདོག་སེར་པོར་གྱུར་པ་དང་སྐྱུག་མེར་ལངས་པ།མཆིན་མཁྲིས་གནས་སུ་གཟེར་བ།ཟས་ཀྱི་དང་ག་ཞན་ལ་ལུས་ཀྱི་ཉམས་སྟོམས་ཞན་པ།གསུས་ཁོག་སྦོས་རྒྱངས་བྱེད་པ་དང་བཤང་བ་སྲི་བ་སོགས་ཀྱི་རྟགས་མངོན་ལ།ཞག་སྡོད་སྐབས་སུ་གསུས་འཁོར་ཆེ་ཆུང་ལི་སྨི93ཡིན།
           ཞག་སྡོད་བྱས་རྗེས་ཉིན་གསུམ་གྱི་རིང་ལ་འཇམ་རྩི་བཏང་བ་དང་།རིམ་བཞིན་གསུས་ཁོག་སྦོས་པ་དང་བཤང་བ་སྲི་བའི་ནད་རྟགས་རྣམས་ཇེ་བདེར་མངོན་ཞིང་གསུས་ཁོག་ཀྱང་ཉིན་གཉིས་པར་ལི་སྨི91ཉིན་གསུམ་པར་ལི་སྨི89ཉིན་བཞི་པར་ལི་སྨི87བཅས་ལ་བབས།