ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

སྨན་དོན་མི་སྣ་38000ལྷག་ཧྲང་ཧའེ་ལ་རོཊ་སྐྱོར་དུ་སོང་འདུག

སྤེལ་དུས 2022-04-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཧྲང་ཧའེ་རུ་རིམས་ནད་འགོག་བཅོས་བྱེད་བཞིན་པའི་རྒྱལ་ཁབ་འཕྲོད་བདེ་ཐང་ཨུ་ལྷན་གྱི་སྨན་བཅོས་སྲིད་འཛིན་དང་སྨན་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅའོ་ཡ་ཧུའེ་ལ་ཆེད་དུ་བཅར་འདྲི་བྱས།
  ཅའོ་ཡ་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་15ཡིས་སྨན་དོན་མི་སྣ་38000ལྷག་ཧྲང་ཧའེ་རུ་རོགས་སྐྱོར་བྱེད་པར་མངགས་པ་མ་ཟད། ཉིང་སྐྱུར་བརྟག་དཔྱད་ཡོ་བྱད་ཁྲི་223བསྡུས་ནས་ཧྲང་ཧའེ་ལ་རོགས་སྐྱོར་བྱས། དེའི་ཁྲོད་ཀྱི་ཞིང་ཆེན་9ཡིས་སྨན་དོན་མི་སྣ་11000ལྷག་སྟབས་བདེའི་སྨན་ཁང་གི་སྨན་བཅོས་རུ་ཁག་གི་ལས་འགན་འཁུར་བར་མངགས་ཡོད་ལ།   ད་དུང་ཞིང་ཆེན་4ཡིས་ཉིང་སྐྱུར་བརྟག་དཔྱད་བྱེད་མཁན་གྱི་སྨན་དོན་མི་སྣ་མངགས་ཡོད་པ་དེ་ནི་ང་ཚོའི་སྨན་དོན་རུ་མི་ཡིན་ཞིང་རུ་ཁག་འདི་ལ་མི་23200ལྷག་ཙམ་ཡོད། གཞན་ང་ཚོས་ད་དུང་ཞིང་ཆེན་12ནས་ཚོད་ལྟ་ཁང་གི་ཉིང་སྐྱུར་བརྟག་དཔྱད་རུ་ཁག་མངགས་གཏོང་བྱས་ཡོད་ལ་དེར་ཕལ་ཆེར་མི་4000ལ་ཉེ་བ་ཡོད་པ་རེད།  
  ཧྲང་ཧའེ་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱིས་སྤྱི་ཚེས་4ཉིན་བརྡ་ཁྱབ་སྤེལ་བ་ལྟར་ན། སྤྱི་ཚེས་3ཉིན་གྱི་ཆུ་ཚོད་0ནས་24བར་ཧྲང་ཧའེ་རུ་རང་ས་གནས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་425དང་ནད་རྟགས་མེད་པའི་ནད་པ་8581གསར་དུ་ཐོན་པ་དང་། དེའི་ཁྲོད་ནད་པ་71ནི་ནད་རྟགས་མེད་པའི་ནད་པ་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཡིན་ཞིང་། ནད་གཞི་གཏན་འཁེལ་བྱས་པའི་ནད་པ་7དང་ནད་རྟགས་མེད་པའི་ནད་པ་7920ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁྲོད་ཤེས་རྟོགས་བྱུང་བ་དང་གཞན་པ་རྣམས་ནི་འབྲེལ་ཡོད་ཉེན་ཁའི་མི་ཚོགས་གྲལ་བཤེར་སྐབས་ཤེས་རྟོགས་བྱུང་བ་རེད། 
  ཉེ་ཆར། རེས་སྐོར་འདིའི་ཧྲང་ཧའེ་ཡི་རིམས་ནད་ཀྱིས་མི་རྣམས་ལ་སེམས་ཁྲལ་བཟོས་ཡོད་དེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་སྨན་དོན་མི་སྣས་ཧྲང་ཧའེ་ལ་ཛ་དྲག་ངང་རོགས་སྐྱོར་བྱས། དེ་རིང་ཧྲང་ཧའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྡོད་དམངས་ཡོངས་ལ་ཁྱོན་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་འཐབ་རྩོད་བྱས་ནས་མཉམ་དུ་ཧྲང་ཧའེ་ཡི་ལྕགས་རི་དམ་སྲུང་བྱ་རྒྱུ་རེད།