གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

སློབ་མའི་དྲན་ཤེས་བརྟན་དུ་གཏོང་བའི་ཟས་རིགས་ཁག་གཅིག

སྤེལ་དུས 2018-06-11 ཡོང་ཁུངས། ཁམས་པའི་བརྙན་འཕྲིན་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ལོ་སྒོར་པད་ཚལ།
          ལོ་སྒོར་པད་ཚལ་ནི་གོང་ཁེ་ལ་ཤིན་ཏུ་འབེལ་བའི་ཚལ་རིགས་ཤིག་རེད། མི་ཚོས་ལོ་སྒོར་པད་ཚལ་གྱི་བྲོ་བ་ཞིམ་པོ་དེ་རྟོགས་པ་ཙམ་ལས་དེའི་ནང་འདུས་པའི་འཚོ་རྒྱུ་ཁ་པས་ཀླད་ཆེན་གྱི་ངལ་དུབ་སེལ་བར་ནུས་པ་ཆེན་པོ་འདོན་པ་དེ་ཤེས་མཁན་ཉུང་།
ཤིང་ཏོག་པོའོ་ལོའོ།
          པོའོ་ལོའོ་ལ་འཚོ་རྒྱུ་ག་པ་དང་ཚད་ཉུང་མ་རྒྱུ་མའེ་འདུས་ཚད་མཐོ་ལ་ཚ་ནུས་འདུས་ཚད་ཉུང་བས་ཟ་དུས་ཞིམ་ལ་ཀླད་པ་གྲུང་དུ་གཏོང་བའི་ནུས་པ་ཆེ་བས་མི་ཚོས་ཤིང་ཏོག་དེར་དྲན་ཤེས་བརྟན་དུ་གཏོང་བའི་ཤིང་ཏོག་ཞེས་བརྗོད་ཀྱི་ཡོད། ལྷག་པར་དུ་སྐྱོར་སྦྱངས་མང་བའི་སློབ་ཕྲུག་དང་གླུ་ཚིག་སྦྱོང་མཁན། སྙན་ཚིག་སྐྱོར་མཁན་ཚོའི་ཟས་མཆོག་རེད། 
སྒོག་པ།
          “ཀླད་ཆེན་སྒུལ་སྐྱོད་བྱེད་པའི་ནུས་ཚད་ཀྱི་འབྱུང་ཁུངས་གཙོ་བོ་རྒུན་འབྲུམ་མངར་ཆུར་བརྟེན་དགོས་ཤིང་། རྒུན་འབྲུམ་མངར་ཆུའི་ནུས་པ་འདོན་སྤེལ་བྱེད་དགོས་ན་ལུས་པོའི་ནང་འཚོ་རྒྱུ་ཁ་པ་དང་པོ་འདུས་ཚད་སྤྱིར་བཏང་ཞིག་ལས་མེད་རུང་དེས་འཚོ་རྒྱུ་ཁ་པ་དང་པོའི་ནུས་པ་འདོན་སྤེལ་བྱེད་པར་ཤུགས་ཆེན་པོ་རྒྱག་གི་ཡོད། དེར་བརྟེན་སྒོག་པ་འོས་འཚམ་བཟས་ན་རྒུན་འབྲུམ་མངར་ཆུ་དེ་ཀླད་ཆེན་གྱི་ནུས་ཚད་དུ་འགྱུར་བར་སྐུལ་འདེད་བྱེད་ཀྱི་ཡོད།
སྲན་མ་དང་སྲན་བཟོས་ཟས་རིགས།
          སྲན་མའི་ཟས་རིགས་ནང་མིའི་ལུས་པོར་མཁོ་བའི་སྤྲི་དཀར་དང་ཨན་ཅི་སོན་སྣེ་རིགས་བརྒྱད་འདུས་ཡོད་པས་དེ་དག་གིས་ཀླད་ཆེན་གྱི་ཁྲག་རྩའི་ནུས་པ་ཆེ་རུ་གཏོང་བར་དམིགས་བསལ་གྱི་ནུས་པ་འདོན་གྱི་ཡོད། གཞན་ཡང་སྲན་མར་འདུས་པའི་ལོན་ལིན་ཚིལ་དང་འཚོ་རྒྱུ། གཏེར་རྒྱུ་སོགས་ཚང་མ་ནི་ཀླད་པའི་ངལ་རྩོལ་བྱེད་མཁན་ཚོར་མཁོ་བའི་ཟས་རིགས་ཤ་སྟག་རེད།
 ཞག་ལྡན་ལི་ཙི།
          ཞག་ལྡན་ལི་ཙིའི་སྣུམ་སྐྱུར་འདུས་ཚད་མཐོ་བས་དུས་ཐུང་ངེས་ཤེས་ནུས་པ་མཐོ་རུ་གཏོང་བའི་ནུས་ཚད་གཙོ་བོ་རེད། བདེ་ཐང་གི་མིས་ཉིན་རེར་ལི་ཙི་ཕྱེད་ཀ་ཙམ་བཟས་ན་ཆོག
མོག་རོ་དཀར་ནག
           མོག་རོར་སྤྲི་དཀར་དང་ཚིལ། མངར་ཆ། གཏེར་རྒྱུ། འཚོ་རྒྱུ་སོགས་འཚོ་བཅུད་གྲུབ་ཆ་ཕུན་སུམ་ཚོགས་པོ་འདུས་ཡོད་པས་ཀླད་ཆེན་གསོ་བའི་ཟས་མཆོག་ཡིན།
མངར་ཁམ།
          ལོ་གསུམ་ཁམ་བུར་འཚོ་རྒྱུ་ཀ་པ་དང་ག་པ་གཞན་ལས་ལྷག་པ་འདུས་ཡོད་པ་དེས་ཟུངས་ཁྲག་འདང་ངེས་མཁོ་འདོན་ཐུབ་ནས་དྲན་ཤེས་བརྟན་དུ་གཏོང་ཐུབ།