ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

སེམས་རིག་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བསྟན་པ།

སྤེལ་དུས 2018-05-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
༡.  སེམས་བྱུང་འདོད་ཁྲོ་གཏི་གསུམ།
          འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་ནི་རང་ཡུལ་དུ་གྱུར་པའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་རིག་པ་སྟེ་སེམས་བྱུང་ང་གཅིག་གི་ཁོངས་སུ་གཏོགས་ལ།  སངས་རྒྱས་པའི་ཚད་མ་རིག་པས་བློའམ་སེམས་ཀྱི་གྲུབ་ཆར་རྟོག་བཅས་དང་རྟོག་མེད། སེམས་དང་སེམས་བྱུང་སོགས་ལས་བརྩམས་ཏེ་ནང་གསེས་དང་ཡང་གསེས་ཀྱི་དབྱེ་བ་ཕྲ་ཞིབ་མཛད་ཡོད་པ་ནི་དེང་དུས་ཀྱི་ཚན་རིག་པ་སྐུ་ཞབས་དབྱིག་ཀྲི་པའོ་ཡིས་“སངས་རྒྱས་ཆོས་ལུགས་ཀྱིས་སེམས་ཀྱི་གྲུབ་ཆ་སྣ་ཚོགས་ལ་ཞིབ་འཇུག་བྱས་ཡོད་པ་དེ་ནི།  རྫས་འགྱུར་མཁས་པས་དངོས་པོའི་གྲུབ་ཆར་ཞིབ་འཇུག་བྱས་པའི་ཞིབ་ཚགས་ལས་ཀྱང་ཆེས་ཆེར་བརྒལ་ཡོད་པར་མ་ཟད།   ཕྱི་ནང་གི་དངོས་པོ་བར་གྱི་འབྲེལ་བ་གསལ་བཤད་བྱས་པ་ནི་ཆེས་ཟབ་ཅིང་བརླིང་བའི་ཁྱད་ཆོས་ཤིག་རེད”ཅེས་གསུངས་པ་ལྟར་རོ།  །དེ་ལྟར་སེམས་ཁམས་ཀྱི་གྲུབ་ཆར་ཞིབ་འཇུག་བྱས་པ་ལས་བྱུང་བའི་ཉོན་མོངས་དུག་གསུམ་ཞེས་སངས་རྒྱས་པའི་དགོངས་འགྲེལ་བསྟན་བཅོས་སུ་སྣང་བའི་རིག་པའམ་ཐ་སྙད་དེ་བཀོལ་ནས་བོད་ལུགས་གསོ་རིག་གི་གཞི་རྩའི་གནད་དོན་དག་ལ་རྣམ་བཤད་མཛད་པ་བརྒྱུད།    བོད་ཀྱི་གསོ་བ་རིག་པའི་སེམས་རིག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཞིག་ཏུ་གྱུར་པ་སྟེ།   
          (1)སྤྱིར་དོན་བྱེད་ནུས་པའི་དངོས་པོ་མཐའ་དག་མངོན་ལྐོག་གཉིས་ཀྱི་རང་བཞིན་དུ་གནས་པ་ཤ་སྟག་ལགས་ཤིང་།   འདོད་ཁྲོ་གཏི་མུག་གསུམ་ནི་མངོན་ལྐོག་གཉིས་ཀྱི་ནང་ནས་ལྐོག་གྱུར་ཉིད་ལ་གནས་པ་ཞིག་དང་།  དེ་ཡང་རྒྱུད་ལས་དུག་གསུམ་པོ་ནད་རིགས་ཡོད་དོ་ཅོག་གི་རྒྱུར་བསྟན་པ་དེས་ལྐོག་གྱུར་ཡིན་ཚུལ་རྟོགས་ཐུབ་པ་མ་ཟད།  བོད་ཀྱི་གསོ་བ་རིག་པའི་གཞི་འཛིན་གྱི་སྒྲོམ་དང་མཚུངས་པའི་རླུང་མཁྲིས་བད་ཀན་གསུམ་གྱི་རྒྱུའམ་ཐོག་མའི་སྐྱེད་མཁན་ཡང་འདོད་ཁྲོ་གཏི་མུག་གསུམ་ཡིན་པ་དང་།  འདོད་ཁྲོ་གཏི་གསུམ་གྱིས་རླུང་མཁྲིས་བད་གསུམ་སྐྱེད་པ་ཡིན་ཞེས་པའི་སྐད་ཆ་དེ་ནི་ཆོས་ལུགས་རྨོངས་དད་ཀྱི་ཤོད་སྟངས་ཤིག་གཏན་ནས་མ་ཡིན་པར་དེ་ནི་ཚན་རིག་གི་རང་བཞིན་ལྡན་པའི་དངོས་གཙོའི་རིག་པ་ཕྲ་མོ་ཞིག་ཡིན་པ་ང་ཚོས་མཐའ་དཔྱོད་ཞིབ་མོ་གནང་ན་ཤེས་ཐུབ།   
          (2)སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུ། ཡུལ་ཡིད་དུ་འོང་མི་འོང་བ་དང་། དགའ་ཁྲོ་འཇིགས་རུང་ལ་སོགས་པའི་རྐྱེན་གྱིས་སྨྱོ་བརྗེད་ཀུན་བརྟགས་གདོན་ནད་བཅས་ཤེས་པ་རང་བབས་སུ་མི་གནས་པའི་སེམས་ཁམས་ཀྱི་ནད་རིགས་སྐྱེད་བཞིན་ཡོད་པ་ནད་ཐོག་ཏུ་སུས་ཀྱང་མཐོང་ཐུབ་པ་མ་ཟད།  ཕྱི་ལུས་པོའི་ནད་རིགས་ལའང་སེམས་ཁམས་སྙོམས་མ་སྙོམས་པའི་དབང་གིས་དྲག་སྐྱེད་གནོད་པ་གང་རུང་དུ་འགྲོ་བ་མཐོང་ཆོས་སུ་ལགས་ལ།  དེ་ནི་ཕྱི་ནང་གསོ་རིག་ཚང་མས་རྩོད་མེད་དུ་ཁས་ལེན་པའི་བདེན་དོན་ཞིག་རེད།    འདོད་ཁྲོ་གཏི་གསུམ་ནི་ནད་སློང་རྐྱེན་དངོས་སུ་བྱེད་པའི་དགའ་ཁྲོ་འཇིགས་སྡུག་སོགས་ཀྱི་རྒྱུའམ་རྩ་བ་ལྟ་བུ་དང་། དགའ་ཁྲོ་འཇིགས་སྡུག་སོགས་ནི་ལྐོག་གྱུར་དུ་ཡོད་པའི་འདོད་ཁྲོ་གཏི་མུག་གསུམ་གྱི་མངོན་ཚུལ་ལམ་འབྲས་བུ་ལྟ་བུ་ཞིག་སྟེ། འདོད་ཁྲོ་གཏི་གསུམ་པོ་དགའ་ཁྲོ་འཇིགས་སྡུག་སྟེ་ཚུར་མཐོང་ཚང་མས་དངོས་སུ་ཚོར་ཐུབ་པའི་ཉམས་འགྱུར་སྣ་ཚོགས་ཀྱི་རྣམ་པའི་སྟེང་ནས་ཕྱིར་མངོན་གྱི་ཡོད་པ་རེད། སྤྱིར་བཏང་མིའི་སེམས་ཁམས་སྙོམས་མ་སྙོམས་ཞེས་པའང་དོན་དུ་འདོད་ཁྲོ་གཏི་གསུམ་ཕན་ཚུན་གྱི་ཆ་སྙོམས་མ་སྙོམས་ལ་རག་ལས་པ་ཡིན་ཞིང་། མདོར་ན་ནད་སློང་རྐྱེན་དུ་འགྲོ་བའི་བསམ་པའི་རྒྱུ་རྐྱེན་(心理因)ཡོད་ཚད་འདོད་ཁྲོ་གཏི་མུག་གསུམ་ལས་མ་བྱུང་བ་གཅིག་ཀྱང་མི་སྲིད་ལ།    དེ་བཞིན་འགྱུར་བདུན་རིག་པ་(七情学)ཞེས་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་སེམས་ཁམས་རིག་པའི་གཞུང་ལུགས་ཀྱི་རྨང་གཞིའམ་བརྗོད་དོན་གཙོ་བོ་ཡང་བོད་ལུགས་ཀྱི་འདོད་ཁྲོ་གཏི་མུག་གསུམ་ལས་འདའ་ཐུབ་མེད།   
          (3)བོད་ཀྱི་གསོ་རིག་གཞུང་དུ་ནད་སྐྱེད་པའི་རིང་རྒྱུར་དགོངས་ནས་ཐ་མལ་མིའི་ཡིད་སེམས་ཀྱི་རྩ་བའི་གྲུབ་ཆར་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་དུ་ཕྱེ་ཡོད་པ་ལས།  འདོད་ཆགས་ནི་ཕྱི་རོལ་ཡུལ་གྱི་འབྱུང་བ་རླུང་དང་མཚུངས་པར་གཡོ་བའི་རང་བཞིན་གྱི་མཚན་ཉིད་དང་། ཞེ་སྡང་ནི་ཕྱི་རོལ་གྱི་འབྱུང་བ་མེ་དང་འདྲ་བར་འབར་བའི་རང་བཞིན་གྱི་མཚན་ཉིད། གཏི་མུག་ནི་ཕྱི་རོལ་གྱི་འབྱུང་བ་ས་ཆུ་གཉིས་དང་མཚུངས་པར་ལྕི་འཐིབས་རང་བཞིན་གྱི་མཚན་ཉིད་བཅས་ཡིན་པ་སྟེ།   མིའི་ཡིད་ངོར་གྲུབ་པའི་འདོད་ཁྲོ་གཏི་གསུམ་དང་ལུས་སུ་གྲུབ་པའི་རླུང་མཁྲིས་བད་གསུམ་བཅས་རིམ་པ་བཞིན་གཡོ་བ་དང་།  འབར་བ། ལྕི་འཐིབས་ཀྱི་རང་བཞིན་ཏེ་ཆོས་མཐུན་པའི་ཆ་ནས་གཅིག་གི་ཉེར་ལེན་གཅིག་གམ་གཅིག་གི་ཆ་རྐྱེན་དུ་གཅིག་གྱུར་ཡོད་པས་གཞུང་ལུགས་སུ་དེ་དག་ཕན་ཚུན་སྦྱར་བ་ཡིན་ལ།   སེམས་བྱུང་འདོད་ཁྲོ་གཏི་གསུམ་དེའང་ཕྱིའི་ལུས་ཕུང་དང་འདྲ་བར་འབྱུང་བ་བཞི་ལས་སྐྱེད་པ་ཡིན་པར་ངོས་འཛིན་བྱས་ཆོག་སྙམ།  
          དེ་ལྟར་སེམས་བྱུང་འདོད་ཁྲོ་གཏི་གསུམ་ནི།  རླུང་མཁྲིས་བད་ཀན་སྐྱེད་པའི་རྒྱུ་དང་།  ནད་སྤྱི་དང་སྒོས་སུ་སེམས་ཁམས་ཀྱི་ནད་རིགས་ཡོད་དོ་ཅོག་གི་རྩ་བ། བོད་ལུགས་གསོ་རིག་གི་རྨང་གཞི་ཨ་མ་སྟེ་འབྱུང་ལྔའམ་ཉེས་གསུམ་རིག་པ་དང་དམ་པོར་འབྲེལ་ཡོད་པ་བཅས་རྒྱུ་མཚན་ཆེན་པོ་གསུམ་གྱི་སྟེང་ནས།  འདོད་ཁྲོ་གཏི་གསུམ་དེ་བོད་ལུགས་གསོ་རིག་སེམས་ཁམས་རིག་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡིན་པ་ང་ཚོས་མངོན་གསལ་དུ་རྟོགས་ཐུབ།  སེམས་བྱུང་འདོད་ཁྲོ་གཏི་གསུམ་གྱི་རིག་ལམ་འདི་བཞིན་ནད་ཐོག་སྐོར་ལ་ངོས་འཛིན་བྱས་པ་བརྒྱུད་ཡང་དག་ཡིན་ཚུལ་ལོ་ངོ་ཆིག་སྟོང་ལྷག་གི་ལག་ལེན་ཁྲོད་ནས་བདེན་དབང་ཐོབ་ཡོད་པ་དང་། དེང་དུས་ཚན་རིག་གི་ཐབས་ལམ་བཞིན་ངོས་འཛིན་དང་།   མུ་མཐུད་གོམ་གང་མདུན་སྤོས་ཀྱིས་མཐའ་དཔྱོད་བྱེད་རྒྱུ་སོགས་ནི་བདག་ཅག་ཕྱི་རབས་པའི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཏུ་འཁུམས།      ༢.འབྱུང་ལྔ་རིག་པ།
          འབྱུང་ལྔ་རིག་པ་ནི་བོད་ཀྱི་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་རྨང་གཞི་དང་། དེ་ནི་རང་བྱུང་ཁམས་ཀྱི་དངོས་པོའི་སྣང་ཚུལ་ལ་བརྟེན་ནས་ཕྱི་ནང་གི་བརྟན་གཡོའི་དངོས་པོ་ཕྲ་རགས་ཡོད་ཚད་ཀྱི་གྲུབ་ཆ་དང་། རང་བཞིན། འགྱུར་ལྡོག་བཅས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་བྱེད་པའི་རིག་པ་ཞིག་དང་རང་བྱུང་ཚན་རིག་གི་རྨང་གཞི་ཞིག་ཀྱང་ཡིན། འབྱུང་བ་ལྔའི་མིང་ཐོག་མར་བྱུང་ཞིང་དེ་ལྟར་ངོས་འཛིན་བྱས་པ་ནི་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཆེན་པོ་ཐད་ཀར་མིག་ལ་མངོན་པའི་རིགས་པ་རགས་མོ་ཞིག་ཡིན་མོད།  རྗེས་སུ་དེ་ཉིད་གཟུགས་མཐའ་ཕྲ་རབ་སོགས་མཐའ་དག་ལ་སྦྱར་ནས་བཤད་པ་ནི་ཕྲ་ཞིང་ཞིབ་པའི་རིག་ལམ་ཟབ་མོ་ཞིག་ཡིན་པས།  དེང་དུས་ཚན་རིག་པ་ཚོས་རྫས་ཕྲ་རགས་ཀྱི་གྲུབ་ཆའི་ཡོན་སུའོ་(元素)གང་མང་ཞིག་གསུང་གི་ཡོད་པའང་མཐར་གཏུགས་ན་འབྱུང་བ་ལྔའི་རང་བཞིན་དུ་མ་གཏོགས་པ་ཅི་ཡང་མེད་སྙམ། གཞན་ནུབ་ལུགས་གསོ་རིག་གིས་མིའི་ལུས་ཁམས་ཀྱི་བྱེད་ནུས་དང་གྲུབ་ཚུལ་གྱི་གཞི་རྩའི་སྡེ་ཚན་ཕྲ་ཕུང་ལ་ངོས་འཛིན་དང་།   བོད་ཀྱི་གསོ་བ་རིག་པས་ལུས་པོའི་གྲུབ་ཚུལ་དང་བྱེད་ལས་སོགས་འབྱུང་བ་ཡིན་པར་ངོས་འཛིན་བྱེད་པ་དེ་གཉིས་བར་མི་འདྲ་ས་ཆེན་པོ་ཞིག་ཡོད་པ་ནི། སྔ་མས་དངོས་པོའི་ངོ་བོ་(实质)གཙོ་བོར་བཟུང་བ་དང་།   ཕྱི་མས་དངོས་པོའི་ནུས་པ་(功能)ཨང་དང་པོར་འཇོག་པ་དེ་རེད།  དེ་ནི་ནུབ་ལུགས་དང་བོད་ལུགས་གཉིས་ཀྱི་སྤྱིའི་ཁྱད་པར་རམ་མི་འདྲ་ས་ཡིན་ལ་བཟོ་ལས་ཐོན་སྐྱེད་དང་ཚན་རྩལ་འཕྲུལ་ཆས་ལ་རག་ལས་པ་ཞིག་ཀྱང་ཡིན།   དེ་མིན་གདོས་བཅས་ཀྱི་ཕུང་པོ་འདི་ས་ཆུ་མེ་རླུང་སྟེ་རང་བཞིན་བཞིར་ངེས་པའི་རྡུལ་ཕྲ་རབ་ཀྱི་འབྱུང་བ་གྲངས་མེད་འདུས་པ་ལས“གྲུབ་པ་ཤ་སྟག་ཡིན་པར་གསུངས་ཡོད་པ་དེ་ནི་ནུབ་ལུགས་ཀྱིས་བཤད་པའི་ཕྲ་ཕུང་དང་གནས་ལུགས་གཅིག་པར་མཐོང་།  
          བོད་ཀྱི་གསོ་རིག་གཞུང་དུ་ལུས་ནད་གཉེན་པོ་སོགས་གསོ་རིག་གི་བརྗོད་དོན་ཀུན་ལ་རང་བྱུང་ཁམས་ཀྱི་དངོས་པོའི་ཆོས་ཉིད་ལས་བྱུང་བའི་འབྱུང་ལྔ་རིག་པ་ཁོ་ནར་བརྟེན་ནས་འགྲེལ་པ་རྒྱག་གི་ཡོད་པ་དང་།  དེ་བཞིན་འབྱུང་ལྔ་རིག་པས་ལུས་ཁམས་དང་ནད་ཁམས་ཀྱི་སྣང་ཚུལ་ལ་འགྲེལ་བཤད་བྱས་པ་བརྒྱུད་རླུང་མཁྲིས་བད་ཀན་ཞེས་པའི་ཐ་སྙད་དང་ཉེས་གསུམ་རིག་པ་བྱུང་ཞིང་། མ་གཞི་ཉེས་གསུམ་དང་ཉེས་གསུམ་རིག་པ་དེ་འབྱུང་བ་དང་འབྱུང་ལྔ་རིག་པའི་ངོ་བོ་ལས་འདའ་ཐུབ་མེད་མོད། ཡིན་ཡང་དེ་ནི་མི་རིགས་རང་ཉིད་ཀྱི་མེས་པོས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྟེན་ནས་གསར་དུ་སྒྲུབ་པའི་མིང་བརྡ་ཞིག་དང་གསར་དུ་མཐོང་བའི་རང་བྱུང་ཚན་རིག་གི་གཞི་རྩའི་ལྟ་བ་ཞིག་ཡིན་ལ། བོད་གསོ་རིག་རང་གི་ཐུན་མིན་གྱི་ཆོས་ཉིད་གསལ་བའི་ཆེད་སྐྲུན་ཐ་སྙད་ཅིག་དང་རིག་པ་ཞིག་ཀྱང་ལགས་པས།  དེ་བོད་ཀྱི་གསོ་བ་རིག་པའི་གཞི་འཛིན་གྱི་གསེར་སྒྲོམ་ལྟ་བུ་ཞིག་ཏུ་གྱུར་ཡོད།   
          ཐ་མལ་མིའི་ལུས་ཁམས་ཀྱི་འབྱུང་བ་བཞིའམ་ཉེས་པ་གསུམ་ཤས་ཆེ་ཆུང་དབང་གིས་མིའི་གཤིས་ཀ་དང་། ཁམས་དབང་། སེམས་ཁམས། སྨན་དཔྱད་ཀྱི་མྱོང་ཚོར་སོགས་ཀྱང་མི་འདྲ་བ་རེ་འབྱུང་གི་ཡོད་པ་དང་།  ལུས་སེམས་ཀྱི་ནད་རིགས་གང་ཡིན་ཡང་གསོ་བཅོས་བྱེད་སྐབས་སུ་འབྱུང་བཞིའི་ངོ་བོ་ཆ་སྙོམས་པོར་བྱེད་རྒྱུ་དེ་རྩ་བའི་ཐབས་ཤེས་སུ་བཟུང་བཞིན་ཡོད། ལར་རླུང་མཁྲིས་བད་ཀན་བཅས་ལུས་སེམས་ཀྱི་ནད་རིགས་ཐམས་ཅད་སྐྱེད་པའི་རིང་རྒྱུ་ནི་སེམས་བྱུང་འདོད་ཁྲོ་གཏི་མུག་གསུམ་ཡིན་ཞིང་།    དེ་གསུམ་ལས་བྱུང་བའི་སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་རང་རང་གི་མཚན་ཉིད་དང་ཆོས་མཐུན་པའི་རླུང་མཁྲིས་བད་ཀན་གསུམ་ལ་བརྟེན་ནས་ལུས་ཕྱིར་ཉམས་སུ་མངོན་གྱི་ཡོད་པ་རེད།  དེ་ཡང་དཔེར་ན་མི་གང་ཞིག་ཁོང་དུ་ཞེ་སྡང་དྲག་པོ་སྐྱེས་པའི་ཚེ་ལུས་ཁམས་ཀྱི་མཁྲིས་པའི་བྱེད་ནུས་ལས་མངོན་པ་སྟེ། རྩ་ནང་རྒྱུ་བའི་ཁྲག་ཟུངས་དྲོས་ཏེ་ལུས་པོའི་དྲོད་ཚད་གློ་བུར་དུ་ཆེར་རྒྱས་ཤིང་ཁ་དོག་དམར་པོར་འགྱུར་བ་སོགས་མཁྲིས་པ་ཚ་བའི་རྟགས་མངོན་སུམ་དུ་མཐོང་བ་ལྟ་བུའོ། །དེ་ལྟར་སེམས་ཁམས་ཀྱི་འགྱུར་བ་གང་ཡང་ལུས་ཕྱིར་མངོན་དགོས་ན་ཉེས་གསུམ་ལ་མ་བརྟེན་པར་མངོན་ཐབས་བྲལ་བས། འདོད་ཁྲོ་གཏི་གསུམ་ལས་རླུང་མཁྲིས་བད་ཀན་སྐྱེད་པ་ཡིན་ཞེས་བཤད་པའི་རྒྱུ་མཚན་དེ་ལ་ཡང་ཐུག་ཡོད། གང་ལྟར་དུག་གསུམ་ལས་ཉེས་གསུམ་སྐྱེད་པ་དང་།   ཉེས་གསུམ་ལས་དུག་གསུམ་མངོན་པ་བཅས་ཡོད་ཚད་འབྱུང་བཞིའི་ནུས་པ་ཡིན་ལ།    དེ་ཡང་འདོད་ཁྲོ་གཏི་གསུམ་དང་རླུང་མཁྲིས་བད་གསུམ་བཅས་རིམ་པ་བཞིན་དུ་ཕན་ཚུན་གྱི་འབྱུང་བའི་རང་བཞིན་བདག་ཉིད་གཅིག་ཏུ་འབྲེལ་ཡོད།   
          གཞན་སེམས་ཁམས་ཀྱི་སྣང་ཚུལ་རྨི་ལམ་དང་།  ཤེས་པ་རང་བབས་སུ་མི་གནས་ཤིང་སྒོ་གསུམ་གྱི་སྤྱོད་པ་འགྱུར་བའི་གདོན་ནད་དམ་སེམས་ཁམས་ཀྱི་ནད་རིགས་སོགས་ཀྱང་ལུས་སེམས་སུ་གྲུབ་པའི་འབྱུང་བཞིའམ་ཉེས་གསུམ་སྙོམས་མ་སྙོམས་སོགས་ལ་འབྲེལ་བ་ཡོད་པ་འབའ་ཞིག་ལགས་ཤིང་། མིའི་རང་བཞིན་མི་འདྲ་བ་རྣམ་པ་བདུན་དུ་འགྱུར་བཞིན་ཡོད་པའང་འབྱུང་ལྔའམ་ཉེས་གསུམ་རིག་པའི་སྟེང་ནས་འགྲེལ་བཤད་གནང་གི་ཡོད་པ་བཅས་མདོར་ན། འབྱུང་ལྔ་རིག་པ་དང་དེ་ལས་འཕྲོས་པའི་ཉེས་གསུམ་རིག་པ་ནི་བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པའི་ནང་དོན་ཡོངས་ལ་ཁྱབ་ཡོད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་གཙོ་བོ་ཞིག་ཡིན།