ས་འདིར་སིབ་བིའི་རིམས་ནད་ཐོན་ནས་བྱིས་པ་བརྒྱ་ལྷག་ཚེ་ལས་འདས།
སྤེལ་དུས 2022-05-23
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་19ཉིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་པ་ཏ་ཧོ་ཧྲང་མངའ་སྡེའི་འཕྲོད་བསྟེན་སྡེ་ཁག་གིས་ས་གནས་དེ་གར་སིབ་བིའི་རིམས་ནད་ཚབས་ཆེན་ཐོན་པ་བསྟན་འདུག འདས་ཟིན་པའི་ཟླ་བ་3རིང་མངའ་སྡེ་དེར་ཁྱོན་བྱིས་པ་113རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་3400ལྷག་ལ་ནད་དུག་འགོས་ཡོད་པ་རེད།
སིབ་བིའི་རིམས་ནད་བྱུང་བ་དེས་པ་ཏ་ཧོ་ཧྲང་མངའ་སྡེའི་སྡོད་དམངས་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། ས་གནས་དེ་གའི་སྡོད་དམངས་ཀྱིས་སྲིད་གཞུང་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་རིགས་དེ་རིགས་ཐག་གཅོད་ནན་པོ་བྱས་ནས་མུ་མཐུད་ཁྱབ་མཆེད་འབྱུང་བ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཨ་ཧྥུ་ཀ་ནི་སི་ཐན་དུ་ཉེ་བའི་ལོ་ཤས་རིང་སིབ་བིའི་རིམས་ནད་ཐོན་ཚད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེ་སྔོན་ཨ་ཧྥུ་ཀ་ནི་སི་ཐན་གྱི་སིབ་བིའི་ནད་འགོས་པའི་མི་གྲངས་མགྱོགས་མྱུར་ཇེ་མང་དུ་འཕར་འགྲོ་བས། དེས་འཚོ་བཅུད་མི་འདང་བའི་བྱིས་པ་ས་ཡ་ལྷག་གི་ཚེ་སྲོག་དང་བདེ་ཐང་ལ་གནོད་འཚེ་ཕོག་སྲིད་ཅེས་བསྟན་ཡོད།