ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

འདི་དག་གིས་སྐྲན་ནད་སློང་བས་གཟབ་རོགས།

སྤེལ་དུས 2023-08-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         ཁྱོད་ཀྱིས་རང་གི་ཉེ་འཁོར་གྱི་སྐྲན་ནད་སློང་བའི་དངོས་རིགས་ལ་དོ་ཁུར་བྱས་མྱོང་ངམ། ཉེ་ལམ་ཉེ་འཁོར་གྱི་སྐྲན་ནད་སློང་ཚད་ཆེ་བའི་དངོས་པོ་འཁྱོག་དུག་སེར་པོ་ (黄曲霉菌) ཟེར་བའི་སྐོར་ལ་པོད་ཕྲན་སྟེང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།  

 
          འཁྱོག་དུག་སེར་པོ་ཞེས་པ་ནི་སྐྲན་ནད་སློང་ཚད་ཆེ་བའི་དངོས་རིགས་ཤིག་ཡིན་པ་དང་།   སྤྱི་ལོ་1993ལོར་འཁྱོག་དུག་སེར་པོ་འདི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྐྲན་ནད་སློང་བའི་དངོས་རིགས་དང་པོར་ངོས་འཛིན་བྱས་པ་དང་། དེའི་དུས་གཤིས་ནི་ངར་དུག་ (砒霜) ཟེར་བའི་ལྡབ་68ཡིན་པ་དང་། ཆིན་འགྱུར་ཅཱ་ (氰化钾) ཡི་ལྡབ་10ཡིན། སྐྲན་ནད་སློང་པའི་ནུས་པ་ནི་ཀ་གཉིས་ཟེ་སྐྱུར་ཨེན་ (二甲基亚硝胺) ཟེར་བའི་ལྡབ་70ཡིན་པས་མཆིན་པར་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད། རྒྱུན་དུ་སྤྱད་ཚེ་མཆིན་པའི་སྐྲན་ནད་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ།
          འཁྱོག་དུག་སེར་པོ་ལས་གཞན་ང་ཚོའི་ཉེ་འཁོར་དུ་ད་དུང་སྐྲན་ནད་སློང་བའི་དངོས་རིགས་མང་པོ་ཡོད་དེ་ཉིན་རྒྱུན་གྱི་ཁ་ཟས་དང་འཚོ་བའི་ཁྲོད་ནས་ཁར་འཛུལ་གྱིན་ཡོད་སྲིད།
 
        1. འཁྱོག་དུག་སེར་པོ་ནི་མདོག་གྱུར་བའི་འབྲུ་རིགས་དང་། སིལ་སྐམ་རིགས་སོགས་སུ་ཡོད།

 
  2. པིན་ཆའོ་ (苯并芘) ནི་ བསྲེགས་ཟས་དང་དྲོད་ཚད་མཐོ་བའི་སྣུམ་བཙོས་ཀྱི་ཟས་རིགས་ཁྲོད་ཡོད།
 

  3.ཟེ་སྐྱུར་ཨེན་ཕལ་བ་ (亚硝胺) ནི་དུ ་བས་བསྙལ་བའི་ཟས་རིགས་ཁྲོད་ཡོད།
 

  4.རྡོ་ཐའི་འཚིག་སྣུམ་ནི་ཐ་མག་མེར་སྒྲོན་ནས་རྔུབ་པའི་སྐབས་འབྱུང་བཞིན་ཡོད།
 

  5.ཁ་ཆོན་(乙醛) ནི་ཆང་རག་བཏུངས་རྗེས་ཐོན་བཞིན་ཡོད།

     ཨ་རག་གི་གྲུབ་ཆ་གཙོ་བོ་ནི་ཁ་ཁྲུན་ཡིན་པ་དང་། ཁ་ཁྲུན་མཆིན་པའི་ཕྲ་ཕུང་དུ་ཞུགས་རྗེས་ཁ་ཆོན་ལ་དབྱང་འགྱུར་བྱས་ཡོད། ཕྱི་མ་ལ་མཆིན་དུག་རང་བཞིན་དང་སྐྲན་ནད་སློང་བའི་ནུས་པ་ལྡན་པས། ལུས་ནང་དུ་མང་དྲགས་ན་མཆིན་པ་ལ་གནོད་འཚེ་ཚབས་ཆེན་ཐེབས་སྲིད།
     ང་ཚོའི་ཉེ་འགྲམ་དུ་སྐྲན་ནད་འབྱུང་བའི་དངོས་རྫས་སྣ་ཚོགས་ཡོད་མོད། འོན་ཀྱང་སྐྲན་ནད་འབྱུང་བའི་དངོས་རྫས་ཀྱིས་སྐྲན་ནད་ཁ་ཤས་སློང་སྲིད་ཟེར་བ་ནི་དུས་ཡུན་རིང་ཞིང་། ཚད་ལས་བརྒལ་བ་སྤྱད་རྗེས་ད་གཟོད་འབྱུང་སྲིད་པ་ལ་གོ གལ་ཏེ་ཁྱོད་ཀྱིས་མཚམས་རེར་ཉུང་ཙམ་ཟ་བ་དང་། མཚམས་རེར་ཉུང་ཙམ་རེག་པ་སོགས་བྱས་པ་ལ་སེམས་ཁྲལ་བྱེད་དགོས་དོན་མེད།
                                                                                                     རྩོམ་སྒྲིག་པ། མངྒ་མཚོ།