ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཟས་ཉུང་ཙམ་ཟོས་ན་རྒས་མི་སླ་བ་ཡིན།

སྤེལ་དུས 2012-03-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། རྩོམ་པ་པོ། ནོར་བུས་བསྒྲིགས།

    ཨ་མེ་རི་ཁའི་གྲོང་ཁྱེར་ལའོ་སན་ཅེ་ཡི་ཅཱ་ཀྲིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་འོར་ཧྥུ་ཡིས་ལོ་མང་པོའི་རིང་མི་ལུས་རྒས་འགྱུར་ལ་ཞིབ་འཇུག་བྱས་པའི་སྡོམ་ཚིག་ལྟར་ན། མི་ལུས་རྒས་འགྱུར་འགོག་པའི་ཐབས་དམ་པ་ཞིག་ནི་ཟས་ཉུང་ཙམ་ཟ་བ་དེ་ཡིན་ཞིང་། མི་སྐམ་པོ་ཡིན་ཡང་ཟས་ཉུང་ཉུང་བསྟེན་ན་ཚེ་ཐག་བསྲིངས་པར་ཕན་ཐོགས་ངེས་ཡིན། 

     སློབ་དཔོན་ཆེན་མོ་འོར་ཧྥུ་ཡིས་གསུང་དོན། ཟས་རིགས་གདམ་ཀ་བྱས་པ་མ་ལེགས་པས་འཚོ་བཅུད་དཀོན་པའི་སྣང་ཚུལ་བྱུང་བ་ཡིན་པས་མི་ལུས་ལ་གནོད་པ་ཡིན། ཁོང་གི་ལྟ་བ་ལྟར་ན། ཉིན་རེར་ལུས་ཕུང་དུ་བསྡུ་ལེན་བྱེད་པའི་དྲོད་ཚད་བཀག་སྡོམ་བྱས་ཡང་འཚོ་བཅུད་སྣ་ཚོགས་ཀྱི་ཚད་ཆ་སྙོམས་པར་གནས་པར་བྱེད་པ་སྟེ། མི་ལུས་ཀྱིས་ཉིན་རེར་བསྡུ་ལེན་བྱས་པའི་སྤྲི་དཀར་དང་མངར་ཆའི་རིགས། ཚི་ལི། ཚི་སྣའི་རྒྱུ། གཏེར་རྫས་སོགས་ཀྱི་བསྡུར་ཚད་ཆ་སྙོམ་པར་གནས་དགོས་ཤིང་། སྙོམ་ཆ་འདིའི་ཚད་གཞི་འཁྲུག་པ་ན་འབྲེལ་ཡོད་ཀྱི་སྨན་རྫས་ལ་བསྟེན་ནའང་འགྲིག་པ་ཡིན། 

    འོར་ཧྥུ་ཡིས་དམིགས་སུ་བསྟན་པ་ཞིག་ནི་འཚོ་བཅུད་མི་ལེགས་པའི་གནས་ཚུལ་འོག་ཀླད་པར་ཐོག་མར་གནོད་པ་ཐེབས་སྲིད་ཅིང་། ཚོད་ལྟ་བྱས་པ་ལྟར་ན། ཟས་ཉུང་སྤྲད་པའི་སྲོག་ཆགས་ཀྱི་ཀླད་པ་དང་ནམ་རྒྱུན་གྱི་ཟས་ཚད་ཟ་བའི་སྲོག་ཆགས་གཉིས་ཀྱི་ཀླད་པ་བསྡུར་བས་དེ་གཉིས་ཀྱིས་ཀླད་པའི་ཆ་ལ་ཁྱད་པར་མེད་མོད། འོན་ཀྱང་ཟས་ཉུང་སྤྲད་པའི་སྲོག་ཆགས་ཀྱི་ཀླད་པའི་ནུས་ཤུགས་ལོ་རྒས་པའི་འགྲོས་རིམ་དུ་ཉམས་ཞན་དུ་མི་འགྲོ་བ་དང་ཅིག་ཤོས་དེ་ལས་ལྡོག་པའི་སྣང་ཚུལ་བྱུང་།
   དེ་ཡང་འདི་ལྟར་ཟས་ཉུང་སྤྲད་པ་ལས་ནར་སོན་པའི་སྲོག་ཆགས་ལ་སྐྱོན་ཞིག་ཀྱང་ཡོད་དེ། ཟས་ཉུང་སྤྲད་པ་ལས་དེ་དག་གི་ཚེ་ཐག་བསྲིངས་ཐུབ་ཅིང་གཟུགས་གཞི་ཅུང་ཆུང་བའི་སྐྱོན་འབྱུང་། དེའི་ཕྱིར་ཐབས་འདི་མི་ལུས་སུ་སྤྱོད་དུས་ངེས་པར་དུ་གཟུགས་གཞིའི་ཚད་འོས་འཚམ་ཞིག་སྐྱེ་ཞིང་རིགས་རྒྱུད་སྤེལ་པའི་ནུས་པ་སྨིན་རྗེས་ད་གཟོད་ཐབས་འདི་སྤྱད་དེ་ཟས་ཉུང་བསྟེན་ན་ཚེ་ཐག་ཇེ་རིང་དུ་གཏོང་བར་ཕན་ཐོགས་པ་ཡིན། 

    ཁོང་གིས་གསུང་དོན། ཆེས་ལེགས་པའི་གནས་ཚུལ་ནི་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ། དེ་ཡང་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་གཏོང་བར་དུས་ཡུན་ངེས་ཅན་ཞིག་དགོས་སྟེ། ལོ་ལྔ་ནས་བདུན་ཙམ་སྤྱད་དེ་རིམ་བཞིན་ཇེ་ཡང་དུ་གཏོང་བ་ལས་དུས་ཡུན་ཐུང་ངུའི་ནང་ལུས་ཀྱི་ལྗིད་ཚད་ཆེར་ཆེར་མར་འབབ་ཏུ་འཇུག་མི་རུང་། དེ་ལྟར་བྱས་ལུས་ཕུང་བདེ་ཐང་ལ་གནོད། ཟས་ལ་ཚོད་འཛིན་བྱེད་དུས་རྒྱུན་ལྡན་གྱི་དྲོད་ཚད་བསྡུ་བའི་ཚད་ལས་དྲོད་ཚད་བརྒྱ་ཆའི་སུམ་ཅུ་ནས་བཞི་བཅུ་ཇེ་ཉུང་དུ་གཏོང་དགོས། གཞན་ད་དུང་མཐོང་ཆེན་བྱེད་དགོས་པ་ཞིག་ནི་ཟས་ཇེ་ཉུང་དུ་བཏང་ཡང་དགོས་ངེས་ཀྱི་འཚོ་བཅུད་བསྡུ་ལེན་བྱེད་དགོས། 

འཚོ་བཅུད་དཀོན་ཡང་ཚོ་གསོག་སྲིད་པ་ཡིན། 

   ཉེ་ཆར་འཚོ་བཅུད་ཆེད་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན། མི་ལ་ལ་ཞིག་ཚོ་པོ་ཡིན་པ་དེ་འཚོ་བཅུད་མང་བ་ལས་བྱུང་བ་མིན་པར། དེ་ནི་རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་ལུས་སྟེང་གི་ཚི་ལི་ཞུན་སྒྱུར་བྱེད་པའི་འཚོ་བཅུད་རྣམས་དཀོན་པ་ལས་བྱུང་བ་ཡིན། འཚོ་བཅུད་འདི་དག་ནི་འཚོ་བཅུདBདང་B1 ། འཚོ་བཅུདPPབཅས་ཡིན། མི་ལུས་ཀྱི་ཚི་ལི་དག་ནུས་བཅུད་གཞན་དུ་བསྒྱུར་བའི་བརྒྱུད་རིམ་དུ་གོང་གི་འཚོ་བཅུད་རྣམས་ཞུགས་པ་ན་ད་གཟོད་ཞུན་སྒྱུར་བྱེད་ཐུབ་པ་ཡིན། གཞན་ཡང་ཨ་མེ་རི་ཁའི་ཚོ་ནད་བརྟག་མཁན་གྱི་སྨན་པ་གཉིས་ཀྱིས་ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། མི་ལ་ལའི་ལུས་ཕུང་ཚོ་བ་ནི་ཆུ་མང་པོ་འཐུང་བ་ལས་བྱུང་བ་མ་ཡིན་པར་དེ་ལས་ལྡོག་སྟེ་ཆུ་འཐུང་བ་ཉུང་དྲགས་པ་ལས་བྱུང་བ་ཡིན། རྒྱུ་མཚན་ནི་ཆུའི་འཐུང་ཚད་ཉུང་ན་ལུས་ཀྱི་ཚི་ལི་རྙིང་ཚབ་གསར་བརྗེ་བྱེད་མི་ཐུབ་ཅིང་། ལུས་ཕུང་འགྱིག་སོབ(海绵)དང་འདྲ་བར་ལུས་སྟེང་གི་སྔར་ཡོད་ཆུ་རྣམས་གསོག་གང་ཐུབ་བྱས་པས་ཚོ་གསོག་པ་ཡིན།