ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཕིང་ཙག་ཆུང་ཆུང་གཅིག་གིས་ང་ཚོའི་འཚོ་བར་ཕན་ཐོགས་ཆེན་པོ་ཐོན།

སྤེལ་དུས 2018-05-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          ད་ཆ་ང་ཚོས་ཕིང་ཙག་བེད་སྤྱོད་ཚད་ཉུང་ནས་ཉུང་དུ་འགྲོ་གི་ཡོད། ཡིན་ནའང་དེས་ང་ཚོའི་འཚོ་བར་ཕན་ཆེན་པོ་ཐོགས་ཀྱི་ཡོད།
01འཁྱག་སྒམ་ལ་གློག་ཡོད་མེད་ལྟ་ཐུབ།
          ཚ་བ་ཆེ་བའི་དུས་སམ་ཡང་ན་ཐག་རིང་དུ་སྐྱོད་སྐབས། ང་ཚོས་ཆུ་དཀར་ཡོལ་གང་དང་ཕིང་ཙག་གཅིག་གིས་འཁྱག་སྒམ་གི་གློག་བརྟན་པོ་ཡོད་མེད་ལྟ་ཐུབ་ཀྱི་ཡོད།
          གོ་རིམ་དང་པོ། གྷི་ལ་སིར་ཆུ་གང་བླུགས་ཏེ་འཁྱག་སྒམ་ནང་ཁྱགས་པ་གཏོང་དགོས། དེ་རྗེས་ཕིང་ཙག་ཁྱགས་པའི་ཐོག་བཞག་ནས་མུ་མཐུད་འཁྱག་སྒམ་དུ་བླུགས་དགོས།
          གོ་རིམ་གཉིས་པ། ཡུན་རིང་པོ་སོང་རྗེས་འཁྱག་སྒམ་ནང་གི་ཕིང་ཙག་དེ་མུ་མཐུད་ཁྱགས་པའི་ཐོག་ཡོད་ན་འཁྱག་སྒམ་གྱི་གློག་རྒྱུན་ལྡན་ཡིན་པ་མཚོན་པ་དང་། གལ་སྲིད་ཕིང་ཙག་དེ་ཁྱགས་པའི་དཀྱིལ་ལམ་ཡང་ན་མཐིལ་དུ་ཡོད་ན་གློག་ཤི་བ་མཚོན་པས། ཟས་རིགས་ཁག་གཅིག་ཧམ་བུ་བརྒྱབ་མིན་ལ་ལྟ་དགོས།
02སིང་སིང་ཁུག་ཁུག་གཙང་སེལ་ཐུབ་པ།
          རྣམ་ཀུན་ང་ཚོས་གཙང་སྦྲ་བྱེད་སྐབས་སིང་སིང་ཁུག་ཁུག་ཚང་མར་གཙང་སྦྲ་བྱེད་ཁག་པོ་ཡོད། དེའི་སྐབས་ང་ཚོས་ཕིང་ཙག་ཅིག་རྐང་ཤུབས་དང་ཕྱིས་རས་ནང་བསྒྲིལ་ནས་ཕྱིས་ན་གཙང་མ་བཟོ་ཐུབ།
03ཤིང་ཏོག་གི་ལྤགས་པ་བཤུ་བདེ་རུ་འགྲོ་བ།
          ཤིང་ཏོག་ཞུ་མཁན(枇杷)མི་རྣམས་ཀྱིས་དགའ་པོ་བྱེད་པའི་ཤིང་འབྲས་ཀྱི་གྲས་ཤིག་རེད། ཡིན་ནའང་ལྤགས་པ་བཤུ་ཁག་པོ་ཡོད། སྐབས་དེ་དུས་ང་ཚོས་ཕིང་ཙག་ཅིག་ཁྱེར་ནས་ཞུ་མཁན་གྱི་ངོས་ལ་དྲད་ཙམ་བྱས་ན་ལྤགས་པ་བཤུ་བདེ་རུ་འགྲོ་གི་ཡོད།
04དངོས་པོ་ལྗིད་པོ་འགྱོག་སླ་བ།
          འགྱིག་ཤོག་ནང་དུ་དངོས་རྫས་ལྗིད་པོ་བླུག་ནས་ཡུན་རིང་ཁུར་ན་སྦར་མཐིལ་དམར་པོ་ཆག་གི་ཡོད། དེའི་དུས་སུ་ང་ཚོས་ཕིང་ཙག་གཉིས་བཏོན་ནས་འགྱིག་ཤོག་གི་ལག་པ་འཇུ་སར་བཅུག་ཏེ་བསྒྲིམས་ཚེ་འཁྱེར་བདེ་རུ་འགྲོ་གི་ཡོད།
05མེ་ཏོག་སོས་པོར་སྡོད་ཐུབ་པ།
          མེ་ཏོག་གི་རྩ་བ་ཆུར་སྦོང་བ་དང་ཆབས་ཅིག་ཆུའི་ནང་དུ་ཕིང་ཙག་ལྔ་དང་ཤེལ་ཀ་ར་བླུགས་ཚེ། ཕིང་ཙག་གི་གྲུབ་ཆའི་ཟངས་རྒྱུས་འབུ་ཕྲ་འགོག་ཐུབ་པས་མེ་ཏོག་ཡུན་རིང་སོས་པོར་སྡོད་ཐུབ།
06མོ་ཊའི་འཁོར་ལོའི་རི་མོ་རྫོགས་མིན་ལྟ་ཐུབ།
          ཕིང་ཙག་གཅིག་ཁྱེར་ནས་འཁོར་ལོའི་རི་མོའི་སྲང་ལ་བཅུག་སྟེ་ལྟ་དགོས། གལ་སྲིད་ཕིང་ཙག་གི་ཕྱེད་ཀ་ཡན་ཕྱིར་འདོན་ན་འཁོར་ལོའི་རི་མོ་མང་པོ་ཟད་པས་ངེས་པར་དུ་བརྗེ་པོ་རྒྱག་དགོས།
07ཐག་པ་གཅོད་ཐུབ་པ།
          ཕིང་ཙག་གཉིས་ཀྱིས་ཐུམ་རྒྱག་གི་ཐག་པ་གཅོད་ཐུབ། ཕིང་གཉིས་ཁྱེར་ནས་འགྱིག་ཐག་གི་གཞོགས་གཉིས་སུ་དམ་པོར་གཏུག་སྟེ་ཤུགས་ཀྱིས་འཐེན་ན་གཅོད་ཐུབ་ཀྱི་ཡོད་ལ། འགྱིག་ཐག་གཅོད་དུས་ཀྱང་ཐབས་ཤེས་འདི་སྤྱད་ཆོག
08ཐུམ་རྒྱག་འགྱིག་ཤོག་དབྲལ་ཐུབ་པ།
          འདྲེད་བརྡར་ཤོར་སླ་བ་དང་དབྲལ་ཁག་པའི་ཐུམ་རྒྱག་འགྱིག་ཤོག་ཡོད་དུས་ཕིང་གཉིས་ཁྱེར་ནས་འགྱིག་ཤོག་གི་གཞོགས་གཉིས་སུ་དམ་པོར་བཟུང་ཏེ་ག་ལེར་འཐེན་ན་དབྲལ་ཐུབ།