གང་འདྲ་ཞིག་ལ་མིག་ནད་བར་འགྲིབ་ཟེར།
སྤེལ་དུས 2018-03-27
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་པ་པོ། སྒྲོལ་མས་བསྒྲིགས།
མིག་ནད་བར་འགྲིབ་ནི་མིག་ནད་རིགས་ནང་གི་ཅུང་རྒྱུན་མཐོང་གི་ནད་རིགས་ཤིག་སྟེ།མདོ་དབུས་མཐོ་སྒང་གི་མི་རྣམས་ལ་བྱུང་ཚད་ཅུང་མཐོ་བའི་ནད་རིགས་ཤིག་ཀྱང་ཡིན།དེ་ནི་མཐོང་བྱེད་རྒྱལ་མོའི་དངས་གསལ་བདར་དབྱིབས་གཟུགས་རབ་རིབ(ཉོག་རྫོབ)ཏུ་གྱུར་པ་ལ་བརྟེན་ནས་འོད་ཚུར་བསྡུ་བའི་ནུས་པ་ཉམས་ཤིང་གཟུགས་འཛིན་ནུས་པའམ་མཐོང་ཤུགས་མར་འགྲིབ་པའི་ནད་ཅིག་སྟེ།འདི་ཉིད་རྒྱུད་འདེད་དང་།མིག་ཕྱིའི་འོད་ཐིག་འཚོ་འཅུད་ལ་སོགས་པར་འབྲེལ་བ་ངེས་ཅན་ཞིག་ཡོད།ཐོག་མའི་རབ་རིབ་ཀྱིས་གཟུགས་འཛིན་ནུས་པར་ཤུགས་རྐྱེན་ཆེར་མིད་ནའང་ཡུན་གྱིས་ཇེ་སྡུག་ཇེ་ཐུར་སོང་ཏེ་ཐ་ན་མིག་ཞར་འགྲོ་བའི་གནས་ཚུལ་ཡང་འབྱུང་།མིག་ནད་བར་འགྲིབ་ནི་མིག་སྔར་འཛམ་གླིང་ཧྲིལ་བོའི་ཁྱོན་ནས་བཤད་ནའང་མིངས་ལོང་སྐྱེད་བྱེད་གཙོ་བོ་ཞིག་སྟེ།ད་ལྟ་འཛམ་གླིང་ཡོངས་སུ་ཧ་ལམ་མི་བྱེ་བ་གཉིས་ལྷག་མིག་ནད་བར་འགྲིབ་ཀྱི་རྐྱེན་གྱིས་མིངས་ལོང་དུ་གྱུར་ཡོད་པར་མ་ཟད་།བར་འགྲིབ་ཀྱི་ནད་པ་དུང་ཕྱུར་གཅིག་ཙམ་ནི་གཤག་ལས་ལ་བརྟེན་ནས་མཐོང་ཤུགས་ཕྱིར་གསོ་དགོས་པའི་གནས་སུ་གྱུར་ཡོད།