ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ཀྱི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་གསུམ་ལ“རྒྱལ་ཡོངས་ཀྱི་གྲགས་ཅན་ཀྲུང་ལུགས་སྨན་པའི”མཚན་སྙན་ཐོབ་པ།

སྤེལ་དུས 2018-03-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
            ཉེ་དུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཅའ་ཨུ་ལྷན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་བཅས་ཀྱིས་ཐུན་མོང་ཐོག་བདམས་པའི“རྒྱལ་ཁབ་ཀྱི་སྨན་པ་གྲགས་ཅན”30དང“རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་པ་གྲགས་ཅན”99ཡི་ཁྲོད་རང་ལྗོངས་ཀྱི་སྐལ་བཟང་ཕུན་ཚོགས་དང་། རྣམ་རྒྱལ། དབང་འདུས་བཅས་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་གསུམ་ལ“རྒྱལ་ཡོངས་ཀྱི་ཀྲུང་ལུཌ་སྨན་པ་གྲགས་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་གསུམ་པོ་དེ་དག་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དང་། གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་། བོད་ལྗོངས་གསོ་རིག་སློབ་གླིང་བཅས་སོ་སོ་ནས་ཡིན་ཞིང་། དེའི་ནང་སྐལ་བཟང་ཕུན་ཚོགས་དང་རྣམ་རྒྱལ་ནི་རང་ལྗོངས་ཀྱི་བོད་སྨན་སྨན་པ་གྲགས་ཅན་རྒན་གྲས་ཡིན་ཞིང་། དུས་ཡུན་རིང་པོའི་ནང་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་ལ་གཞོལ་ཏེ་བོད་ཀྱི་གསོ་བ་རིག་པའི་ཚན་རིག་དང་མཐུན་པའི་སྲོལ་རྒྱུན་ཤེས་བྱ་དང་གཞི་རྩའི་བྱེད་ཐབས་ཕན་ཚུན་ཟུང་འབྲེལ་བྱས་ནས་སྲོལ་རྒྱུན་ལ་གཙིགས་ཆེན་དང་། ཟུང་འབྲེལ་ལ་གཙིགས་ཆེན། དངོས་ཕན་ལ་གཙིགས་ཆེན་བཅས་ཀྱི་གསར་གཏོད་བསམ་ཕྱོགས་བཏོན་ཡོད་པ་དང་ལྷག་པར་དུ་བོད་ལུགས་གསོ་བ་རིག་པའི་སྨན་པ་གྲགས་ཅན་རྒན་གྲས་ཚོས་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་དཀའ་རྙོག་ཆེ་བའི་ནད་གཞི་ཁག་གཅིག་ལ་སྲོལ་རྒྱུན་གྱི་རིགས་པའི་གཞུང་ལུགས་དང་དེང་རབས་ཀྱི་སྨན་བཅོས་བྱ་ཐབས་ཟུང་འབྲེལ་བྱས་ནས་དམིགས་བསལ་གྱི་ཕན་ནུས་ལྡན་པའི་བོད་སྨན་ཁག་གཅིག་ཞིབ་འཇུག་བྱས་ནས་བཟོས་པ་རེད།