ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ཁ་རས་མ་བརྒྱབ་པས་བར་ཐག་སྨི0.5ཡི་མཚམས་ནས་ནད་དུག་འགོས་པ་རེད།

སྤེལ་དུས 2022-03-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཟླ3པའི་ཚེས21ཉིན་ཁྲང་ཧྲ་གྲོང་ཁྱེར་ཧྥུ་རུང་ཆུས་སུ་ཏོག་གསར་གློ་ཚད་ཀྱི་ནད་དཔེ1གསར་དུ་གཏན་ཁེལ་བྱུང་ཡོད། རིམས་ནད་བརྟག་དཔྱད་ལས་ཤེས་རྟོགས་བྱུང་བར། ནད་དཔེ་ཅང་ཆེ་གེ་མོས་ཟླ3པའི་ཚེས16ཉིན་ས་ཆ་གཞན་ནས་ཡོང་བའི་ནད་དཔེ་ཞ་ཆེ་གེ་མོ(ཟླ3པའི་ཚེས17ཉིན་ནད་དཔེར་གཏན་འཁེལ་བྱུང་།)དང་སྒོ་ཕྱིའི་མི་ཚོགས་འདུ་ས་ཞིག་ནས་དུས་ཡུན་ཅུང་ཙམ་ཞིག་ལ་ཐུག་འཕྲད་བྱུང་བ་རེད། ཞ་ཆེ་གེ་མོ་དང་ཅང་ཆེ་གེ་མོ་གཉིས་ཀྱིས་ཁ་རས་བརྒྱབ་མེད་ཅིང་། ཁོ་གཉིས་མཉམ་དུ་འགྲོ་སྐབས་སུ་ཕན་ཚུན་གྱི་བར་ཐག་སྨི0.5ཡས་མས་ཙམ་ཡོད།
        ཕྱི་ནས་ཁ་རས་མ་བརྒྱབ་པར་བར་ཐག་སྨི0.5ཡས་མས་ཡོད་ན་ནད་དུག་འགོས་ཁྱབ་བྱུང་སྲིད་དམ།  
         ཧྥུ་རུང་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་འདིའི་ཐད་ལ་བརྗོད་དོན། འགོས་ཁྱབ་བྱུང་སྲིད་དེ། ཞ་ཆེ་གེ་མོ་ཟླ3པའི་ཚེས17ཉིན་ནད་དཔེར་གཏན་འཁེལ་བྱུང་བ་རེད། སྐབས་དེར་དུག་ཕྱིར་ཕུད་པའི་སྐབས་ཡིན་ལ། ལུད་པའམ་ཁ་ལུད་འཕེན་པ་དང་། ཡང་ན་ཧབ་སྦྲིད་རྒྱག་པའི་སྐབས་སུ་ཁོག་ནས་ཕྱི་ལ་གཏོར་བའི་ཁ་ཆུའི་ཆུ་རྡུལ་ཆེ་ཆུང་སྣ་ཚོགས་ཡོད་ལ། ཁ་ཆུའི་རྡུལ་ཕྲན་ཆེ་བ་ཐད་ཀར་ས་ལ་ལྷུང་བ་དང་། ཁ་ཆུའི་རྡུལ་ཕྲན་ཆུང་བ་དག་མཁའ་རླུང་དུ་རྒྱུ་བས།  མི་གཞན་པས་རྔུབ་ན་འགོས་ཁྱབ་བྱུང་སྲིད། སྐབས་དེར་ཅང་ཆེ་གེ་མོས་ཁ་རས་བརྒྱབ་མེད་པས་ནད་དུག་འགོས་པ་རེད།
        ཧྥུ་རུང་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་བརྗོད་དོན། ཏོག་གསར་ནད་དུག་གཞན་འགྱུར་ཇི་འདྲ་བྱུང་རུང་། སྔར་བཞིན་ཁ་ཆུ་དང་ངོ་འཕྲད་པ་སོགས་བརྒྱུད་ནས་འགོས་ཁྱབ་བྱུང་བ་རེད། ནད་དུག་འགོ་བ་སྔོན་འགོག་བྱ་འདོད་ན། ཚད་ལྡན་གྱི་སྒོ་ནས་ཁ་རས་རྒྱག་པ་དང་། ལག་པ་བཀྲུ་བ། ལག་པར་དུག་སེལ་བྱེད་པ། བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་པ་བཅས་ནི་གོ་ཆོད་ཅིང་སྟབས་བདེ་ཤོས་ཀྱི་འགོག་སྲུང་བྱ་ཐབས་ཤིག་རེད་ཅེས་བསྟན།
        ཧྥུ་རུང་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱེད་དོན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་ལ། མི་སོ་སོ་ནི་རང་གི་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ་དེ་ཡིན་པས། དུས་རྒྱུན་གྱི་འཚོ་བའི་ནང་ངེས་པར་དུ་ཚད་ལྡན་ངང་ཁ་རས་རྒྱག་པ་དང་། ལག་པ་བཀྲུ་བ། མི་ཚོགས་འདུ་ས་རུ་ཕན་ཚུན་བར་སྨི1གི་བར་ཐག་རྒྱུན་འཁྱོངས་བྱེད་པ། རང་འགུལ་ངང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། མི་ཚོགས་འདུ་སར་བསྐྱོད་སྐབས་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“འདུ་གནས་བཤེར་རིས”བཤེར་བ། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་གཞོགས་འདེགས་བྱེད་པ། མི་མང་འདུ་ཚོགས་ཉུང་དུ་གཏོང་གང་ཐུབ་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།
རྩོམ་སྒྲིག་པ། བདེ་སྒྲོན།