ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ཁ་དྲི་དང་སྒོག་དྲི་ངན་པ་ཁ་ན་འདི་དག་མཆོད་དང་ཕན་ཐོགས་ཆེན་པོ་འདུག

སྤེལ་དུས 2023-08-17 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

              ཁ་དྲི་ངན་པ་ཁ་ན། སྐད་ཆ་ཤོད་དུས་ཁ་སྐྱེངས་པོ་ཡོང་སྲིད་ལ། མི་གཞན་ལ་གཙང་སྦྲ་མི་ལེགས་པའི་བག་ཆགས་ཤིག་འཇོག་སྲིད། ཡིན་ནའང་། གཤམ་གྱི་ཐབས་ཤེས་འདི་དག་ལས་ཁྱེད་ཀྱི་ཁ་དྲི་སེལ་ཐུབ།

              ◎ཚ་ལུ་མ། 

             ཚ་ལུ་མར་ལུད་པ་འགོག་པ་དང་། ར་དྭངས་བ། ཁ་དྲི་སེལ་བ་བཅས་ཀྱི་ནུས་པ་ལྡན་ཡོད།

             ◎འོ་མ།

               སྒོག་པ་དང་ཙོང་སོགས་བཟས་རྗེས་ཁ་དྲི་ངན་པ་ཁ་སྲིད། འོན་ཀྱང་འོ་མ་པེ་ཙི་གང་ཙམ་བཏུངས་ན། སྒོག་དྲི་སེལ་ཐུབ་ཀྱི་ཡོད།

               ◎ཉིང་མོང་།

               ཉིང་མོང་ནི་རོ་སྐྱུར་ལ་ཁ་བའི་ཤིང་འབྲས་ཤིག་ཡིན་ཞིང་། དེས་ཚ་བ་འཇོམས་ལ་སྐོམ་པ་སེལ་ཐུབ་པ་མ་ཟད། ཁ་དྲི་ཡང་སེལ་ཐུབ་ཀྱི་ཡོད།

               ◎སྦྲང་རྩི། 

             གལ་ཏེ་བཙོག་པ་འགགས་པའི་དབང་གིས་ཁ་དྲི་ཁ་ན། སྦྲང་རྩི་མཆོད་དགོས་པས་དེས་བཙོག་པ་གཤོངས་བ་མ་ཟད་ཁ་དྲི་ཡང་སེལ་ཐུབ།

             ◎སྐྱུ་རུ་ར།

            སྐྱུ་རུ་ར་ཡིས་ཟས་འཇུ་བ་མ་ཟད། ཕོ་བ་གཙང་སེལ་ཐུབ་པས་ཁ་དྲི་ངན་པ་ངང་གིས་སེལ་ཐུབ་ཀྱི་ཡོད།

རྩོམ་སྒྲིག་པ། མངྒ་མཚོ།