ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བདེ་ཐང་སྐོར་གྱི་རྒྱུན་ཤེས།(གསུམ།)

སྤེལ་དུས 2018-04-10 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
དུག་སྦྲང་དང་སྦྲང་མ། བྱི་བ། འབུ་ཀྲང་ལང་སོགས་ལས་ནད་རིགས་འགོ་བ།
          དུག་སྦྲང་དང་སྦྲང་བུ། འབུ་ཀྲང་ལང་། བྱི་བ་སོགས་ཀྱིས་མིའི་ངལ་གསོར་གནོད་པ་གཏོང་བར་མ་ཟད། ད་དུང་ནད་རིགས་བགོ་བ་དང་བདེ་ཐང་ལ་གནོད་པ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། དེ་བས་མི་རྣམས་ཀྱིས་དེ་དག་ལ“གནོད་བཞི”ཟེར་བ་ཡིན། དུག་སྦྲང་ལས་ཀླད་སྐྱིའི་གཉན་ཚད་ཁ་པ་དང་འདར་ནད་སོགས་ཁྱབ་པ་དང་། སྦྲང་མ་ལས་སྐྱུག་བཤལ་ནད་དང་འཁྲུ་ནད། རྒྱུ་བརྡུགས་ཚད་རིམས་སོགས་ཁྱབ་པ་ཡིན། བྱི་བ་ལས་བྱི་རིམས་སོགས་ནད་རིགས་མང་པོ་ཁྱབ་པ་དང་། འབུ་ཀྲང་ལང་ལས་འཁྲུ་ནད་དང་རྒྱུ་བརྡུགས་ཚད་རིམས་སོགས་ནད་རིགས་མང་པོ་ཁྱབ་པ་ཡིན།
          “གནོད་བཞི”འགོག་པའི་ཕྱོགས་བསྡུས་བྱེད་ཐབས་ནི། སྡོད་ཁང་ཕྱི་ནང་གི་གཙང་སྦྲ་ལེགས་པོ་བྱས་ནས་གནོད་བཞི་འདུག་ས་མེད་པར་གཏོང་དགོས་པ་དང་། སྤྱོད་ཁང་གཙང་སྦྲ་དང་བེད་སྤྱོད་བྱེད་དགོས་པར་མ་ཟད་གད་སྙིགས་ལ་དོ་དམ་ལེགས་པོ་བྱེད་དགོས། “གནོད་བཞི”གསོད་པའི་བྱེད་ཐབས་བཀོལ་དགོས་པར་མ་ཟད། དེ་དང་མཉམ་དུ་ད་དུང་ཟས་རིགས་ལ་ཉར་ཚགས་ལེགས་པོ་བྱེད་དགོས།
དབང་པོ་སྐྱོན་ཅན་ལ་བྱམས་སྐྱོང་དང་རོགས་རམ་བྱེད་དགོས།
          ཨེ་ཙི་འགོས་ནད་དང་མཆིན་ཚད་ཁ་པ་སོགས་འགོས་ནད་བྱུང་བའི་ནད་པ་དང་། དབང་རྩར་ནད་བྱུང་བའི་ནད་པ། དབང་པོ་སྐྱོན་ཅན་བཅས་ལ་མི་རྣམས་ཀྱིས་རྒྱུས་ལོན་དང་བྱམས་སྐྱོང་། རོགས་རམ་བཅས་བྱེད་དགོས་ལ། དེ་ནི་ནད་གཞི་མཆེད་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པར་མ་ཟད། མིའི་རིགས་ལ་དཔལ་ཡོན་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། དེ་བས་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་མེད་དུ་མི་རུང་བ་ཞིག་ཡིན། དུས་རྒྱུན་གྱི་འཚོ་བ་དང་བྱ་བ། སློབ་སྦྱོང་བཅས་ཀྱི་ཁྲོད་དུ། ཨེ་ཙི་འགོས་ནད་དང་མཆིན་ཚད་ཁ་པ་སོགས་འགོས་ནད་བྱུང་བའི་ནད་པ་ལ་དམའ་འབེབས་གཏན་ནས་བྱེད་མི་རུང་། ང་ཚོས་ངེས་པར་ཁོ་ཚོར་སྐུལ་མ་བཏང་སྟེ། ཁོ་ཚོར་ནད་གཞི་དང་འཐབ་རྩོད་བྱེད་པའི་སྙིང་སྟོབས་བསྐྱེད་དུ་འཇུག་པ་དང་འཚོ་བར་སེམས་ཤུགས་ཀྱིས་ཁེངས་པར་བྱེད་པ་དང་། ཁོ་ཚོ་སླར་ཡང་ཁྱིམ་ཚང་དང་སྤྱི་ཚོགས་ནང་ཞུགས་སུ་འཇུག་དགོས།
སེམས་ཁམས་བདེ་ཐང་ལ་གཙིགས་མཐོང་གང་ལེགས་བྱེད་པ།
          སེམས་ཁམས་བདེ་ཐང་ཞེས་པ་ནི་མི་སྒེར་གྱིས་རང་ཉིད་ལ་གདེང་འཇོག་འོས་འཚམ་བྱེད་ཐུབ་པ་དང་། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་གནོན་ཤུགས་ལ་གདོང་གཏོད་ཐུབ་པ། བྱ་བ་དང་འཚོ་བ་ཕན་འབྲས་ལྡན་པའི་ངང་ནས་བསྒྲུབ་ཐུབ་པ་དང་། ཁྱིམ་ཚང་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ངང་ཚུལ་བཟང་པོ་དེར་བསྟན།
          མི་སུ་ཞིག་ཡིན་རུང་མི་ཚེ་འདིར་སེམས་ཁམས་བདེ་ཐང་གི་ཕྱོགས་ནས་གནད་དོན་སྣ་ཚོགས་ལ་འཕྲད་སྲིད་པས། དེར་དོ་སྣང་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།
          སེམས་ཁམས་བདེ་ཐང་གི་གནད་དོན་ནི་རང་སྟེང་གི་བསམ་པའི་འཁྱེར་སོ་དང་བྱ་སྤྱོད་ལེགས་སྒྲིག་བྱེད་པ་དང་། སེམས་ཀྱི་དྲན་ཚད་གཞན་ལ་ལྷུག་པོར་བརྗོད་པ། སེམས་ཁམས་རོགས་སྐྱོར་སོགས་རྣམ་པ་སྤྱད་དེ་ཐག་གཅོད་བྱེད་ཆོག འཚོ་བར་སྤྲོ་སྣང་དང་སྐྱིད་སྣང་གི་རྣམ་འགྱུར་འཛིན་པ་དང་། སེམས་རྒྱ་ཡངས་ཤིང་ལྷོད་པར་བཏང་སྟེ། དམིགས་འབེན་དེ་ནམ་ཡང་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་སུ་འཇོག་པ་དང་། སྤྱི་ཚོགས་དང་མི་གཞན་ལ་རེ་བ་འོས་འཚམ་འཛིན་པ། མི་གཞན་ལ་འབྲེལ་བ་ལེགས་པོ་འཛུགས་པ། བདེ་ཐང་གི་འཚོ་བའི་གོམས་སྲོལ་དང་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་དང་། སྤྱི་ཚོགས་ཀྱི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་པ་སོགས་བྱེད་པ་ནི་སེམས་ཁམས་བདེ་ཐང་ཡོང་བར་ཕན་པའི་རྒྱུ་རུ་འགྱུར་ངེས། གལ་ཏེ་སེམས་ཁམས་ཕྱོགས་ཀྱི་གནད་དོན་ལ་ཐུག་ཚེ། ངེས་པར་རང་འགུལ་གྱིས་ཆེད་ལས་མི་སྣར་འདྲི་རྟོགས་བྱེད་དགོས།
          དབུགས་གཏོང་ལེན་བྱེད་དཀའ་བ་དང་སྙིང་ལྡིང་མཚམས་གློ་བུར་དུ་འཇོག་པའི་ནད་པར་ཐུག་དུས་མིའི་ཐབས་ཀྱིས་དབུགས་གཏོང་ལེན་བྱེད་པ་དང་སྙིང་ཁ་གནོན་པའི་བྱེད་ཐབས་བརྒྱུད་དེ་མྱུར་སྐྱོབ་བྱེད་དགོས།
          སྙིང་དང་གློ་བའི་ནུས་པ་སླར་གསོ(CPR)བྱས་ན་ནད་པའི་དབུགས་གཏོང་ལེན་དང་སྙིང་ལྡིང་མཚམས་ཕལ་ཆེར་དུས་ཐོག་ཏུ་སླར་གསོ་བྱེད་ཐུབ། རྨས་མ་དང་ནད་པའི་ཚེ་སྲོག་སྐྱོབ་པ་དེ་གཙོ་བོ་གློ་བུར་དུ་སྙིང་ནད་བྱུང་ནས་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དང་གློག་གིས་བརྒྱབ་པ། ཆུར་ནུབ་པ། དུག་ཕོག་པ་སོགས་དོན་རྐྱེན་བྱུང་ནས་སྙིང་ལྡིང་མཚམས་བཞག་པ་དང་དབུགས་གཏོང་ལེན་བྱེད་དཀའ་བ་བཅས་ཀྱི་གནས་ཚུལ་བྱུང་དུས་མིའི་ཐབས་ཀྱིས་དབུགས་གཏོང་ལེན་བྱེད་པ་དང་སྙིང་ཁར་གནོན་པའི་བྱེད་ཐབས་བརྒྱུད་ནས་མྱུར་སྐྱོབ་བྱེད་དགོས།
          རྒྱུན་ལྡན་མིན་པར་སྐྲངས་པ་དང་རྒྱུ་ལམ་ནས་ཁྲག་ཐོན་པ། ལུས་པོ་སྐམ་རིད་དུ་འགྱུར་བ་ནི་སྐྲན་ནད་འབྱུང་བའི་ནད་རྟགས་ཡིན།
          སྐྲན་ནད་ནི་རྒྱུན་མཐོང་གི་ནད་དང་འབྱུང་མང་བའི་ནད་ཅིག་ཡིན་ལ། གསོ་བ་རིག་པ་བསྟུད་མར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། སྐྲན་ནད་ནི“དྲག་སྐྱེད་འབྱུང་ཐབས་མེད་པའི་ནད”ཅིག་མ་ཡིན་པར། ཕལ་ཆེར་སུམ་ཆའི་གཅིག་གི་སྐྲན་ནད་སྔོན་འགོག་བྱེད་ཆོག་པ་དང་། སུམ་ཆའི་གཅིག་གི་སྐྲན་ནད་ནི་སྔ་མོ་ནས་ཤེས་ཤིང་དུས་ཐོག་ཏུ་ནད་བཅོས་བྱས་ན་སངས་དྲག་ཏུ་འགྲོ་ཐུབ་ལ། སུམ་ཆའི་གཅིག་གི་སྐྲན་ནད་ནི་སྨན་བཅོས་བྱས་པ་བརྒྱུད་དེ་ནད་གཞི་ཇེ་ཡང་དུ་བཏང་སྟེ། ཚེ་སྲོག་གི་རྒྱུན་བསྲིང་ཆོག གལ་ཏེ་ལུས་ཕུང་རྒྱུན་ལྡན་མིན་པའི་སྒོ་ནས་སྐྲངས་པ་དང་རྒྱུ་ལམ་ནས་ཁྲག་ཐོན་པ། རུལ་འགྱུར་ནད་བྱུང་ནས་དྲག་སྐྱེད་མི་འབྱུང་བ། རྒྱུ་མཚན་མི་གསལ་བར་ཚ་རྒྱས་པ། ལུས་ཟུངས་ཟད་པ། ལུས་པོ་སྐམ་རིད་དུ་འགྱུར་བ་སོགས་གནས་ཚུལ་བྱུང་ན་ངེས་པར་མཉམ་འཇོག་དགོས་ཏེ། དེ་ནི་སྐྲན་ནད་འབྱུང་བའི་རྟགས་མཚན་ཡིན་པས། ངེས་པར་སྔ་མོ་ནས་སྨན་ཁང་ལ་སོང་སྟེ་དགོས་ངེས་ཀྱི་ཞིབ་བཤེར་བྱེད་དགོས།