དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ཀྱི་གསོ་བ་རིག་པའི་གཞུང《འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་མིང་གཞུང》དུ་བདམས་པ།

སྤེལ་དུས 2018-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
            བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉིན་ཤས་གོང་། བོད་ཀྱི་གསོ་བ་རིག་པའི་གཞུང《རྒྱུད་བཞི》 《འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མིང་གཞུང》དུ་བདམས་པ་ལས་བོད་ཀྱི་གསོ་རིག་གི་མཚན་སྙན་སྔར་བས་ཆེ་རུ་སོང་བ་དང་། བོད་ཀྱི་གསོ་རིག་དར་འཕེལ་ལ་རྒྱལ་སྤྱི་ཅན་གྱི་སྤེལ་རེས་སྟེགས་བུ་ཞིག་ཀྱང་མཁོ་འདོན་བྱས་པ་རེད། འཛམ་གླིང་དྲན་ཤེས་ཀྱི་འདུ་འགོད་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་1992ལོར་སྒྲུབ་འགོ་ཚུགས་པ་དང་དེའི་དམིགས་ཡུལ་ནི་འཛམ་གླིང་གི་དོན་སྙིང་ལྡན་པའི་ཡིག་ཆ་ཤུལ་བཞག་སྲུང་སྐྱོང་དང་། ཉར་ཚགས། བེད་སྤྱོད། ཁྱབ་གདལ། སྔོག་འདོན་བཅས་བྱ་རྒྱུ་དང་། རྒྱལ་ཁབ་དང་ས་ཁུལ་གྱི་དོན་སྙིང་ལྡན་པའི་ཡིག་ཆ་ཤུལ་བཞག་ལ་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་དེར་སྣང་ཆུང་མི་བྱེད་པར་འདྲ་མཉམ་ངང་བེད་སྤྱོད་གཏོང་བའི་ཆེད་དུ་ཡིན་པ་རེད།
            《རྒྱུད་བཞི》ནི་དུས་རབས་8པར་བོད་ཀྱི་གསོ་རིག་མཁས་ཅན་སྐད་གྲགས་ཅན་གཡུ་ཐོག་ཡོན་ཏན་མགོན་པོས་ལོ་20ཙམ་གྱི་རིང་སྒྲིག་རྩོམ་བྱས་པ་ཞིག་ཡིན་པར་གྲགས་པ་དང་། བོད་ཀྱི་གསོ་རིག་གི་ཤེས་བྱ་ཀུན་བཏུས་ཞེས་པའི་མཚན་སྙན་ཡོད། དེ་ཉིད་སྔ་རྗེས་སུ་དབྱིན་ཇི་དང་། འཇར་མན། མོང་གོལ། རི་པིན། ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོའི་ཡི་གེར་བསྒྱུར་ཡོད་ཅིང་། 2015ལོར་《ཀྲུང་གོའི་ཡིག་ཚགས་ཡིག་ཆའི་ཤུལ་བཞག་མིང་གཞུང》ཁག་ལྔ་པའི་ནང་དུ་བདམས་པ་རེད།
            “ཉེ་བའི་ལོ་ཤས་རིང་། ཏང་དང་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་གསོ་རིག་ལ་འཛིན་སྐྱོང་སྤེལ་གསུམ་ནུས་ལྡན་ཐུབ་ཡོད། 《གསོ་རིག་རྒྱུད་བཞི》བདེ་བླག་ངང་བདམས་ཐོན་བྱུང་བ་དེས་བོད་ཀྱི་གསོ་རིག་ལ་འཛམ་གླིང་གིས་ཁས་ལེན་རྒྱ་ཁྱབ་བྱེད་པ་མཚོན་གྱི་ཡོད་པ་དང་། འཛིན་སྐྱོང་སྤེལ་གསུམ་སྔར་བས་བྱེད་ངེས་ཡིན་པའང་མཚོན་གྱི་ཡོད”ཅེས་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་པད་མ་གཡང་སྒྲོན་གྱིས་བཤད།